གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༣ཉིན།

རྔ་བའི་ཁྱད་ལྡན་ཐོན་རྫས་ཐད་ཀར་ཁྲེན་ཏུའུ་ལ་འགྲེམ་འཚོང་བྱེད་ཐུབ་པ་རེད།

        ཉེ་ལམ། རྔ་བ་ཁུལ་དང་ཁྲེན་ཏུའུ་གྲོང་ཁྱེར་གྱིས་མཉམ་འབྲེལ་སྒོས་སྐབས་གསུམ་པའི་ཞིང་ལས་ཐོན་རྫས་ཀྱི་སྦྲེལ་མཐུད་བྱེད་སྒོ་སྤེལ།

        ཁྲེན་ཏུའུ་གྲོང་ཁྱེར་ཚོང་དོན་ཨུ་ལྷན་དང་རྔ་བ་ཁུལ་ཚོང་དོན་ཅུས། ཞིང་ཕྱུགས་ལས་ཅུས་བཅས་ཀྱིས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་སྔོག་འདོན་བྱས་ཏེ་ཚོང་དོན་གྱིས་དམངས་ལ་ཁེ་ཕན་བསྐྲུན་པའི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་སྦྲེལ་མཐུད་མཉམ་ལས་གསར་པར་འཚོལ་ཞིབ་བྱས། དོན་དངོས་དང་མཐུན་པར་རྔ་བ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་བཙོང་དཀའ་བའི་གནད་དོན་དང་ཁྲེན་ཏུའུ་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་ལྷད་མེད་ཐོན་རྫས་ཉོ་དཀའ་བའི་གནད་དོན་ཐག་གཅོད་བྱས། 

         ཐེངས་འདིའི་བྱེད་སྒོའི་ཁྲོད། རྔ་བ་ཁུལ་གྱི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་འགའ་ཡིས་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཚོང་ཁང་དང་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་པར་མ་ཟད། བྱེད་སྒོར་ཞུགས་པའི་སྐུ་མགྲོན་དག་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཁུལ་དང་གློག་ཚོང་རྟེན་གཞི་སོགས་ལ་ཕྱིན་ནས་རྒྱུས་ལོན་དང་སློབ་སྦྱོང་བྱས།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1