ཙུང་ཐུང་འདིས་ཨ་རིར་“ཕྱི་འབྲེལ་གྱི་རྒོལ་གཏམ་”བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-05


        ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་2ཉིན། མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིས་ཉིན་རེའི་ཞོགས་པའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། པའེ་ཏེང་སྲིད་གཞུང་གིས་མོ་ཞི་ཁོ་ཡི་རྩ་འཛུགས་དང་སྒྲིག་གཞི་ཁག་གཅིག་ལ་དཔལ་འབྱོར་ཐད་ཀྱི་རོགས་སྐྱོར་བྱས་པ་དང་། རྩ་འཛུགས་དང་སྒྲིག་གཞི་དེ་དག་གིས་མོ་ཞི་ཁོ་སྲིད་གཞུང་ལ་ཡོངས་བསྒྲགས་ངང་ངོ་རྒོལ་བྱེད་ཀྱི་ཡོད། ལུའོ་ཕེ་སི་ཁོང་ཉིད་ཀྱིས་ཨ་རི་སྲིད་གཞུང་ལ་ཕྱི་འབྲེལ་གྱི་རྒོལ་གཏམ་གཏོང་རྒྱུ་ཡིན། རྒྱུ་མཚན་ནི་ཨ་རི་སྲིད་གཞུང་གིས་མངའ་ཁོངས་ཕྱི་ནས་མོ་ཞི་ཁོ་ལ་ངོ་རྒོལ་བྱེད་པའི་སྲིད་གཞུང་གི་རྩ་འཛུགས་དང་སྒྲིག་གཞི་དག་ལ་རོགས་སྐྱོར་བྱས་པའི་བྱ་སྤྱོད་ཀྱིས་མོ་ཞི་ཁོའི་བདག་དབང་ལ་བཙན་གནོད་བྱས་ཡོད། དེ་ནི་“ཐེ་ཇུས་རིང་ལུགས་ཀྱི་བྱ་སྤྱོད་”ཅིག་རེད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1