ད་ལོར་དཀར་མཛེས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་མི་སྣ5720ཁྱིམ་སྡོད་ལས་ཞུགས་བྱུང་།

བདེ་སྐྱིད་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        ཉེ་ཆར། གསར་འགོད་པས་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  2017ལོར་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མི་སྣ་ལས་ཞུགས་བྱེད་ཚད་ཁྲི3.1ལས་བརྒལ་བར་འགན་ལེན་བྱས་མཐར།  ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣར་ཚད་གཞི་ལྟར་ཞབས་ཕྱི་ཞུ་ཚད་དང་ལག་ཁྱེར་ཁ་པར་ནང་འཇུག་ཚད་བརྒྱ་ཆ95ཡན་ཆད་ལ་ཟིན་པ་རེད། 
        སྔོན་རྩིས་བྱས་ན་ད་ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན5720ཁྱིམ་སྡོད་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ་དང་།  དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པའི་མི་སྣ13032ལ་ནད་གཡོག་ཁ་གསབ་རོགས་དངུལ་སྤྲད་རྒྱུ་དང་།  དབང་པོ་སྐྱོན་ཅན་གྱི་དབུལ་པོ་ཁྱིམ་ཚང50ལ་ཐོགས་གེགས་མེད་པའི་སྒྲིག་ཆས་བསྒྱུར་བཀོད་བྱ་རྒྱུ་རེད།
        ད་ལོར་རང་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་ཀའི་བསམ་ཕྱོགས་ཏེ་གཅིག་ནི་དབང་པོ་སྐྱོན་ཅན་གྱི་དམངས་འཚོ་ལས་གྲྭའི་གཙོ་གནད་མངོན་གསལ་དོད་པོ་བྱས་ཏེ་ཁྱོན་ཡོངས་ནས་ཚད་གཞི་ལྟར་ཞབས་ཞུ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་གཏང་དགོས།  གཉིས་ནི་དབང་པོ་སྐྱོན་ཅན་མི་སྣའི་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ཀྱི་དཀའ་གནད་སེལ་བ་དང་དབང་པོ་སྐྱོན་ཅན་མི་སྣའི་ཞབས་ཕྱིའི་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས།  གསུམ་ནི་དབང་པོ་སྐྱོན་ཅན་མི་སྣར་ཐུགས་ཁུར་བྱ་རྒྱུ་དེ་མང་ཚོགས་ལས་དོན་དང་ཟུང་འབྲེལ་བྱས་ནས་དབང་པོ་སྐྱོན་ཅན་མི་སྣ་འབྱོར་འབྲིང་སྤྱི་ཚོགས་སུ་མགྱོགས་པོར་བསྐྱོད་ཐུབ་པར་བྱ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1