ལིས་རྫོང་གི་ཞིང་བས་དཔྱིད་རྨོད་ལ་ལྟ་གོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-03



        ལོ་སར་གྱི་དུས་ཚོད་ཡོལ་བ་དང་ལིས་རྫོང་གི་ཞིང་བ་ཐམས་ཅད་གཅིག་གཅིག་རྗེས་གཉིས་མཐུད་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ལ་ཞུགས། རྨོ་ཞིང་དུ་དཔྱིད་རྨོད་ལ་བྲེལ་བའི་རྣམ་པས་ཁེངས་ཡོད།

        ཞིང་ལས་འཕྲུལ་ཆས་རྙིང་ཚབ་གསར་བརྗེ་བྱས་པས་ཞིང་ལས་དེང་རབས་ཅན་གྱི་གྲུབ་འབྲས་ཀྱིས་ཞིང་དུད་ཁྲི་སྟོང་མང་པོར་སྟབས་བདེ་བསྐྲུན་པ་དང་། འདས་པའི་དཔྱིད་རྨོད་ཀྱི་ལུས་ཤུགས་ངལ་རྩོལ་གྱི་སྣང་ཚུལ་དེ་རིག་ནུས་ཞིང་ལས་སྒྲིག་ཆས་ཀྱིས་ཚབ་བྱས་ཡོད་པས། ལིས་རྫོང་གིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱས་ན་ཁ་གསབ་སྟེར་བ་སོགས་སྲིད་ཇུས་རྒྱབ་སྐྱོར་གྱིས་སྣེ་ཁྲིད་བྱེད་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ལས་འཕྲུལ་བཀོལ་བ་རྒྱ་ཆེར་སྐུལ་སྤེལ་བྱས་ནས་ཞིང་ལས་འཕྲུལ་ཆས་དེ་དེང་རབས་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་ལེགས་པར་བཏོན་དེ། དཔྱིད་རྨོད་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལ་སྣེ་ཁྲིད་སྲུང་སྐྱོབ་བྱས་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1