རང་འདུན་པས་གནམ་ལོ་གསར་པ་འདི་ལྟར་བསུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06


        2023ལོའི་གནམ་ལོ་གསར་ཚེས་ལ་ལི་ཐང་རྫོང་ཧོ་རྙིང་ཡུལ་ཤོག་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་རང་འདུན་པས་བྲེལ་འཚུབ་ངང་བྱེད་སྒོ་སྤེལ་བཞིན་འདུག །

        ཞོགས་པའི་ཉི་ཟེར་ས་འཛིན་གྱི་ཁྱོན་ལ་འཕྲོས་པ་དང་བསྟུན་ནས་ཧོ་རྙིང་ཡུལ་ཤོག་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་སྡེ་བ་ལྔའི་རང་འདུན་པ་རྩ་འཛུགས་བྱས་ནས་རྒན་བཀུར་རྒན་བྱམས་ཀྱི་བྱེད་སྒོ་སྤེལ་ཞིང་། ཡུལ་ཤོག་ཡོངས་ཀྱི་ལོ་70ཡན་ལ་སོན་པའི་རྒན་པ་ཚོར་བྱམས་བརྩེ་ངང་འཚམ་འདྲི་བྱས་ཤིང་། རྒན་པ་སོ་སོའི་ཁྱིམ་དུ་སོང་ནས་འཐུང་ཆུ་ལེན་པ་དང་ཁྱིམ་ཕྱགས་བདར་བྱེད་པ། ཉལ་ཐུལ་ཉི་མར་བསྐམས་པ་སོགས་ཀྱི་ལས་ཀ་བསྒྲུབས་པར་མ་ཟད། སྡེ་བའི་གཞུང་ལམ་འགྲམ་གཉིས་དང་མི་ཚོགས་འདུ་སའི་གད་སྙིགས་ཕྱགས་བདར་གྱི་བྱེད་སྒོའང་སྤེལ་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1