༄༅།།སན་ཞིང་ཏུའེ་ཡི“མཆོད་ལྷ”དང“རི་དྭགས་ཞལ་གཟུགས་ཀྱི་ལྷ”གཉིས“དུར་ཁུང་བརྒལ”ནས་ལྷུ་འཕྲོད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-04


     སྤྱི་ཟླ་དང་པོའི་ཚེས་2ཉིན། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གསལ་ན། གནའ་རྫས་རྟོག་ཞིབ་རིག་པའི་ཆེད་མཁས་པས་ཨང་ཀི་རྩ་གསུམ་གཟུགས་དབྱིབས་ལག་རྩལ་བེད་སྤྱོད་བཏང་ནས། སན་ཞིང་ཏུའེ་ཡི“མཆོད་འབུལ་དུར་ཁུང”ཨང་3པའི་ཟངས་ཀྱི་དབུ་བུམ་ཕྱག་འབུམ་གྱི་སྐུ་བརྙན་དང“མཆོད་འབུལ་དུར་ཁུང”ཨང་8པའི་རི་དྭགས་གཅན་གཟནཞལ་གཟུགས་ཀྱི་སྐུ་བརྙན་གཉིས་ལྷུ་འཕྲོད་ཐུབ་པ་བྱུང་ཡོད། འདི་ནི་ན་ནིང་དུར་ཁུང་ཨང་8པ་ནས་ཐོན་པའི་དབུ་བུམ་སྦྲུལ་གཟུགས་ཀྱི་སྐུ་བརྙན་དང་སྔོན་གྱི་དུར་ཁུང་ཨང་2པ་ནས་ཐོན་པའི་ཟངས་ཀྱི་བྱ་རྐང་མི་གཟུགས་ཆག་རོ་གཉིས་ལྷུ་འཕྲོད་རྗེས། ད་ཐེངས་ཡང་བསྐྱར་དུར་ཁུང་བརྒལ་བའི་རིག་དངོས་ལྷུ་འགྲིག་མངོན་འགྱུར་བྱུང་བ་རེད།  སན་ཞིང་ཏུའེ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འགོ་གཙོ་རུང་ཧུང་ལིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རིག་དངོས་འདི་གཉིས་ཀ་སན་ཞིང་ཏུའེ་ནས་གསར་དུ་རྙེད་ཅིང་། “མཆོད་འབུལ་དུར་ཁུང”ནས་ཐོན་པའི་འཐུས་ཚབ་རང་བཞིན་ལྡན་པའི་ཟངས་ཆས་ཤིག་རེད་འདུག ། ངོ་སྤྲོད་བྱས་པ་ལྟར་ན། དབུ་བུམ་ཕྱག་འབུམ་གྱི་སྐུ་བརྙན་ལ་སྔོན་ཆད་ཚད་འཇལ་སྐབས་མཐོ་ཚད་ལ་ལི་སྨི་115ཡོད་པ་དང་། རི་དྭགས་ གཅན་གཟན ཞལ་གཟུགས་ཀྱི་སྐུ་བརྙན་གྱི་མཐོ་ཚད་ལ་ལི་སྨི་95ཙམ་ཡོད། གཉིས་ཀ་ལྷུ་བསྒྲིགས་ནས་ཐོན་པའི་རིག་དངོས་གསར་པའི་མཐོ་ཚད་ལ་སྨི་2ཡས་མས་ཡོད་པ་རེད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1