འབྱུང་འགྱུར་ལོ་5ཡི་ནང་སི་ཁྲོན་གྱི་དབུལ་པོའི་དུད་ཚང་ཁྲི་168.48ལ་རོགས་སྐྱོར་འགན་འཁུར་བ་རེ་རེ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


    མིག་སྔར། ཞིང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་དཔར་འགྲེམ་བྱས་པའི་《སི་ཁྲོན་ཞིང་ཆེན་གྱི་སྤྱི་ཚོགས་དབུལ་སྐྱོར་ཆེད་དམིགས་ཇུས་གཞི།》ནང་གསལ་པོར་གཏན་ལ་ཕབ་དོན། འབྱུང་འགྱུར་ལོ་5ཡི་ནང་། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་(ཚན་པ)དང་འགོ་ཁྲིད་ལས་བྱེད་པ། ལས་ཁུངས་ཀྱི་ལས་བྱེད་པ་རྣམས་རིམ་དབྱེ་དང་རིགས་དབྱེའི་ངང་རོགས་སྐྱོར་བྱ་ཡུལ་གཏན་འཁེལ་བྱས་ཤིང་། དབུལ་ཕོངས་རྫོང་88དུ་དམིགས་འཛུགས་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་དང་། གྲོང་ཚོ་དབུལ་པོ་11501ཏུ་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ཁྱོན་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱ་རྒྱུ་རེད། གྲོང་ཚོ་རེ་རེར་རྫོང་རིམ་པ་ཡན་གྱི་སྡེ་ཁག་(ཚན་པ)1གིས་རོགས་སྐྱོར་བྱ་རྒྱུ་དང་དུད་ཚང་ཁྲི་168.48ཀྱི་དབུལ་པོའི་མི་འབོར་ཁྲི་497.65ཚང་མར་དུད་ཚང་རེར་རོགས་སྐྱོར་འགན་འཁུར་བ་ཡོད། སྤྱི་ཚོགས་ཀྱི་དབུལ་སྐྱོར་གཙོ་གཟུགས་གཞན་དག་གིས་རང་དབང་སྒོས་དབུལ་སྐྱོར་བྱ་ཡུལ་གཏན་འཁེལ་བྱས་པ་དང་། ཐུན་མིན་གྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། རོགས་སྐྱོར་བྱ་ཐབས་དང་དབུལ་སྒྲོལ་དགོས་མཁོ་ཕན་ཚུན་མཐུན་སྦྱོར་ངང་སྦྲེལ་མཐུད་མངོན་འགྱུར་བྱ་ནས། ཆེས་ཁ་ཚ་དགོས་གཏུག་གི་དཀའ་གནད་ཐག་གཅོད་བྱ་བ་དང་། དབུལ་ཕོངས་གྲོང་ཚོའི་དབུལ་པོའི་དུད་ཚང་གི་ཡོང་སྒོ་བརྟན་པོའི་ངང་འཕར་སྣོན་དང་དབུལ་སྒྲོལ་ཕྱུག་འགྱུར་མངོན་འགྱུར་བྱ་རྒྱུ་རེད། སྤྱི་ཚོགས་ལས་རིགས་ཁག་དབུལ་སྐྱོར་གསར་སྤེལ་ནང་ཞུགས་པའི་མི་མངོན་པའི་ནུས་པ་ཆེན་པོ་སྔར་བས་བསྔོག་འདོན་བྱས་ནས། ལོ་ལྟར་སྤྱི་ཚོགས་དབུལ་སྐྱོར་ལ་དངོས་གནས་དྲང་གནས་ཀྱི་མ་དངུལ་འཇོག་པ་དང་། དབུལ་ཕོངས་གྲོང་ཚོའི་དབུལ་པོའི་དུད་གི་གོང་འཕེལ་ཇེ་མགྱོགས་སུ་གཏང་རྒྱུར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད། 
   སྤྱི་ཚོགས་ཀྱི་དབུལ་སྐྱོར་གཙོ་གཟུགས་ནི་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། དེ་བཞིན་ལས་དོན་སྡེ་ཁག་(ཚན་པ)དང་དམངས་གཙོའི་ཏང་ཤོག བཟོ་ཚོང་མཉམ་ཚོགས། ཀྲུང་དབྱང་གི་སི་ཁྲོན་ན་སྡོད་པའི་ཚན་པ། རྒྱལ་དབང་རྐང་འཛིན་གྱི་ཁེ་ལས་ཆེ་འབྲིང་གྲས། མཐོ་རིམ་སློབ་གྲྭ། ཤར་ནུབ་དབུལ་སྐྱོར་མཉམ་ལས་སྡེ་ཁག སི་ཁྲོན་དུ་བཅའ་སྡོད་བྱས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་དེ་བཞིན་དམངས་གཉེར་ཁེ་ལས། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་སོགས་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1