ཞི་ཅིན་ཕིང་གིས་ཧོ་ལན་གྱི་རྒྱལ་པོ་ཝེས་ལན་ཡ་ལེ་ཧྲན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  སྤྱི་ཟླ་10པའི་ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་གྱི་རྒྱལ་པོ་ཝེས་ལན་ཡ་ལེ་ཧྲན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོ་བའི་གདེང་འཇོག་གནང་། མཉམ་འབྲེལ་མཉམ་རྒྱལ་གྱི་ཡང་དག་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དངོས་དོན་གྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་བསྐྲུན་པར་མོས་མཐུན་བྱུང་། 

  ཞི་ཅིན་ཕིང་གིས་ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་འབད་པ་ཆེན་པོའི་འོག་ཀྲུང་ཧོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཕན་ཚུན་བར་ལ་བརྩི་བཀུར་དང་མཉམ་འབྲེལ་མཉམ་རྒྱལ་ནི་འཕེལ་ཕྱོགས་གཙོ་བོར་གྱུར་འདུག ང་ཚོས་ཐུན་མོང་གིས་གཏན་འཁེལ་བྱས་པའི་དངོས་དོན་གྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཀྲུང་ཧོ་ཕྱོགས་གཉིས་ཀྱིས་ཡིད་ཆེས་ལྡན་པའི་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་འཛུགས་སྐྲུན་བྱེད་པ་དམིགས་སུ་བཟུང་སྟེ་མཉམ་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འགན་སྲུང་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཧོ་ལན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་དང་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་གཙོ་བོར་བཟུང་སྟེ་འཛམ་གླིང་ཞི་བདེ་དང་གཏན་འཇགས། གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ལ་བརྗེ་རེས་བྱེད་པར་ཤུགས་སྣོན་བྱ་ངེས། ཕྱོགས་གཉིས་ཀྱིས་ནུས་པ་སྔོག་འདོན་དང་བཟོ་ཚོང་ལ་ཤུགས་སྣོན། བཟོ་ཚོང་དང་དངུལ་འཇོག་གི་ཁྱབ་རྒྱ་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཀྲུང་གོའི་ཕྱོགས་ནས་ཧོ་ལན་དུ་མཉམ་དུ་དོམ་ཁྲ་སྲུང་སྐྱོབ་དང་དངོས་མང་བཤམ་སྟོན་ཁང་གི་དོ་དམ། རིག་གནས་གསར་གཏོད། གློག་བརྙན་འཕྲིན། སློབ་གསོ། རྩལ་སྦྱངས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཤུགས་སྣོན་བྱ་འདོད་ཅེས་བསྟན། 

  ཝེས་ལན་ཡ་ལེ་ཧྲན་གྱིས་ཀྲུང་གོ་དང་ཧོ་ལན་གྱི་སྲོལ་རྒྱུན་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ནི་ཧོ་ལན་གྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་འདྲ་ནའང་གནས་བབ་གསར་བའི་འོག་ཞིང་ལས་དང་ཕྱུགས་ལས། ཆུ་བེད། དངུལ་རྩ། སྲིད་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་ཆོག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་ལས་འགུལ་དང་རྒྱུན་མཐུད་འཕེལ་རྒྱུས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྒྱལ་སྤྱིའི་གནད་དོན་ལ་གཏིང་ཟབ་པའི་སྒོ་ནས་བརྗེ་རེས་བྱ་དགོས། ཀྲུང་གོའི་བཏོན་པའི་རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་གྲོས་གཞིར་དོན་སྙིང་ཆེན་པོ་ལྡན། ཧོ་ལན་ཕྱོགས་ནས་ཟབ་ཞུགས་དང་མཉམ་འབྲེལ་བྱ་འདོད་པར་མ་ཟད་རྒྱུད་གཅིག་ལམ་གཅིག་གི་སྒྲིག་འགོད་དང་ཡོ་རབ་གླིང་གི་དངུལ་གཏོང་འཆར་འགོད་མཐུད་སྦྲེལ་བྱ་པར་རྒྱབ་སྐྱོར་བྱ་ངེས། ཧོ་ལན་ཕྱོགས་ནས་སློབ་གསོ་དང་རྩལ་སྦྱངས་སོགས་མི་ཆོས་རིག་གནས་དང་འབྲེལ་བའི་བརྗེ་རེས་སྤེལ་བར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོས་ཧོ་ལན་དང་མཉམ་དུ་དོམ་ཁྲ་སྲུང་སྐྱོབ་བྱེད་པར་འཐད་པ་བྱུང་བར་བཀའ་དྲིན་ཆེ། ཧོ་ལན་ཕྱོགས་ནས་ཡོ་རབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཡོ་རབ་མནའ་འབྲེལ་གྱི་ཀྲུའུ་ཞིའི་འགན་ཁུར་སྐབས་བཟོ་ཚོང་རང་དབང་དང་མི་སྣ་འགྲོ་འོང་བྱེད་པར་སྐུལ་འདེད་གཏང་ངེས་ཞེས་བསྟན།

  གྲོལ་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་དངུལ་རྩའི་བཟོ་ཚོང་དང་མཁའ་སྐྱོད། གློག་བརྙན་འཕྲིན། འཕྲོད་བསྟེན། སློབ་གསོ། ཚན་རྩལ། དོམ་ཁྲའི་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ཀྱི་ཡིག་ཆར་མིང་རྟགས་བཀོད།

  གྲོལ་མོལ་འགོ་མ་ཚུགས་པའི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཝེས་ལན་ཡ་ལེ་ཧྲན་ལ་བསུ་མ་བྱེད་པའི་མཛད་སྒོ་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1