ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་ཁའི་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-08


  

ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གནོད་སེལ་རྒུད་སྐྱོབ་ལས་ཀར་རྟོག་ཞིབ་མཛུབ་སྟོན་གནང་སྐབས། 

སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། གནོད་ཐེབས་མང་ཚོགས་མྱུར་སྐྱོབ་དང་ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་ནན་གྱིས་གསུངས། 

 

 

        ཟླ་9པའི་ཚེས་7ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་གཡག་རྔ་ནས་དཀར་མཛེས་ཁུལ་དུ་ཕེབས་ནས། ཐེངས་འདིའི་ས་འགུལ་གྱི་འགུལ་ཁུངས་འབོ་ཞབས་གྲོང་རྡལ་ནས་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་གནང་པ་དང་། གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཟབ་མོ་བྱས་ཏེ། ཚེ་སྲོག་མྱུར་སྐྱོབ་འོས་འགན་གཙོ་བོར་བཟུང་ནས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་བྱེད་པ་དང་།  ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ནས་གནོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་ཧུར་ཐག་གིས་འགན་སྲུང་བྱ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1