ཁྱོད་ཀྱིས།
དབྱིངས། (མཚོ་ནུབ)
ཁྱོད་ཀྱིས་བར་སྣང་དུ་བརྩིགས་པའི་ཤ་ཁྲག་གི་རི་རབ་མི་མཐོང
ངའི་ལུས་གསེང་གི་མེ་ལོང་ནང་གི་དབྱར་ཁ་མི་མཐོང
སྨག་གི་ངོགས་སུ་འབབ་པའི་ཁ་བ་དཀར་པོའི་ལྕེ་མི་མཐོང
ཁྱོད་ཀྱིས་རུས་གསེང་གི་ཚེར་མ་བསུབ་པའི་རླུང་གི་དུས་ཚོད་མི་མཐོང
ངའི་རེ་སྒུག་གི་ནམ་མཁའ་དམའ་རུ་རྡིབ་པའི་ཉི་ཟླ་ཁེར་རྐྱང་མི་མཐོང
རྩིག་པའི་ནང་དུ་སྐྱེས་པའི་ཉི་ནུབ་དང་ས་སྲོས་ཀྱི་ཐག་པ་མི་མཐོང