གཤེར་རྫིང་དཔྱིད་བསུའི་ཁ་བ།

མའོ་ཙེ་ཏུང་། ཡེ་ཤེས་རབ་གསལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


རྒྱ་ནག་སྐད་དུ། ཆིན་དབྱན་མཁྲེན་བཤེ། བོད་སྐད་དུ། གཤེར་རྫིང་དཔྱིད་བསུའི་ཁ་བ།
དཔལ་དགྲ་ལྷའི་རྒྱལ་པོ་མའོ་ཙེ་ཏུང་ལ་ཕྱག་འཚལ་ལོ།
བྱང་ཕྱོགས་མཛེས་ལྗོངས། །
དཔག་ཚད་སྟོང་ཕྲག་འཁྱགས་ལ་ཟུམ་ཞིང་། །
ཁྲི་དཔག་ཚུན་ཡང་ཁ་བ་ཡུག་ཡུག་འཚུབས་ཏེ། །
ལྕགས་རི་རིང་པོའི་ཕྱི་ནང་དུ་བལྟས་ན། །
བརྗིད་རྔམ་ལམ་ལམ། །
གཙང་ཆུ་སྟོད་སྨད་གང་ས་གར་ཡང་། །
རྦ་རླབས་རྒྱུ་འགྲུལ་འཕྲལ་མར་འཇགས་ནས། །
ས་འཛིན་ལྷུན་པོའི་དངུལ་དཀར་སྦྲུལ་གྱི་བྲོ་གར་ལ་རོལ་བཞིན། །
ཐལ་དཀར་གླང་ཆེན་སྟོབས་རྩལ་གྱིས་གཤོགས་ནས། །
ཨ་སྔོན་གནམ་དང་སྟོབས་འགྲན་ཞིག་བགྱི་སྐད། །
ཞོད་འཇམ་ཉིན། །
ལྟོས་དང་ལྭ་བ་དམར་པོ་བེར་སྐྱས་གཡོགས་པ། །
ཅི་འདྲའི་མཛེས་པ་ཨང་། །
རི་དང་ཆུ་བོ་ཅི་འདྲའི་ཡིད་དུ་སྡུག་པ་ལ། །
གྲངས་མེད་དཔའ་བོའི་དབུ་འཕང་སྨད་ནས་རྐེད་པ་འདི་ལ་གུག་པ་ཉིད་དོ། །
སྔོན་ཆད་ཆིན་ཧོང་ཧན་ཝུ་ཟེར་ཡང་། །
སྙན་པའི་ངག་གྱེར་ཅུང་ཙམ་མིན་ནམ། །
ཐང་དང་སུང་གི་ཤིང་རྟའི་སྲོལ་འབྱེད། །
སྙན་པའི་གདངས་ཉམས་ཅུང་ཟད་ཙམ་ཞིག །
ཨ་སྔོན་གནམ་གྱིས་བུ་གཅེས་ལྟར་བསྐྱངས། །
ཇིང་གར་རྒྱལ་པོ། །
གནམ་རུའི་རྒྱུད་ནས་ཉག་ཕྲན་འཕངས་པས་བྱ་གླག་རྒྱང་གཅོད་ཐུར་དུ་འདྲེན་ཙམ། །
སྔོན་སོང་གི་རིང་རེད། །
གཡེར་ཆེན་སྐྱེས་བུ་རྩིས་སུ་འདེབས་པར། །
མངོན་གྱུར་དེང་འདིར་ལྟད་མོ་ཆེ། །
ཞེས་སྙན་ཚིག་འདིའི་ཉམས་ལ་བརྟགས་ན་ཕལ་ཆེར་དངོས་སུ་དེ་ཡི་ཚེ་ཁ་བ་ཆེན་པོ་བབས་པ་ལྟ་བུའི་དངོས་བྲིས་ཤིག་མིན་ངེས་ཏེ། ཕལ་ཆེར་སྙན་ངག་མེ་ལོང་མའི་འགྲེལ་བཤད་དང་ཆ་ཅུང་ཙམ་མཐུན་པ་ཕལ་ཆེར་བསྡུས་བརྗོད་ཟེར་ན་ཧ་ལམ་འགྲིག་པ་ཙམ་གྱི་འགྲོ་ལུགས་ཤིག་རྒྱ་ནག་གི་སྙན་ངག་པ་ཚོའི་ལུགས་སྲོལ་ལ་ཡང་དར་སྲོལ་ཆེ་ཙམ་འདུག །ཕལ་ཆེར་དེ་འདྲའི་ལུགས་ཡིན་སྲིད་ལ། དེ་ཡི་ནང་ནས་ཀྱང་ཐ་དད་མིན་པའི་བསྡུས་བརྗོད་དུ་མི་ཆོག་རྒྱུ་མེད་དོ། །དཔྱིད་ཀྱི་ཁ་བ་ཞུས་རྗེས་དཔྱིད་དཔལ་ཕུན་ཚོགས་གང་སར་འབུས་འོང་བ་ནི་རྒྱུ་དངོས་སུ་བརྗོད་པའི་ཤུགས་ཀྱིས་འབྲས་བུ་ཉམས་ཀྱིས་མཚོན་པ་ཐེ་ཚོམ་མེད་ལ། དོན་ནི་ཆབ་སྲིད་གསར་རྙིང་གི་ས་མཚམས་སྟོན་གྱིན་པའོ། །དེ་ལྟར་མིན་ན་དཔྱིད་ཀར་ཁ་བ་ཅི་ཙམ་བབས་ཀྱང་རི་དང་ཆུ་བོ་འཁྱགས་ཀློང་དུ་འགྲོ་བ་ནི་ཤིན་ཏུ་མི་སྲིད་པ་ཞིག་མིན་ནམ། འོ་ན་རྒྱ་ནག་ཏུ་ཡང་སྙན་ངག་མེ་ལོང་མའི་བསྟན་པ་དར་མྱོང་ངམ་ཞེ་ན། དེ་ནི་རྩད་ཀྱང་མ་ཆོད་ལ་རྗེས་ཀྱང་མ་མཐོང་མོད། རྒྱན་གྱི་ལུགས་སྲོལ་ནི་ཧ་ཅང་མཐུན་པ་མང་དུ་འདུག་གོ །རྒྱ་གར་དང་རྒྱ་ནག་གི་བར་དུ་ནང་བསྟན་ཆོས་ལུགས་སོགས་བརྒྱུད་ནས་རིག་གནས་ཀྱི་འབྲེལ་འདྲིས་ཆེ་བ་ནི་བོད་ལས་མ་རིང་ན་ཡང་མི་ཐུང་ཞིང་། ཡོངས་སུ་རླུང་ལྟར་དུ་གྲགས་པ་ཉིད་དོ། །དུས་ནི་སྤྱི་ལོ་༡༩༣༦ལོའི་ཟླ་བ་གཉིས་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1