སླར་ཡང་གསོན་ཉམས་ཀྱིས་ཕྱུག་པའི་ཆབ་མདོར་མྱོལ་རོལ་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-14



 


        རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན། ཟླ་9ཚེས་12ཉིན་གྱི་ཐོ་རེངས་ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་བསྒྲགས་སྤེལ་ཏེ། སྤྱི་ཚོགས་ཐོག་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པའི་ཁྱབ་བསྒྲགས་བྱས་པ་རེད།

        དེ་ཉིན་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་ཚོང་གཉེར་བྱེད་འགོ་ཚུགས་པ་དང་། གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་ལྡན་པ། “བཀག་རྒྱ་གློད་པའི”གྲོང་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་ནས་དོན་ཏེ་ཐང་ཆེན་དང་། ཁྲོམ་གཞུང་། ཚོང་ཁང་། སྐྲ་ཁང་སོགས་སུ་བསྐྱོད་པ་བཅས་ལས་ས་མཐོའི་གནའ་གྲོང་དུ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་མཐོང་བྱུང་།

        བཀག་རྒྱ་གློད་པ་ནི་འགོག་ཟོན་བྱེད་མཚམས་བཞག་པ་ཞིག་མིན་ཞིང་། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡཱ་ཏུང་གིས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཀྱི་བླང་བྱ་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་ཁག་ལ་མུ་མཐུད་ཆད་ལུས་མེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དང་སྲུང་སྐྱོང་ཡག་པོ་བྱས་ཏེ་རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ་བཅས་ཀྱི་གྲུབ་འབྲས་བཟང་པོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད། འདི་ནི་ཆབ་མདོའི་གྲོང་མི་ཇ་རྟ་ཐང་ཆེན་དུ་འཆམ་འཆམ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1