བདེ་ཆེན་ཁུལ་གྱིས་བོད་ཆུ་ཡོས་ལོའི་ལོ་སར་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-21



        ཟླ་2ཚེས་16ཉིན། བདེ་ཆེན་ཁུལ་ཨུད་དྲིལ་བསྒྲགས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ནས་ཚེས་22ཉིན་དུ་བདེ་ཆེན་ཁུལ་གྱིས་2023ལོའི་བོད་ཀྱི་ལོ་སར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་མཐུན་སྒྲིལ་མེ་ཏོག་གིས་བདེ་ཆེན་ཁུལ་གསར་བསུ་བ་དང་སེམས་པ་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་མངོན། འཛམ་གླིང་གི་སེམས་ཀྱི་ཉི་ཟླར་ལྷན་དུ་འཛོམས། ཞེས་པ་ཡིན།

        བོད་ཀྱི་ལོ་སར་ནི་བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ཞིང་། 2011ལོར་བོད་ཀྱི་ལོ་སར་དེ་སྐབས་གསུམ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་རྒྱུར་ཆོག་མཆན་བཀོད། ད་ལོ་ནི་བོད་རབ་རྒྱན་ཆུ་མོ་ཡོས་ཀྱི་ལོ་སར་ཡིན། ད་ཐེངས་ཀྱི་བྱེད་སྒོ་དེ་ཚོགས་ར་མང་པོ་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་ཏེ། སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གནའ་གྲོང་ཟླ་འོད་ཐང་ཆེན་དུ་ཚོགས་ར་གཙོ་བོ་དང་།  ཝུའེ་ཤིས་རྫོང་དང་བདེ་ཆེན་རྫོང་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་ར་གཙོ་བོར་གཞས་ཞབས་བྲོ་དང་སྐོར་བྲོ། མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་སོགས་འཁྲབ་སྟོན་བྱ་རྒྱུར་མ་ཟད། ད་དུང་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་ལྷན་འཛོམས་དང་རང་ཡུལ་གྱི་གཞས་པས་ཕ་ཡུལ་བསྟོད་གླུ་ལེན་ཞེས་པའི་གླུ་གཞས་དགོང་ཚོགས་ཀྱང་གཉེར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1