སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-28



        སྡེ་དགེ་ནས་ཐོན་པའི་བོད་ཤོག་གིས་འབུ་དང་བྱི་བའང་འགོག་ཐུབ། སྔོན་མར་སྡེ་དགེའི་བོད་ཤོག་གིས་པར་སྐྲུན་བྱས་པའི་དཔེ་ཆ་ད་ལྟ་ད་དུང་ཆ་ཚང་བར་ཉར་ཚགས་བྱས་ཡོད་པ་ཅུང་མང་བ་དང་། དཔེ་ཆ་ལ་ལ་ལོ་ངོ་བརྒྱ་ཕྲག་ལྷག་འགོར་ཡང་གནོད་སྐྱོན་མེད་པར་ཉར་ཡོད་པ་རེད། ཉེ་ཆར། དཀར་མཛེས་ཁུལ་གྱི་དྲ་གྲགས་པད་མ་ཆོས་མཚོ་བདེ་དགེའི་བོད་ཤོག་སྒྱུ་རྩལ་ལྟེ་གནས་ཀྱི་ཁམས་པའི་རིག་གནས་གླིང་མཛེས་ལྗོངས་ཁུལ་དུ་ཕྱིན་ནས་སྡེ་དགེའི་བོད་ཤོག་གི་དང་འབྲེལ་བའི་རིག་གནས་ལ་རྒྱུས་ལོན་བྱས།

        རྒྱུས་ལོན་བྱུང་བ་ལྟར་ན།  “ཡུལ་སྐོར་ལས་སློབ་སྦྱོང་དང་མྱོང་རོལ་བྱེད་པ”དགོངས་དོན་དུ་འཛིན་པའི་སྡེ་དགེ་རྫོང་ཁམས་པའི་རིག་གནས་གླིང་མཛེས་ལྗོངས་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་རིགས་23དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་། མྱོང་རོལ་བྱེད་ས་33དང་། འཁྲབ་སྟོན་ལྟེ་གནས་ཆེ་གྲས་གཅིག །ཁྱད་ལྡན་ཡུལ་སྐོར་གྱི་པར་ལེན་སའི་ཐང་ཆེན་9བཅས་ཡོད་པར་མ་ཟད། “མཛེས་སྡུག་ཁམས་པའི”གཟུགས་འདས་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་དང་། “སྨན་ཤོར་ལག་ཤེས”རོལ་མྱོང་ལྟེ་གནས། ཐང་ག་དང་བོད་ཤོག་སོགས་ཀྱི་ལས་དོན་ཁང་སོགས་ཡོད། འགྲེམ་སྟོན་ལྟེ་གནས་ལ་ཐོག་ཁང་གཉིས་ཡོད་པ་དང་། དངོས་མང་བཤམས་སྟོན་ཁང་གི་རྣམ་པས་འགྲེམ་སྟོན་དང་ཐོན་སྐྱེད། ཕྱིར་འཚོང་བཅས་ཟུང་དུ་འབྲེལ་ནས་བོད་ཤོག་གི་འབྱུང་ཁུངས་དང་བཟོ་ཚུལ། འཕེལ་རྒྱས་བཅས་གསལ་བོར་ངོ་སྤྲོད་བྱས་ཡོད་པ་རེད།

        “ཚང་དཔལ་སྲོལ་རྒྱུན་བོད་ཤོག་གི་རྒྱུ་ཆ་གཙོ་བོ་རེ་ལྕག་མེ་ཏོག་ཡིན་ལ། རྒྱུ་ཆ་རློན་བཟོའི་ཐབས་ཀྱིས་ཐོན་སྐྱེད་བྱེད་པ་དང་། བཟོ་ཚུལ་ནི་ཐོག་མར་རེ་ལྕག་གི་རྩ་བའི‘ཕྱི་ཤུན་ལེན་པ་དང་། བཤིག་པ། བཙོ་པ། བསྙལ་བ། དག་འཁྲུད། རྒྱུ་ཆ་བཟོ་བ། ཤོག་སྐྱོ་དཀྲུག་པ། ཤོག་སྐྱོ་སྤྱད་དེ་ཤོག་བུ་བཟོ་བ། ཉི་མར་ལྡེ་བ’བཅས་ཀྱི་ལས་རིམ་ཆེན་པོ་དགུ་བརྒྱུད་ནས་གྲུབ་པ་རེད། བོད་ཤོག་དེ་རིགས་གཙོ་བོ་བོད་ཀྱི་ཡིག་གཟུགས་དང་པར་སྐྲུན་ཕྱོགས་སུ་སྤྱོད་བཞིན་ཡོད”པ་དང་། “སྡེ་དགེའི་བོད་ཤོག་ལ་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པས། ཤོག་བུའི་ཁ་མདོག་ཅུང་སེར་ལ་རྩུབ་ཅིང་མཐུག་པས་སྣག་ཚ་འཇིབ་ཚད་ལེགས་ལ། ལྗིད་ཚད་ཡང་བ། མཉེན་གཤིས་ཆེ་བ། ཡུན་རིང་ཉར་ཡང་གནོད་སྐྱོན་མི་འབྱུང་བར་མ་ཟད། ཆུ་འཛིན་དང་བརླན་འགོག་གི་ནུས་བ་ཆེན་པོ་ལྡན་ཞེས་པད་མ་ཆོས་མཚོས་བཤད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1