༄༅།།རྟ་རྒྱུག་དུས་ཆེན་གྱི་འདུ་འཛོམས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 11-10


བོད་ཟླ་དྲུག་པ་ནི་རྩྭ་ཐང་གི་སྐྱེས་ཕོ་མོ་རྒན་གཞོན་རྣམས་རྟ་རྒྱུག་དུས་ཆེན་ལ་རོལ་བའི་ནམ་དུས་ཡིན། ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་དུ་སྤྲིན་ཚོམ་བུ་ས་ལ་ལྷུང་བ་ལྟར་གུར་དཀར་པོས་ཁེངས་ཤིང་། ཤ་ཤེད་ལེགས་པའི་རྟ་འདོ་བ་དང་། གཟབ་མཆོར་ལེགས་པར་སྤྲས་པའི་འབྲོག་ཕོ་མོ། ད་དུང་ལས་བྱེད་མི་སྣ་སོགས་མ་གྲོས་གཅིག་མཐུན་དུ་གནས་དེར་ལྷན་དུ་འཛོམས་ནས་ལོ་གཅིག་ཐེངས་གཅིག་གི་དབྱར་དུས་ཀྱི་རྟ་རྒྱུག་ལ་དགའ་བས་རོལ་བ་རེད།

0ef634a6-d231-45bf-914a-e9ddb3aff36a.jpg

སྤྱི་ཟླ་7པའི་ཚེས་30ཉིན་ནས་བཟུང་། ནག་ཆུ་ཨ་མདོ་རྫོང་ཚ་མགོས་གོང་མ་གྲོང་ཚོའི་ལས་བྱེད་མི་སྣ་དང་འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་བསུ་བ་ཞུ་བ་དང་སྔོན་ཐོན་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་ཆེད། དུས་ཡུན་ཉིན་བཞི་ཡི་རྟ་རྒྱུག་དུས་ཆེན་འཚོགས་ཤིང་། ཐེངས་འདིའི་རྟ་རྒྱུག་ནང་ཁྱོན་གྲོང་ཚོ་8ཞུགས་ཡོད་ལ། རྒྱུག་ཆེན་དང་རྒྱུག་ཆུང་། སྒོར་རྒྱུག་སོགས་རྣམ་གྲངས་6ཡོད། གཞན་ད་དུང་མི་རྒྱུག་དང་ཐག་འཐེན། རིག་རྩལ་འཁྲབ་སྟོན་སོགས་ཡོད་པ་མ་ཟད། ད་ལོ་ད་དུང་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་གསར་དུ་བསྣན་ཏེ། རྩྭ་ཐང་སྟེང་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་བསམ་བློའི་རྒྱགས་ཕྱེ་གང་མང་བསྩལ་བ་རེད། ལོ་འདི་དག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་འབྲོག་པ་མང་ཚོགས་ཚོའི་འཚོ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཞིང་། རྟ་རྒྱུག་དུས་ཆེན་ཡང་ལོ་རེ་ལས་མ་འདས་པར་གྲ་རྒྱས་ཕུན་ཚོགས་སུ་གྱུར་པ་རེད།

72ff7fd1-8717-44c1-9edb-66b7334fa9d7.jpg

དེ་ཡང་རྟ་གཅིག་ལ་སྒ་གཉིས་དང་མི་གཅིག་ལ་སེམས་པ་གཉིས་མེད་ཅེས་པ་ལྟར། ཐེངས་འདིའི་རྟ་རྒྱུག་དུས་ཆེན་བརྒྱུད་ནས། བྱང་ཐང་གི་ལས་བྱེད་ཕོ་མོ་རྣམས་དང་འབྲོག་པ་རྒན་དར་གཞོན་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་བོད་ལྗོངས་གསར་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པར་བྱས་ཤིང་། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་། ཅང་ཤེས་རྟ་ཕོའི་འགྲན་བསྡུར་འཁྲུག་པོ་བརྒྱུད་ནས་སྤྲོ་སེམས་འཁོལ་པོའི་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པ་གཟབ་རྒྱས་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1