སི་ཁྲོན་ལེང་ཧྲན་གྱིས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-05



        ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡིས་ཡུལ་བབ་དང་བསྟུན་ནས“གཙང་གསུམ”(འབྲི་ཆུ་དང་། ཉག་ཆུ། རྒྱལ་མོ་དངུལ་ཆུ་བཅས་ཡིན)རྒྱུག་ཁུལ་གྱི་ཆུ་གློག་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། རླུང་གློག་དང་འོད་ཤུགས་སོགས་གློག་འདོན་རྟེན་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཆུ་དང་། རླུང་། འོད་བཅས་ཀྱི་ནུས་རྒྱུ་གཙང་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་5872.5ཟིན་པ་དང་། སྐྲུན་བཞིན་པ་དང་སྐྲུན་གྲབས་ཡོད་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2051ལྷག་ཙམ་ཟིན་ཡོད།

འདི་ནི་སི་ཁྲོན་ཞིང་ཆེན་ཧུའེ་ཏུང་རྫོང་དང་ཡུན་ནན་ཞིང་ཆེན་ལུའུ་ཆོན་རྫོང་གི་འབྲེལ་མཚམས་སུ་གནས་པའི་ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་ཡིན་ལ་གློག་འདོན་ཚད་ཆན་ཝ་ཁྲི་1020ཟིན་གྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1