གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༡༤ཉིན།

དོན་དངོས་དང་མཐུན་པར་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏང་དགོས།

        ཉེ་ཆར། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ལི་ལའང་ཀྲང་གིས་བརྟག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་། ཆེད་དུ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། བོད་ལུགས་གསོ་རིགས་དང་བོད་སྨན་རྒྱུན་འཛིན་སྐོར་ལ་བརྟག་ཞིབ་གནང་།
        བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ཁུལ་བོད་སྨན་ཁང་དང་དཔེ་མཛོད་ཁང་། མི་རིགས་དངོས་མང་བཤམས་སྟོན་ཁང་སོགས་སུ་བརྟག་ཞིབ་དུ་ཕེབས་པར་མ་ཟད་འབྲེལ་ཡོད་ཚོགས་འདུ་འཚོགས།
        ཚོགས་ཐོག་ཏུ། འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུ་ལ་ཞིབ་བཤེར་གྲོས་མོལ་བྱས། སྙན་ཞུ་ལས་བསྟན་དོན། རང་རྒྱལ་གྱིས་འབྲེལ་ཡོད་ལས་དོན་སྡེ་ཚན་ལས་ཁུངས་ཀྱི་ཀྲུང་ཧའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལས་གཞིའི་སྲིད་ཇུས་སོགས་ལག་བསྟར་བྱེད་ཚུལ་ལ་བརྟག་ཞིབ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།  བོད་ལུགས་གསོ་རིགས་དང་བོད་སྨན་རྒྱུན་འཛིན་སྐོར་ལ་ཞིབ་འཇུག་དང་སྲུང་སྐྱོབ་སོགས་ཀྱི་རིན་ཐང་སོགས་གྲོས་མོལ་བྱས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1