མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་གིས་སློབ་སྐབས་གསར་བ་བསུས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 02-10



        དཔྱིད་དཔལ་བུ་མོ་མགྲོན་དུ་ཕེབས་པ་དང་མཉམ་དུ། ལོ་གཅིག་གི་སློབ་སྐབས་གསར་བའི་མགོ་བརྩམས།  ཟླ་2པའི་ཚེས་8ཉིན།  ཡུན་རིང་ལ་ལྷིང་འཇགས་སུ་གནས་པའི་སློབ་ར་སླར་ཡང་འདུ་འཛི་ཆེ་བར་གྱུར།  མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་གིས་སློབ་སྐབས་གསར་བ་བསུས།

        མཛོད་དགེ་རྫོང་སློབ་འབྲིང་དུ་སློབ་མ་རྣམས་སློབ་ཐུན་འཚོགས་པར་བྲེལ།   སློབ་གྲོགས་རྣམས་ཀྱིས་ཅོག་ཙེའི་སྟེང་གི་དར་དམར་ཆུང་ཆུང་གཡུག་བཞིན།  ཚང་མས་དྲི་བ་དྲིས་ལན་གྱི་སྒོ་མོ་ཆེར་ཕྱེ་ཞིང་།  དགེ་རྒན་གྱིས་ནག་པང་ངོས་སུ་ཡི་གེ་འབྲི་བཞིན་ཡོད་ལ།  སློབ་གྲོགས་རྣམས་ཀྱིས་སློབ་ཁྲིད་ལ་གཟབ་ནན་གྱིས་མཉན།  ཅོག་ཙེའི་ངོས་སུ་དགེ་རྒན་གྱིས་སྔ་མོ་ནས་སློབ་མ་རྣམས་ལ་གྲ་སྒྲིག་བྱས་པའི་འོ་ཇ་བཞག་ཡོད། ཟླ་2པའི་ཚེས་9ཉིན་གྱི་ཕྱི་དྲོར།  མཛོད་དགེ་རྫོང་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་སློབ་ཁང་འདུ་འཛིས་ཁེངས།

        སློབ་གྲོགས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ།  སློབ་སྐབས་གསར་བར་སྔར་ལས་སྦྱངས་བརྩོན་བྱེད་རྒྱུ་ཡིན་ལ།  བཟའ་མི་རྣམས་ཚེ་རིང་ནད་མེད་ཡོང་བར་སྨོན་ཞེས།  སློབ་སྐབས་གསར་བའི་རེ་སྨོན་ཕན་ཚུན་ལ་བཤད།  2023ལོའི་སློབ་མགོ་གསར་ཚུགས་ཀྱི་སྐབས་འདིར། མཛོད་དགེ་རྫོང་སློབ་འབྲིང་གིས་ཁྱིམ་མི་གསར་བ་བསུས་པ་སྟེ།  སྡེབ་སྒྲིལ་བྱས་རྗེས་དཔལ་སྐྱིད་སློབ་འབྲིང་གི་དགེ་སློབ་ཚང་མ་མཛོད་དགེ་རྫོང་སློབ་འབྲིང་གི་བཟའ་མིར་གྱུར།  ཚང་མས་མཐུན་སྒྲིལ་དང་མཉམ་ལས་མཉམ་འབད་སྒོས།  སློབ་སྐབས་གསར་བ་ལེགས་པར་བསུ་བཞིན་ཡོད།

        མཐའ་ཡས་སྒྲོལ་མ། མཛོད་དགེ་རྫོང་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པའི་སློབ་མ།

        མ་འོངས་པར་སློབ་གྲོགས་ཕན་ཚུན་འཆམ་མཐུན་ཡོང་བ་དང་།  འབྲིང་རྒྱུགས་སྐབས་སུ་རྒྱུགས་འབྲས་བཟང་བོ་ལོན་པའི་རེ་བ་ཆེ།

        བསོད་ནམས་འབྲུག མཛོད་དགེ་རྫོང་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པའི་སློབ་མ། 

        ང་ནི་དང་ཐོག་མཛོད་དགེ་རྫོང་དཔལ་སྐྱིད་སློབ་འབྲིང་གི་སློབ་མ་ཞིག་ཡིན།  ད་ལྟ་ང་མཛོད་དགེ་རྫོང་སློབ་འབྲིང་གི་སློབ་མར་གྱུར།  སློབ་གྲྭར་ཐོག་མར་སླེབས་སྐབས་སློབ་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། སློབ་སྦྱོང་ལ་དཀའ་ངལ་མང་བོར་འཕྲད་སྐབས་དགེ་རྒན་གྱིས་ནམ་ཡང་རོགས་རམ་བྱེད་པས།  ང་རང་ཤིན་ཏུ་དགའ་བྱུང་། ཐེངས་འདིའི་འབྲིང་རྒྱུགས་ཁྲོད་རྒྱུགས་འབྲས་འབུར་དུ་ཐོན་པའི་རེ་བ་ཆེ་ལ།  ང་ཚོའི་སློབ་གྲྭ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་སྨོན།

        དཔྱིད་ཀྱི་དཔལ་མོས་སློབ་སྐབས་གསར་བ་བསུས།  སློབ་གྲོགས་རྣམས་ཀྱིས་2023ལོའི་རེ་སྨོན་གསར་བ་དང་སློབ་སྦྱོང་གི་འཆར་གཞི་གསར་བ་སེམས་ལ་ཉར་ཏེ།  བརྩོན་པ་ཆུ་བོའི་རྒྱུན་བཞིན་སྐྱོང་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1