༄༅། །ཨ་རིའི་དྲིན་དྲན་དུས་ཆེན་གྱི་འབྱུང་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-28


      སྤྱི་ཟླ་11པའི་ཚེས་27ཉིན། ཨ་མེ་རི་ཁའི་མི་མང་པོ་ཞིག་གིས་བཤད་རྒྱུར། དྲིན་དྲན་དུས་ཆེན་ནི་ཁོ་ཚོར་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བའི་དུས་ཆེན་ཞིག་ཡིན་ཟེར། དེ་ཡང་དྲིན་དྲན་དུས་ཆེན་གྱི་བྱུང་ཚུལ་ལ་བཤད་སྟངས་མི་འདྲ་བ་མང་པོ་ཡོད་ཀྱང་། ཡོངས་གྲགས་སུ་ཡོད་པའི་བཤད་ཚུལ་ཞིག་ནི། ཆེས་ཐོག་མར་མེ་གླིང་སྐམ་ས་ཆེན་པོ་རུ་ཡོང་བའི་དྭངས་གཙང་ཆོས་ལུགས་པ་དག་གིས་ས་གནས་ཨིན་དིའི་མི་ཡི་རོགས་རམ་བྱས་པར་དྲིན་གཟོ་བའི་ཆེད་དུ་ཡིན་ཞེས་པ་དེ་རེད། དུས་རབས་19བར་སླེབས་རྗེས། དྲིན་དྲན་དུས་ཆེན་དེ་རྒྱལ་ཡོངས་རང་བཞིན་གྱི་གཏན་འཁེལ་གྱི་ངལ་གསོའི་ཉིན་མོ་རུ་གྱུར།


      དྲིན་དྲན་དུས་ཆེན་གྱི་བྱུང་ཚུལ་ཐད་ནས། ཆེས་རྒྱུགས་ཆེ་བའི་བཤད་ཚུལ་ཞིག་ནི་1621ལོར་མ་ས་ཀྲུའུ་སའེ་མངའ་སྡེ་ནས་སྐམ་སར་བུད་པའི་དྭངས་གཙང་ཆོས་ལུགས་པ་དང་ས་གནས་ཨིན་དིའི་མི་དང་ལྷན་དུ་སྟོན་བསྡུའི་དགའ་སྟོན་ལ་རོལ་ནས། ཨིན་དིའི་ཨན་མི་ཚོས་ཁོ་ཚོར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། རྒྱུ་མཚན་ཨིན་དིའི་མི་འདི་དག་གིས་རོགས་རམ་བྱས་མེད་ཚེ། ཁོ་ཚོ་སྐམ་སར་བུད་པའི་ལོ་དང་པོ་ནས་འཚོ་ཐུབ་མེད་པར་བཤད། དེ་བས་ཐེངས་དེའི་དགའ་སྟོན་གྱི་ཉིན་མོ་དེ་དེ་རིང་གི་དྲིན་དྲན་དུས་ཆེན་དུ་གྱུར་པ་རེད། ཡང་བཤད་ཚུལ་གཞན་པ་ཞིག་ཡོད་པ་ནི། 1619ལོར། གྲུ་དཔོན་ཝུའུ་ཏེ་ལི་ཧྥུ་ཡིས་མི་36གི་སྣེ་ཁྲིད་དེ་ཧྥོར་ཅི་ཉི་ཡ་ནས་སྐམ་སར་བུད་ཅིང་། དེ་ནས་ལོ་རྒྱུས་ཐོག་གི་དྲིན་དྲན་དུས་ཆེན་ཐེངས་དང་པོ་བྱུང་བ་རེད་ཟེར།

      1941ལོར། ཨ་རིའི་རྒྱལ་ཚོགས་ཀྱིས་ཁྲིམས་དོན་གྲོས་གཞི་བརྒྱུད། སྲིད་འཛིན་རོ་སེ་ཝེལ་གྱིས་ཆོག་མཆན་བཀོད་པ་ལྟར། དྲིན་དྲན་དུས་ཆེན་དེ་སྤྱི་ཟླ་11པའི་ཚེས་27ཉིན་ལ་གཏན་འཁེལ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1