ཞི་ཅིན་ཕིང་ཧྭ་ཝེ་དབྱིན་ཇིའི་སྤྱི་གཉེར་ཁང་དུ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-24


  

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྭ་ཝེ་དབྱིན་ཇིའི་སྤྱི་གཉེར་ཁང་དུ་གཟིགས་ཞིབ་གནང་།  

  ས་གནས་དེ་གའི་ཕྱིར་དྲོའི་དུས་ཚོད་4དང་སྐར་མ་40ཡི་སྟེང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཧྭ་ཝེ་དབྱིན་ཇི་སྤྱི་གཉེར་ཁང་དུ་ཕེབས། སྤྱི་གཉེར་ཁང་གི་ལས་བཟོ་བ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་ཧྭ་ཝེ་སྤྱི་གཉེར་ཁང་དབྱིན་ཇིར་འཕེལ་རྒྱས་སུ་སོང་བའི་གནས་ཚུལ་སྙན་ཞུ་ལ་གསན། ཧྭ་ཝེས་སྤྱི་གཉེར་ཁང་གིས་འབད་པ་ཆེན་པོས་འདུ་ཤེས་གསར་གཏོད་དང་རྩ་འཛུགས་གསར་སྐྲུན་བྱས་པར་ཁས་ལེན་མཛད། དེ་ནས་ཞི་ཅིན་ཕིང་ཧྭ་ཝེ་སྤྱི་གཉེར་ཁང་གི་འགྲེམ་སྟོན་ཁང་དུ་ཕེབས་ནས་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད། གསར་གཏོད་ཇུས་འགོད་བྱེད་མཁན་གྱི་ལས་བཟོ་བ་དང་ཞལ་བརྡ་གནང་བར་མ་ཟད་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1