ཡོ་རོབ་ཨུ་ཡོན་ལྷན་ཁང་གིས་འཆར་གཞི་འདིར་ཆོག་མཆན་བཀོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-25


        ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་23ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཕོ་ལན་གྱི་ཡོ་སྒོར་དུང་ཕྱུར་10ཙམ་གྱི་རོགས་སྐྱོར་འཆར་གཞིར་ཆོག་མཆན་སྤྲད་དེ། རྒྱལ་ཁབ་དེའི་རྒྱུན་འཁོར་མ་དངུལ་དཀོན་པའི་ཞིང་ལས་ཐོན་སྐྱེད་བྱེད་མཁན་ལ་རྒྱབ་སྐྱོར་བྱས་པ་རེད། འཆར་གཞི་དེ་ནི་ཡོ་རོབ་མནའ་འབྲེལ་གྱི་《རྒྱལ་ཁབ་ཀྱིས་གནས་སྐབས་ཀྱི་ཉམས་ཉེན་ལ་རོགས་སྐྱོར་དང་བར་བརྒལ་འཆར་གཞི་》ལ་གཞིགས་ནས་ཆོག་མཆན་ཐོབ་པ་ཞིག་རེད།

        ད་ཆ། གཏེར་རྫས་རྫས་ལུད་ཀྱི་མ་གནས་འཕར་བར་བརྟེན། ཕོ་ལན་རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཁྲོམ་ར་བརྟན་པོ་མེད་པ་རེད། འཆར་གཞི་དེ་ནི་གཙོ་བོ་དེའི་རྐྱེན་གྱིས་རྒྱུན་འཁོར་མ་དངུལ་དཀོན་པའི་ཞིང་ལས་ཐོན་སྐྱེད་བྱེད་མཁན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། འཆར་གཞི་དེར་གཞིགས་ནས། རོགས་སྐྱོར་དེ་བཅད་གྲངས་ཡོད་པའི་སྒོ་ནས་དངུལ་ཐད་ཀར་སྤྲོད་པ་དང་། ཁེ་ཕན་ཐོབ་མཁན་མི་རེར་རོགས་སྐྱོར་བྱེད་ཚད་ཡོ་སྒོར་ཁྲི་25ལས་བརྒལ་མི་ཆོག་པ་དང་། རོགས་སྐྱོར་གྱི་འཆར་གཞི་ལག་བསྟར་བྱེད་མཚམས་འཇོག་ཡུན་ནི་2023ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1