རྟའུ་རྫོང་དཀར་མཛེས་ཁུལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་ས་ཁམས་མཚོན་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་དཔེ་སྟོན་ཁུལ་དུ་གྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        རྟའུ་རྫོང་གི་ཙོང་ལ་གཞན་མཚུངས་མ་ཡིན་པའི་བྲོ་བ་ཁྱད་པར་བ་ཞིག་ལྡན་པས་བོད་ཁུལ་གྱི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ཡིན་ནའང་། དུས་ཡུན་རིང་བོར། རྟའུ་ཡི་ཙོང་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རང་འདེབས་རང་སྤྱོད་བྱེད་པ་གཙོར་འཛིན་ཞིང་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཡང་རང་ཁྱིམ་གྱི་སྒོ་ཁའི་ར་བ་ཙམ་ལས་བརྒལ་ཐུབ་མེད། ད་ལོར་རྟའུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལེ་བར་བརྒྱའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཤིང་རྟའུ་ཡི་ཙོང་ནི་ཁྱད་ལྡན་ཐོན་ལས་ཁྲོད་ཀྱི་གཅིག་ཏུ་གྱུར།  རྟའུ་རྫོང་གིས་ མ་ཟུར་ཡུལ་ཤོག་སྐུན་བུ་སྡེ་བའི་ཙོང་གི་རྟེན་གཞི་རུ་དཀར་མཛེས་བོད་ཁུལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་ས་ཁམས་མཚོན་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས། 

        རྒྱུས་ལོན་བྱུང་བ་ལྟར་ན། 2004ལོར་རྟའུ་རྫོང་གི་ཙོང་ལ་ཞིང་ལས་པུའུ་ཡི་ཞིས་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ལྟེ་གནས་ཀྱིས་གནང་བའི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་བདེན་དཔང་ཐོབ་པ་དང་། 2014ལོར་རྒྱལ་ཁབ་རྒྱུ་སྤུས་ལྟ་སྐུལ་དང་ནད་ཡམས་རྟོག་ཞིབ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྟའུ་རྫོང་གི་ཙོང་རྒྱལ་ཁབ་ས་ཁམས་དཔེ་མཚོན་སྲུང་སྐྱོབ་ཐོན་རྫས་སུ་གྱུར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1