དར་མདོ་རྫོང་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་ཐོབ་ནས་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་ཐོག་མར་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 03-06


          ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་དམངས་སྲིད་སྡེ་ཁག་གིས་2015ལོའི་ཟླ་བ་2པའི་ཚེས་17ཉིན་དམངས་སྲིད་འཕྲིན་ཡིག་2015ལོའི་ཡིག་ཆ་ཨང་70པ་ལས་དར་མདོ་རྫོང་མེད་པ་བྱས་ནས་གྲོང་ཁྱེར་འཛུགས་པར་ཆོག་མཆན་ཐོབ་པ་རེད། ཡིག་ཆ་ལས་མངོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད། རྫོང་རིམ་པའི་དར་མདོ་གྲོང་ཁྱེར་ནི་སྔོན་མའི་དར་མདོ་རྫོང་གི་སྲིད་འཛིན་ས་ཁོངས་ཏེ་དར་མདོ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་མ་ཟད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དོ་དམ་ཁོངས་སུ་གཏོགས་དགོས་ཤིང་། འདི་ཡང་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་ཐོག་མ་དེ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1