༄༅།།ཟ་ཁང་ནང་འདྲེད་ནས་རྨས་ན་སུས་འགན་འཁུར་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21



        གྱོད་གཞི།

        ཁྲེན་ལགས་ཟ་ཁང་ཞིག་ཏུ་ཟ་མ་ཟ་བར་སོང་། དེའི་སྐབས་སུ་གསང་སྤྱོད་ནང་གཟབ་གཟབ་མ་བྱས་པས་འདྲེད་བརྡབ་ཤོར་ནས་རྐང་པ་གཡས་པ་རྨས། སྨན་ཁང་གིས་ལོང་ཚིགས་རུས་པ་ཆག་པའི་བརྟག་དཔྱད་བྱས་འབྲས་བཏོན། ཁྲེན་ལགས་ཀྱིས་ཟ་ཁང་གི་གསང་སྤྱོད་ཀྱི་ས་ངོས་རློན་ཤུད་ཡོད་ལ་འདྲེད་འགོག་བྱ་ཐབས་གང་ཡང་སྤྱད་མེད་པའི་རྐྱེན་གྱིས་རང་ཉིད་འདྲེད་བརྡབ་ཤོར་བ་དང་བདེ་འཇགས་འགན་སྲུང་གི་འོས་འགན་འཁྱོལ་མེད་པས། སྨན་རིན་སྐྱིན་ཚབ་འཇལ་དགོས་པའི་ངོས་འཛིན་བྱས་པ་རེད། ཁྲེན་ལགས་ཀྱི་འདོད་ཚུལ་དེ་ཁྲིམས་མཐུན་ཡིན་ནམ།


        གྱོད་གཞིར་གཞིགས་ནས་ཁྲིམས་བཤད།

        ཁྲིམས་མཐུན་ཡིན། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་བརྒྱད་པ་ལས་གཏན་འབེབས་བྱས་དོན།མགྲོན་ཁང་དང་། ཚོང་ཁང་། དངུལ་ཁང་། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། ལུས་རྩལ་ཐང་། རོལ་རྩེད་གནས་ཁང་སོགས་གཉེར་སྐྱོང་གནས་ཡུལ་དང་སྤྱི་པའི་གནས་ཡུལ་གྱི་བྱེད་མི་དང་དོ་དམ་པའམ་ཡང་ན་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁྱོལ་བར་མི་གཞན་ལ་གནོད་རྐྱེན་བཟོས་པ་ཡིན་ན། དབང་གནོད་འགན་འཁྲི་འཁུར་དགོས། ཕུང་གསུམ་པའི་བྱ་སྤྱོད་ཀྱི་རྐྱེན་གྱིས་མི་གཞན་ལ་གནོད་རྐྱེན་བཟོས་པ་ཡིན་ན། ཕུང་གསུམ་པས་དབང་གནོད་འགན་འཁྲི་འཁུར་པ་དང་། གཉེར་སྐྱོང་བྱེད་མི་དང་དོ་དམ་པའམ་་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁྱོལ་བ་ཡིན་ན། དེར་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། གཉེར་སྐྱོང་བྱེད་མི་དང་དོ་དམ་པའམ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་ཁ་གསབ་འགན་འཁྲི་ཁུར་རྗེས། ཕུང་གསུམ་པར་སྐྱིན་གསབ་བདའ་འདེད་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1