གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
གངས་ལྗོངས་ཉི་གཞོན།
བགྲོད་ལམ་གསར་པ་དེ་ཡང་སེམས་ཀྱི་ལམ་བུ་ཡིན།
གདན་ཞུས་གསར་འགོད་པ་རྡོ་རྗེ་དཔལ་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05
ལམ། སྔོན་ཆད་བརྒྱུད་མྱོང་བའི་ལོ་རྒྱུས་དང། གྲུབ་འབྲས་འོད་སྟོང་འབར་བའི་དཔང་རྟགས་ཡིན། མཛེས་སྡུག་གི་འབྱུང་འགྱུར་ལ་ཕྱོགས་པའི་རེ་བ་བཅོལ་ཡོད། གྲོག་རོང་གི་དཀྱིལ་དུ་གནས་པའི་ཆེས་དབུལ་བའི་རྫོང་གྲོང་། ས་ཁོངས་ཀྱི་འགག་སྒོ་ལས་ཐར་ཏེ། སྟབས་བདེའི་འགྲིམ་འགྲུལ་བརྒྱུད་དེ་འཛམ་གླིང་དང་འབྲེལ་འདྲིས་བྱས་སོང་། འདི་ནི་ལོ་ངོ་བཅུའི་རིང་། མི་རྣམས་ཀྱིས་བདེ་སྐྱིད་རུམ་དུ་བཅུག་པའི་དཔང་པོ་ཡིན། འདི་ནི་ལོ་ངོ་བཅུའི་རིང་། ཡུལ་མི་ཚོའི་དྲིན་གཟོ་འབད་བརྩོན་གྱི་བསྒྲགས་གཏམ་ཡིན། གནས་འདི་ནི་བཙན་ལྷ་ཡིན། གནས་འདི་གའི་འགྲིམ་འགྲུལ་ཧ་ཅང་བདེ་བར་ལགས།
བརྙན་ཐུང་ལས་བཙན་ལྷའི་ལོ་ངོ་བཅུའི་འགྲིམ་འགྲུལ་འཕོ་འགྱུར་ལ་གཟིགས་དང་། ལོ་ངོ་བཅུའི་རིང་། ལམ་ཡོད་སོང་། ཕུགས་འདུན་མངོན་དུ་གྱུར། ཀྱག་ཀྱོག་གི་གཞུང་ལམ་རིང་མོ། བརྗིད་ཆགས་མཛེས་ལྡན་གྱི་རི་མོ་ཞིག་དང་གཉིས་སུ་མ་མཆིས། ལོ་ངོ་བཅུའི་འབད་བརྩོན་གྱིས། བཙན་ལྷ་བའི་ལོ་ངོ་བཅུ་ཕྲག་གི་འགྲིམ་འགྲུལ་བདེ་བའི་ཕུགས་འདུན་མངོན་དུ་གྱུར། བཙན་ལྷ་རྫོང་གིས་ཤར་གཏོང་བཙན་ལྷ་ཞེས་པའི་དམིགས་ཚད་ལ་གཞིར་བཟུང་ཏེ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་མང་ཚོགས་ལ་ཁས་བླངས་པའི་དམངས་འཚོའི་དངོས་དོན་བཅུའི་གྲས་གཅིག་ཡིན་པ་དང་། ཅི་ཐུབ་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་དམངས་སེམས་ཀྱི་ལམ་མམ། ཕྱུག་འགྱུར་གྱི་ལམ་དུ་བསྐྲུན་རྒྱུ་དང་། ཞིང་གྲོང་གི་འཕེལ་རྒྱས་དང་ཞིང་བའི་ཡོང་འབབ་འཕར་རྒྱུ་ཧུར་ཐག་གིས་སྐུལ་འདེད་གཏང་བ་རེད།
མིག་སྔར། རྫོང་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་2979.8དང་། དེའི་ཁྲོད། རྒྱལ་ཁབ་རིམ་པའི་ལམ་2སྟེ་སྤྱི་ལེ་139དང་། ཞིང་ཆེན་རིམ་པའི་ལམ་3སྟེ་སྤྱི་ལེ་213དང་། རྫོང་རིམ་པའི་ལམ་1སྟེ་སྤྱི་ལེ་28དང་། ཞིང་གྲོང་རིམ་པའི་ལམ་6སྟེ་སྤྱི་ལེ་85.8དང་། སྡེ་པ་རིམ་པའི་ལམ་སྤྱི་ལེ་2514བསྐྲུན་ནས་སྡེ་པ་ཕན་ཚུན་བར་ཤར་བགྲོད་ཐུབ་པ་མངོན་གྱུར་བྱུང་།
བཙན་ལྷའི་ཞིང་སྡེའི་ཐོན་ལས་ལམ་སྤྱི་ལེ་1650བསྐྲུན་ནས་སྐྱེ་ཁམས་ཀྱི་སྔོ་ཚལ་དང་། ཁྱད་ལྡན་ཤིང་ཏོག རྒུན་ཆང་བསྙལ་མ། རྒྱ་སེ་མེ་ཏོག ཀྲུང་ལུགས་སྨན་རྩ་སོགས་སྤུས་ལེགས་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་མུའུ་ཁྲི་7600ལྷག་སྐུལ་ཁྲིད་བྱས་པ་དང་། ཚད་ལྡན་ཅན་གྱི་ནོར་གནག་གསོ་སྤེལ་ར་བ་54བསྐྲུན་ཟིན། ཞིང་པའི་ཆེད་ལས་མཉམ་ལས་ཁང་ 369འཕེལ་རྒྱས་བཏང་བ་དང་། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ཞིང་ལས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་4སྐྱེད་སྲིང་བྱས་ལ། སྐུ་བླ་རི་བོ། ཏ་ཡུང་རྒྱ་སེ། ལའོ་ཡིང་རྒུན་ཆང་། ཧྲོང་པའེ་སྟར་ཀ དབང་ཞིང་ཀུ་ཤུ། མི་ཝོའི་སེའུ་མངར། ཞིན་ཆའོ་ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ། འོག་ཏུ་ཕར་ངོ་གཡེར་མ་སོགས་ཡུལ་ཚོ་གཅིག་ལ་ལས་རིགས་གཅིག སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་ཐོན་ལས་ཀྱི་བཀོད་པ་གྲུབ་ཡོད་ལ། ཞིང་སྡེའི་གཞུང་ལམ་རྫོང་ཡོངས་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཏོང་བའི་རྟེན་གཞི་གཙོ་བོ་ཡིན།
མིག་སྔར། བཙན་ལྷ་རྫོང་གིས་གྲོང་གསེབ་ཀྱི་ལྗོངས་གཟིགས་སྟེགས་བུ་སྤྱི་ལེ་75སྐྲུན་པ་དང་། ཧྥུ་པེན་ལུང་ཐོའུ་ཐན་དང་ཆུ་གར་མ་ཅ་ལུང་བ། ཟུར་གདུང་མ་སོགས་ལྗོངས་སྐོར་ས་ཚིགས་12གསར་སྤེལ་ཇེ་མགྱོགས་དང་། ཞིང་དུད་མགྲོན་ཁང་དང་སྐར་མ་རིམ་པའི་གྲོང་གསེབ་སྤྲོ་སྐྱིད་ཁང་25འཕེལ་རྒྱས་བཏང་བ་དང་། ཡུལ་སྐོར་སྣེ་ལེན་326བྱས།
ལམ། རྐང་རྗེས་ཀྱིས་བཏོད་པ་དང་། ལོ་ངོ་བཅུའི་རིང་གི་འབད་ཐབས་ཀྱིས། བགྲོད་ལམ་ངོས་ནས་དུས་ཀྱི་འཕོ་འགྱུར་བཏོད། འདི་གར། མདུན་ལམ་གྱི་ཁ་ཕྱོགས་གཏད་ས། བདེ་སྐྱིད་ཞེས་པའི་ལམ་བུ་ཡངས་མོ་དེ་རེད། །
རྩོམ་ཡིག་སྔོན་མ།
རང་ནུས་ཀྱིས་འབྲོག་པ་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་ནི་ང་ཚོའི་འོས་འགན་ཡིན།
རྩོམ་ཡིག་རྗེས་མ།
མཚར་སྡུག་འབར་བའི་བགྲང་བྱ་བཞི་བཅུ་ལས་། དུས་རབས་གསར་པའི་དཀར་མཛེས་སྲིད་ན་མཛེས་། ——བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1