མི་འགྱངས་བར་ཆུ་ཚོད་བཞིའི་ནང་དར་མདོ་ནས་ཁྲེན་ཏུའུ་ལ་ཐོན་ཐུབ་པ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        དུས་ཡུན་ཟླ་གསུམ་གྱི་རིང་ལ་འཛུགས་བསྐྲུན་བྱས་པ་བརྒྱུད་ཁྲོན་བོད་གཞུང་ལམ་གྱི་ཟམ་པ་དང་པོ་དང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་གྱི་སྒྲིག་གཞི་ལེགས་འགྲུབ་བྱུང་ཞིང་སྔོན་གྱི་འཆར་གཞི་དང་བསྡུར་ན་ཟླ་གཅིག་གི་སྔོན་དུ་ལེགས་འགྲུབ་བྱུང་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན་2018ལོར་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད།
        གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཐོག་དང་པོར་ཐད་ཀར་དཀར་མཛེས་ཁུལ་ལ་ཐོན་ཐུབ་པའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་ཞིང་། སྤྱི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་གཞུང་ལམ་ཡོངས་ཀྱི་མཚོ་འཕགས་མཐོ་དམའ་ལ་སྨི་2000ཡོད་པ་རེད། ཟམ་དང་ཕུག་ལམ་གྱི་བསྡུར་ཚད་82%ཡིན་ལ། འདི་ནི་རྒྱལ་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ཆེས་མཐོ་ཞིང་འཛུགས་སྐྲན་བྱེད་པར་དཀའ་ངལ་ཆེས་ཆེ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད། མྱུར་བགྲོད་གཞུང་ལམ་འདི་ཤར་གཏོང་བྱས་རྗེས་ཁྲེན་ཏུའུ་ནས་དར་མདོ་བར་ཆུ་ཚད་4ལས་མི་དགོས་ཤིང་ད་ལྟ་དང་བསྡུར་ན་ཆུ་ཚོད་གཉིས་ཀྱི་དུས་ཡུན་ཇེ་ཐུང་དུ་གྱུར་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1