ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་རུ་བསྐོ་བཞག་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-19


        སྤྱི་ཟླ་3པའི་ཚེས་18ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་གཏན་འཁེལ་བྱས་པ་དང་།  རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་དང་།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བདམས་ཐོན་བྱུང་།
        འདེམས་ཤོག་འཕངས་ནས་ཐག་བཅད་པ་བརྒྱུད། ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་བཞག་གནང་བ་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མིང་རྟགས་བཀོད་དེ་བསྐོ་བཞག་བྱ་རྒྱུར་ཆོག་མཆན་གནང་།
        འདེམས་ཤོག་འཕངས་ནས་ཐག་བཅད་པ་བརྒྱུད།  ཞུས་ཆི་ལིའང་དང་ཀྲང་ཡིའུ་ཞ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པར་བསྐོས།
        འདེམས་ཤོག་འཕངས་ནས་ཐག་བཅད་པ་བརྒྱུད།  ཝེ་ཧྥེང་ཧོ་དང་ལི་ཙུའོ་ཁྲེན།  ལིའུ་ཧྭ།  ཀྲང་ཧྲེང་རྨིན་བཅས་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་དུ་བསྐོས།
        དབྱང་ཞའོ་ཏུའུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་རེན་དུ་བསྐོས།
        ཀྲོའུ་ཆང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དུ་བསྐོས།
        ཀྲང་ཅུན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་དུ་བསྐོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1