ནམ་རྒྱུན་སྤྲིན་དཀར་གྱིས་གཡོགས་པའི་གྲོང་ཚོ་དེ་ནི།
ཁྱེད་དང་ང་འཚར་ལོངས་བྱུང་སའི་གཡང་སྡེ་ཕྱུག་མོ་སྟེ།
་དཀར་ཟེར་བའི་གྲོང་ཚོ་ཆུང་ཆུང་ཞིག་གོ །
གྲོང་ཚོ་འདིར། སྔོན་ཆད་སྐྱེ་བོ་དཔའ་མཛངས་ཅན་དག་འཁྲུངས་མྱོང་ཞིང་།
ཕུགས་བསམ་གྱིས་ཕྱུག་པའི་སྐྱེ་བོ་རྣམ་དཔྱོད་ཅན་དེ་ཡང་གྲོང་ཚོ་འདི་ནས་ལམ་དུ་ཆས་མྱོང་།
ཞང་ཨ་གཡང་གི་དབྱངས་རྟ་དབྱིངས་སུ་འགུག་མཁན་གྱི་གླུ་བ་དེ་ཡང་གྲོང་ཚོ་འདིར་གྲགས་མྱོང་།
བརྡ་རྙིང་བ་འཆད་པའི་སྡེ་མི་དག་གྲོང་ཚོ་འདི་ཡི་རྒྱན་ཆ་ཞིག་ཏུ་གྱུར་ཡོད།
གྲོང་ཚོ་འདི་ཡི་བདེ་སྡུག་ཐ་སྙད་ལ་བརྒྱུས་མཁན་མི་དེ་ཡང་སྡེ་འདི་ནས་ས་མཐར་འཁྱམས་མྱོང་བ།
ད་ལྟ། དུས་ཚོད་ཀྱིས་བདེན་ཁ་སྤྲོད་ཐུབ་ཨང་།
ང་ཡི་སྙིང་གི་ཚ་བོ་ཨང་།
ཁྱེད་ནི་ལོ་རྒྱུས་ཀྱི་མེ་ཏོག་སྣ་ཚོགས་བཞད་མྱོང་བའི་སྡེ་འདིའི་ཕྱི་རབས་པ་ཞིག་ཡིན་ལ།
ཕ་ཡུལ་གྱི་ཆུ་ཕྲན་དང་ལོ་ཏོག ཉི་འོད་བཅས་ལ་མིག་ཟུང་ལྷོད་མཁན་ཞིག་དང་།
ལོ་རྒྱུས་དང་འབྲལ་མི་རུང་བའི་མེ་ཏོག་ཚོགས་ལ་གསེར་གྱི་བུང་བ་བསུ་མཁན་དེ་ཡིན་དགོས།
ཁྱེད་ཀྱིས། གྲོང་ཚོ་འདི་ཡི་ཞིམ་མངར་གྱི་གཏམ་རྒྱུད་དག་གོང་བུ་གཅིག་ཏུ་སྒྲིལ་ཏེ།
གྲོང་ཚོ་འདིར། ཁྱེད་ཀྱི་ཕུགས་བསམ་ལྟ་བུའི་?་རིང་དེ་བཞེངས་ཤིག
ལོ་རྒྱུས་ཀྱི་མེ་ཏོག་ལ་གསེར་གྱི་བུང་བ་དེ་ཁྲིད་ཤོག
ཡུལ་མི་ཚོས་རེ་ཞིང་ཉར་བའི་སྟོན་མཇུག་གི་ལོ་ལེགས་དེ་ཁྱེར་ཤོག
སང་ཉིན་ནི་ང་ཚོའི་ལྷན་འཛོམས་ཡིན།
"གསེར་གྱི་ཅོག་ཙེ་སྟེང་ལ།
དངུལ་གྱི་ནེ་ཙོ་བབས་འདུག
ཇ་ཆང་འདོད་རྒུ་འཛོམས་པའི།
གླུ་གཞས་སྙན་མོ་གཏོང་ངོ་། །"
ནམ་རྒྱུན། སྡེ་མི་རྣམས་ཀྱི་བཞིན་རས་སྟེང་ས་རྡུལ་གྱིས་གཡོགས་ཡོད་པའི་ངང་ཚུལ་འདི་དང་།
ལག་པའམ་རྐང་པ་གང་རུང་ཞིག་ལ་སེར་ཀ་ཞིག་གིས་གཙེས་ནས་ཡོད་པ་འདི།
ཁྱེད་ཀྱི་ཨ་ཕའམ་སྡེ་མི་གང་རུང་ཞིག་གི་ངལ་རྩོལ་གྱི་འབྲས་བུ་ཡིན།
སུ་ཞིག་གི་ཆེད་དུ་དྭངས་གཙང་གི་ལང་ཚོའི་མཛེས་སྡུག་འདི་ཟད་ཀྱིན་ཡོད་ཨང་།
སུ་ཞིག་གི་ཆེད་དུ་སེམས་ཚེགས་ཀྱི་གྲངས་ཀ་རྨི་ལམ་ལས་མང་ཨང་།
སུ་ཞིག་གི་ཆེད་དུ་རང་གི་མི་ཚེ་དུས་བཞིའི་སོ་ཁ་ནས་རླུང་ཁར་སྤུར་གྱིན་ཡོད་ཨང་།
དཔྱིད་ཀར། ཁྱེད་ཀྱི་ཕ་མ་ཟུང་།
ཁྱེད་ཀྱི་མ་འོངས་པའི་སླད་དུ།
སླེ་བོའམ་ལྕགས་ཁེམ་འཁུར་ནས་ཞིང་ཚིགས་སམ་རི་ལུང་འགྲིམ་དུས།
ཁྱེད་ནི་ཕ་མར་ངལ་གསོ་འདྲེན་མཁན་གྱི་གླུ་པ་དེ་ཡིན།
སྟོན་ཁ། ལོ་ཏོག་གི་གསེབ་ཏུ་རེ་སྨོན་གྱི་རྔུལ་ཆུ་གཏོར་དུས།
ཁྱེད་ནི་བསིལ་གདུགས་ཀྱི་འོག་ཏུ་ཕ་མར་སྐོམ་ཆུ་འདྲེན་མཁན་དེ་ཡིན།
མཚན་མོའི་ཞག་སྒྲོན་འོག་ཏུ།
ཁྱེད་ཀྱི་བཞུད་ལམ་སྐོར་གླེང་དུས།
མཚན་མོ་རེ་རེར་ཉལ་འཕྱི་ཞིང་།
ཞོགས་པར་ཡར་ལངས་སྔ་བ་ཡང་།
བདེ་སྐྱིད་ལྟ་བུའི་རྒྱང་རིང་དང་།
རྒྱང་རིང་ལྟ་བུའི་བདེ་སྐྱིད་ཀྱི་ཆེད་དུ་མ་ཡིན་ནམ།
དེ་ལྟར། ཕ་མའི་ལང་ཚོ་ལོ་ཏོག་དང་ལྷན་ཉི་མས་འཚིག་བཞིན་ཡོད།
རི་ལུང་ངམ་གཡང་དཀར་ལུག་ཁྱུ་མཉམ་དུ་མཐོ་སྒང་གི་རླུང་ཁར་ཟད་ཀྱིན་ཡོད།
དུས་ད་ལྟ། ཁྱེད་རང་ལོ་ན་བཅུ་ལ་སོན་ཡོད་ཅིང་།
སློབ་ཆུང་གི་ལོ་རིམ་བཞི་པ་ཡིན།
རྫོང་མཁར་དུ་སྤོ་བོ་རྨོ་མོས་ཁང་པ་ཞིག་གླས་ཏེ་སློབ་གྲྭར་སྐྱེལ་གྱིན་ཡོད་ལ།
པྲ་ཆལ་གྱི་ལས་སུ་མི་སྤྲོ་བའི་ཁྱེད་ཀྱིས་རྟག་པར་བོད་ཡིག་གམ་རྒྱ་ཡིག རྩིས་རིག་གང་རུང་ཞིག་ལ།
སྐར་གྲངས་ཀྱི་འཛུམ་མདངས་རྩོད་ཐེངས་རེར་ན་མཉམ་སློབ་གྲོགས་དྲུག་ཅུའི་རྩེ་གྲས་སུ་ཚུད་དེ།
བྱ་དགའ་གང་རུང་ཞིག་གི་དཔང་ཡིག་བླངས་མྱོང་བ་ཐེངས་ཁ་ཤས་མིན་པས།
སྐད་ཡིག་དགེ་རྒན་གྱིས་སློབ་གྲོགས་མང་པོའི་མདུན་དུ་བསྟོད་པའི་མེ་ཏོག་གཏོར་མྱོང་ཞིང་།
སྤོ་བོ་དང་རྨོ་མོར་གཏམ་བཟང་བཤད་པའང་གྲངས་མང་ཡིན།
གཏམ་བཟང་དེ་དག་གིས་སྤོ་བོ་རྨོ་མོའི་སེམས་ཁུར་ཇེ་ཉུང་དུ་བཏང་ལ།
ཞིང་གྲོང་ན་ས་རྡུལ་དང་འབྲལ་མ་མྱོང་པའི་ཕ་མ་ཟུང་གི་སེམས་ཚེགས་ཀྱང་ཇེ་ཡང་དུ་ཕྱིན།
རྒྱང་རིང་ན་སེམས་དང་མིག་གིས་འཚོས་པའི་ང་ཡང་བདེ་སྐྱིད་ཅིག་གོ།
བདག་གི་སྙིང་ཉེ་བའི་ཚ་བོ་འཕགས་མོ་?་རྗེ།
ངས་ཁྱེད་ལ་སེམས་གཏམ་ཞིག་བཤད།
སེམས་གཏམ་འདིའི་མིང་ལ་མི་ཚེ་ཟེར།
མི་ཚེ་ནི་རྨི་ལམ་བཞིན་ཐུང་དྲགས་ལ་སྐུད་པ་བཞིན་རིང་ཡང་སྲིད།
དགའ་སྐྱོ་ཟུང་འདྲེས་ཀྱི་ལམ་གྱི་ས་ཚིགས་རེ་རེར་སྤོབས་པས་བགྲོད་དགོས་ཤིང་།
ཡིད་ཆེས་ཀྱི་གོམ་པ་སྔོན་དུ་བསྲིངས་ཏེ་མགོ་བོ་དང་ཁར་གློད་མི་རུང་།
འཇིག་རྟེན་འདིའི་བདེ་སྡུག་མཐའ་དག་སེམས་སུ་ཉར་ཏེ་རྒྱང་རིང་དུ་ཆས་དགོས།
རྒྱང་རིང་ནི། ཁྱོད་ཀྱི་ཕུགས་བསམ་བཞིན་མཛེས།
སྡེ་མི་དག་གི་རེ་སྨོན་ཁྲོད་བསྐུངས་པའི་མཛེས་སྡུག་དེ་དག་ཡོད།
ང་ཡིས་བཤད་པའི་སྤྲིན་དཀར་གྱི་རང་དབང་དང་དུས་ཚོད་ཀྱི་གདངས་དབྱངས་སྙན་མོ་ཡོད།
ཁྱེད་ཀྱི་དཔེ་ཁུག་ནང་གི་ཐ་སྙད་ཀྱི་ལང་ཚོ་ལ་དུས་ཚོད་ཀྱི་ཆོ་ག་གཞན་ཞིག་ལྡན་པས།
མཛེས་སྡུག་དེ་དག་ཕུགས་བསམ་གྱི་སྣོད་དུ་བཅུག་སྟེ་དགའ་སྣང་གིས་ཆས་ཤིག
འཇིག་རྟེན་གྱི་ལམ་བུ་མ་གཞི་ནས་རེས་གསལ་རེས་མོག་ཅིག་ཡིན་པས།
ཕམ་དགོས་དོན་ཅི་ཡང་མེད་ལ་ཕམ་དགོས་ཁོམ་ཡང་མི་འདུག
ལམ་དུ་ཆས་ཤིག ངས་ཁྱེད་ལ་འདི་ལྟ་བུའི་རི་མོའམ་ལོ་ཟླ་འབྲི།
དུས་ཚོད་མང་པོ་ཞིག་གི་ཟིང་འཁྲུགས་བརྒྱུད་སྐབས།
ངས་འཇིག་རྟེན་གྱི་མཐོང་ཐོས་སྤྱད་དེ།
ངས་ཁྱེད་ལ་དཀྱེལ་ཡངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་རང་དབང་འབྲི།
དེ་ལས། མི་ཞིག་གིས་ཅི་ཞིག་བཙལ་ཀྱང་མི་རྙེད་པ་ཞིག་མེད་པའི་ངེས་ཤེས་འདྲོངས་ངེས།
ལམ་དུ་ཆས་ཤིག ཕ་ཡུལ་གྱི་ནམ་ཟླའི་འོག་གི་ཆུ་ཕྲན་གྱི་བཞུར་སྟངས་དང་ལོ་ཏོག་རྨོ་ཚུལ།
མེ་ཏོག་གི་འཛུམ་མདངས་དང་སྦྲང་མའི་གར་རྩེད་སེམས་སུ་སྒོམ་སྟེ།
ཁྱེད་རང་ཅིས་ཀྱང་མདུན་ནས་མདུན་དུ་སྐྱོད་ཅིག
ཞོགས་པ་ནས་ས་སྲོད་བར་གྱི་ཉི་འོད་དང་རླུང་བུ་ཁྱེད་ཀྱི་ཆེད་དུ་ལྡང་ལ།
ང་ཡིས་ཕབ་པའི་རི་མོ་ལྟ་བུའི་བུ་མོ་དེ་ཡང་ཁྱེད་ཀྱི་ཕྱིར་དུ་འཚོས།
མདུན་དུ་སྐྱོད་ཅིག
ངས་ཁྱེད་ལ་གནས་ལུགས་ཀྱི་འོད་ཐིག་དེ་རྒྱང་རིང་གི་ལམ་དུ་འཐེན་ཚར།
འོད་ཐིག་དེའི་ངོས་སུ། ངས་ཁྱེད་ལ་ངལ་གསོའི་བསྟི་གནས་ཞིག་ཀྱང་བྲིས་ཡོད།
དེ་ལ་ཡི་ག་མི་འཕྲོད་ན། ངས་ཁྱེད་ལ་རྩྭ་ཐང་དང་མཚོ་མོ་ནམ་མཁའ་འབྲི་ངེས།
ངས་ཁྱེད་ལ་ཚང་ཚིང་གི་ནགས་ཚལ་འབྲི་མི་སྲིད།
གྲོག་རོང་དང་གཡང་གཟར་སོགས་ཀྱི་ཡུལ་ལྗོངས་གང་ཡང་འབྲི་མི་སྲིད།
ང་ཡིས་ཕབ་པ་ལྟ་བུའི་རི་མོ་ལྟ་བུའི་བུ་མོ་ཆུང་ཆུང་ཞིག་གི་ལག་ཟུང་བྲིས་ཡོད།
དེ་ཡི་སྟེང་དུ་དུས་ཚོད་ཀྱི་ཆོ་ག་བྲིས་ཡོད།
སྤྲིན་དཀར་གྱི་རང་དབང་བྲིས་ཡོད།
ཐ་སྙད་ཀྱི་སྟོབས་ཤུགས་བྲིས་ཡོད།
ཁྱེད་ཀྱི་ཕུགས་བསམ་བྲིས་ཡོད།
མ་འོངས་པ་བྲིས་ཡོད།
"ད་ལྟ། ཁྱེད་ཀྱིས་རང་གི་བསམ་ཡན་དང་འདོད་ཚུལ་ལྟར་རི་མོ་འབྲི་ཤེས་ཀྱིན་འདུག
ཚོན་མདོག་སྣ་ཚོགས་ཀྱིས་རི་མོ་འབྲི་བར་དུངས་པར་ཁྱེད་ཀྱིས།
རྗེས་མའི་རྗེས་མ་ཞིག་ལ། ཚོན་མདོག་དཀར་པོ་སྤྱད་ནས་གངས་རི་འབྲི་རྒྱུ་མ་བརྗེད།
ཚོན་མདོག་ལྗང་གུ་སྤྱད་ནས་རྩྭ་ཐང་འབྲི་རྒྱུ་མ་བརྗེད།
ཚོན་མདོག་སྔོན་པོ་སྤྱད་ནས་མཚོ་མོ་འབྲི་རྒྱུ་མ་བརྗེད།
ད་དུང་། མདོག་དང་བྲོ་བ་མཐུན་པའི་འཚོ་བ་འབྲི་རྒྱུ་དེའང་མ་བརྗེད།"གཅན་ཆེད་འབར་གྱི་ཚིག
ད་དུང་ཕ་ཡུལ་གྱི་དཀར་ཆག་གང་རུང་ཞིག་མཐོང་རྗེས།
ལྷོད་ཤ་ཆགས་པའི་སྙན་ངག་རེ་འབྲི་རྒྱུ་དེའང་བརྗེད་མི་རུང་།
བདག་གི་སྙིང་ཉེ་བའི་ཚ་བོ་ཨང་།
"ཕུགས་བསམ་གྱི་བགྲོད་ལམ་ཡངས་པོ་?ག་འོག་ཏུ་ཡོད་པས།
རྒྱང་རིང་གི གསལ་ལ་མི་གསལ་བའི།
གནམ་སའི་འདྲེས་མཚམས་སུ་ཐང་ལྷོད་མེད་པར་སྐྱོད་རོགས།
དམིགས་འབེན་ཞིག་བསྙེག་ནས་སྐྱོད་རོགས།
ནམ་ཞིག་ཁྱེད་རང་ངལ་ཞིང་དུབ་ཚེ།
མགོ་བོ་གངས་རིའི་ཕྲག་ལ་བསྙེས་ནས།
རང་གི་འོད་སྟོང་འབར་བའི་བཤུལ་ལམ་ལ་ཕྱིར་ལྟ་བྱས་ཆོག"ཁྲི་སེམས་དཔའི་ཚིག