༄༅།།རྒད་པོ་ཞིག་གིས་མར་ཞིག་བཞག་ནས་བྲོས་སོང་།

གླག་ཀུན་བཟང་བསོད་ནམས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 04-02


ཤ་ཉོ་ནི་མེད་ན་བཙོང་ནི་མེད།།

རྒྱུ་སྦྱིན་ནི་མེད་ན་ལེན་ནི་མེད།།

   སྤྱིར་རྒྱུ་ཟ་ཟས་འཐུང་བཙོག་གི་ར།།

རྒྱུ་སྦྱིན་རྒྱུ་དེ་ཡང་མི་ཡག་ཁི།།

    ཕྱིས་གྲོགས་ཡིན་ཟེར་ནས་རྒྱུ་སྦྱིན་གི།

      རྗེས་རོགས་དགོས་ཟེར་ནས་རྒྱུ་སྦྱིན་གི།

    ཁྱོད་དཀའ་ཐལ་ཟེར་ནས་རྒྱུ་སྦྱིན་གི།

  ཁྱོད་ཚེ་རིང་ཟེར་ནས་རྒྱུ་སྦྱིན་གི།

     ཉ་བཙོང་ནས་རང་ཁ་གསོ་ནི་ཚོར།།

       ཉ་སྲོག་བླུ་བྱས་ནས་ངན་བསླབས་འདྲ།།

     རྒྱུ་ཅི་འདོད་ཟ་བའི་ལས་བྱེད་ཚོ།།

         རྒྱུ་སྦྱིན་མཁན་འགའ་ཡིས་བྲིད་པ་འདྲ།།

         ཁྱོད་ཅི་འདྲའི་གཙང་མ་ཡིན་ན་ཡང་།།

       སྐབས་སྐབས་སུ་ཨུ་ཚུགས་མི་དོ་འི།།

           མནའ་བསྐྱལ་ན་ཚུར་ལ་མནའ་བསྐྱལ་འི།།

       ངོ་ནག་ན་བཞག་ནས་བྲོས་འགྱོ་འི།།

        དབང་ཆུང་ཆུང་ཅན་གྱི་ལས་བྱེད་ལ།།

        མར་སྦྱིན་མཁན་མང་པར་བལྟས་པ་ན།།

       དབང་ཅུང་ཟད་ཡོད་པའི་དཔོན་པོ་ལ།།

   ཅི་འདྲ་འདྲའི་རྒྱུ་ཞིག་སྦྱིན་གི་མེད།།

      དཔོན་ཞིག་ལ་གནོད་པ་བྱ་བསམ་ནས།།

      དེའི་དངུལ་བྱང་ཐོག་ལ་སྒོར་མོ་བརྒྱབ།།

      དེའི་རྗེས་སུ་ཁྲིམས་ལ་གཏུགས་པ་སོགས།།

  དུས་དེང་སང་གོ་རྒྱུ་མང་མང་རེད།།

  དོན་ངོ་མར་དཔོན་ཡག་མང་པོ་ཞིག།

   རྒྱུ་བཟའ་འདོད་མེད་རུང་རྒྱུ་བྱིན་ནས།།

   ལག་ལྕགས་ཕོར་ཐང་ལ་བརྒྱབ་པ་དང་།།

   དབང་མགོ་རྔ་བརྗེས་པ་མང་ཚོད་རེད།།

ཡང་ལ་ལར་མར་རྡོག་ཙམ་བྱིན་ན།།

    ངན་ལོབས་ནས་མར་རྡོ་བཟའ་སྣང་སྐྱེས།།

དེའི་རྗེས་སུ་རྒྱུ་ཆེན་ཟ་སྣང་སྐྱེས།།

ཚམཐར་བཙོན་དུ་ལྷུང་བ་མང་ཚོད་རེད།།

མྱི་ཟེར་རྒྱོ་རྒྱུ་ལ་ཐུག་བཞག་དུས།།

ཁྱི་རྒྱ་ལུ་རུས་པར་ཐུག་པ་བཞིན།།

  སེམས་བསམ་པ་ཅིག་གིས་རབ་བཟི་སྟེ།།

ལས་ཅི་ཞིག་ཡིན་ཡང་ལས་ས་འགི།

མར་རྒྱ་མ་གང་གིས་མི་གཤིས་འགྱུར།།

ཤ་རྐང་པ་གཉིས་ཀྱིས་མི་ཚེ་བརླག།

འབྲས་དོ་པོ་གསུམ་གྱིས་མྱི་རྐུབ་འབུད།།

དེར་གཟབ་གཟབ་གྱིས་ཨང་རོགས་པ་ཚོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1