༄༅། །དྲ་ཐོག་ནས་རང་ལ་དམིགས་པའི་གཏམ་འཆལ་མཐོང་ན་ཇི་ལྟར་བྱེད་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18




 གྱོད་གཞི།

        ཉིན་ཞིག་ཞའོ་མིང་གིས་གློ་བུར་དུ་ཞའོ་ལི་ཡིས་དྲ་ཚིགས་ཤིག་ཏུ་རང་ལ་དམིགས་པའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་པར་མ་ཟད། ད་དུང་མཉམ་སྡེབ་ལས་གྲུབ་པའི་འདྲ་པར་མཉམ་དུ་བཞག་ཡོད་པ་མཐོང་། ཞའོ་མིང་གིས་མྱུར་དུ་དྲ་ཚིགས་ལ་འབྲེལ་གཏུག་བྱས་ཏེ་ལམ་སང་འབྲེལ་ཡོད་ཀྱི་ནང་དོན་བསུབ་འཐེན་དགོས་པའི་རེ་བ་བཏོན། འོན་ཀྱང་དྲ་ཚིགས་ཀྱིས་ཞའོ་མིང་གི་རེ་བ་དེ་མཐོང་ཡང་མ་མཐོང་བ་ལྟར་བྱས་ཡོད། ཅུང་མ་འགོར་བར། ཆ་འཕྲིན་དེ་དྲ་ཐོག་ནས་ལྟ་མཁན་མང་ཤོས་ཤིག་ཏུ་གྱུར་ནས་ཞའོ་མིང་གི་ལས་ཀ་དང་འཚོ་བར་གནོད་ཆེན་པོ་བཟོས། ཞའོ་མིང་ལ་ཞའོ་ལི་དང་དྲ་ཚིགས་གཉིས་ཀྱིས་འགན་འཁུར་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད་དམ།

 གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།

        དབང་ཆ་ཡོད་པ་རེད། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་ལྔ་པའི་ནང་གཏན་འབེབས་བྱས་དོན། དྲ་སྤྱོད་བདག་པོས་དྲ་བའི་ཞབས་ཞུ་ལ་བརྟེན་ནས་དབང་གནོད་བྱ་སྤྱོད་སྤེལ་བ་ཡིན་ན། ཁེ་དབང་བདག་པོ་ལ་དྲ་བའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བསུབ་འཐེན་བྱེད་པ་དང་། སྒྲིབ་གཡོགས་རྒྱག་པ། སྦྲེལ་མཐུད་གཅོད་པ་སོགས་ཉེར་མཁོའི་བྱེད་ཐབས་སྤྱོད་དགོས་པའི་བརྡ་སྦྱོར་གཏོང་དབང་ཡོད། བརྡ་སྦྱོར་གྱི་ནང་དུ་དབང་གནོད་གྲུབ་པའི་ཐོག་མའི་དཔང་རྟགས་དང་ཁེ་དབང་བདག་པོའི་ཐོབ་ཐང་དངོས་ཀྱི་ཆ་འཕྲིན་ཡོད་དགོས། དྲ་བའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བརྡ་སྦྱོར་འབྱོར་རྗེས་སུ་བརྡ་སྦྱོར་དེ་དུས་ཐོག་ཏུ་འབྲེལ་ཡོད་ཀྱི་དྲ་སྤྱོད་བདག་པོ་ལ་བརྒྱུད་གཏོང་བྱེད་དགོས་པར་མ་ཟད། དབང་གནོད་གྲུབ་པའི་ཐོག་མའི་དཔང་རྟགས་དང་ཞབས་ཞུའི་རྣམ་གྲངས་གཞི་བཟུང་ནས་ཉེར་མཁོའི་བྱེད་ཐབས་ཀྱང་སྤྱོད་དགོས། དུས་ཐོག་ཏུ་ཉེར་མཁོའི་བྱེད་ཐབས་མ་སྤྱད་པ་ཡིན་ན། རྒྱ་ཆེ་རུ་ཕྱིན་པའི་གནོད་རྐྱེན་གྱི་ཆར་དྲ་སྤྱོད་བདག་པོ་དེ་དང་ལྷན་དུ་ཞོར་འདྲུད་འགན་འཁྲི་འཁུར་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1