ཀླུ་མོ། ལག་པ་འཁྱག་པ་དེས་རོལ་མོ་དཀྲོལ་དང་།

ཚྭ། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


ཀླུ་མོ།   ལག་པ་འཁྱག་པ་དེས་རོལ་མོ་དཀྲོལ་དང་།

 

                                                             ཚྭ། (མགོ་ལོག)

 

     ཀླུ་མོ  ཁྱོད་རང་ག་པར་ཡོད

     དུས་ཚོད་ཀྱི་ལྕགས་སྐུད་ཡ་ཡོར་གྱུར་ཟིན

     ད་ནི་ཉི་མའི་གྲོང་ཚོ་འདིར

     ཉིན་མཚན་དུས་དྲུག་གི་ཤོག་ལྷེ་རེ་རེའི་ངོས་སུ་ས་རྡུལ་གྱི་གར་རྩེན

 

     ངས་རང་ཉིད་ཀྱི་སྙིང་ཕྱིར་བཏོན་ཏེ

     དེ་ཡི་ནང་གཉིད་པའི་རོལ་ཆས་རྙིང་བ་དེ་ཡང་བསྐྱར་དཀྲོལ་འདོད་དུས

     རྒྱུད་སྐུད་རེ་རེའི་ངོས་སུ་འཐིབས་པའི་ན་བུན་ཀློང་ན

     ཁྱོད་རང་བཞུགས་ཡོད་པ་མཐོང་བྱུང

 

     ལག་པ  ལག་པ་འཁྱག་པ་དེའི་རྗེས་ཤུལ་གཅིག་པུ་དེས

     ང་ཡི་གྲང་བའི་སྣང་བ་ཡལ་བར་དོར

 

     ཁྱོད་ཀྱིས་རོལ་མོ་དཀྲོལ་རོགས

     ངའི་མི་ཚེའི་ཆུ་ཀློང་འཇིངས་ཀྱི་ལྷ་མོ་དེར་རོལ་མོ་དཀྲོལ་རོགས

 

     ཀླུ་མོ  རྒྱུད་སྐུད་ཀྱི་ན་བུན་ཀློང་ན་བཞུགས་པའི་ཀླུ་མོ

     ང་ལ་དུས་ཚོད་ཀྱི་ལྕགས་སྐུད་དྲང་མོར་བརྐྱང་བའི་རིག་པ་བསྩལ་རོགས་ཀྱེ

 

                                                                 2017.07.23


རྩོམ་ཡིག་སྔོན་མ།
ཡུལ་ལ་ལོག་པ།
རྩོམ་ཡིག་རྗེས་མ།
སྙན་ངག་ཐུང་ངུ་ཁག་བཞི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1