ད་ལོའི་མཐོ་རྒྱུགས་ལ་རང་ཞིང་གི་རྒྱུགས་ལེན་སློབ་མ་ཁྲི་51.98བསྡུ་ལེན་བྱས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-22
ཟླ་8པའི་ཚེས་20ཉིན་གསར་འགོད་པས་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན།རང་རེའི་ཞིང་ཆེན་གྱིས་2018ལོར་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུ་བྱ་བ་ཉེ་ཆར་ཡོངས་སུ་མཇུག་སྒྲིལ་བ་དང་། ཞིང་ཆེན་ཡོངས་སུ་ཁྱོན་སློབ་མ་ཁྲི51.98བསྡུ་ལེན་བྱས་པ་ལས། དངོས་གཞིའི་སློབ་མ་ཁྲི་23.95བསྡུས་པ་དང་། ཆེད་སྦྱོང་སློབ་མ་ཁྲི་28.03བསྡུས། དེའི་ཁྲོད་སྐོར་ཁག་དང་པོར་དངོས་གཞིའི་སློབ་མ་ཁྲི་8.05བསྡུས་པ་རེད།
མཐོ་རིམ་སློབ་གྲྭས་འདྲ་མཉམ་དང་དྲང་བཞག་གིས་སློབ་མ་བསྡུ་བར་ཁག་ཐེག་བྱ་ཆེད། ད་ལོར་རང་རེའི་ཞིང་ཆེན་གྱིས་སློབ་མ་བསྡུ་བའི་སྲིད་ཇུས་ཀྱི་གཏན་འབེབས་དང་སློབ་གསོ་སྡེ་ཁག་གིས་“མི་ཆོག་པ་སུམ་ཅུ”གཟབ་ནན་གྱིས་ལག་བསྟར་བྱས་པར་མ་ཟད། སྲིད་ཇུས་ཀྱི་བླང་བྱ་ཁག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡོང་བར་བྱས་པ་དང་། དམིགས་གསལ་གྱིས་སློབ་མ་བསྡུ་བར་ནན་ཏན་གྱིས་དོ་དམ་བྱས། དེ་མིན་སློབ་བསྡུའི་འཆར་གཞི་ལ་དོ་དམ་ནན་མོ་བྱས་ནས། འཆར་འགོད་ལེགས་སྒྲིག་བྱེད་པ་ཚང་མ་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་བསྡུའི་ཡོངས་ཁུངས་འཆར་གཞིའི་དྲ་ངོས་ཀྱི་དོ་དམ་མ་ལག་ཞེས་པ་བརྒྱུད་ནས་ལག་ལེན་བྱས་ཏེ། དོན་དངོས་ཐོག་གཏན་འབེབས་དང་འགལ་བའི་སྒོ་ནས་སློབ་མ་གཅིག་ཀྱང་བསྡུ་ལེན་མི་བྱེད་པ་དང་། ཚད་གཞི་ཇེ་དམའ་རུ་བཏང་ནས་སློབ་མ་གཅིག་ཀྱང་བསྡུ་ལེན་མི་བྱེད་པའི་དམ་བཅའ་མངོན་འགྱུར་བྱུང་ཡོད་པ་རེད།
སློབ་མ་བསྡུ་བའི་འཆར་གཞི་ལེགས་འགྲུབ་མ་བྱུང་བ་ལ། འདོད་མོས་ལྟར་སྤྱི་བསྒྲགས་བྱེད་པ་བསྡུ་རུབ་དང་། གཅིག་གྱུར་གྱིས་སློབ་མའི་ཡོངས་ཁུངས་རྩ་འཛུགས་བྱས་པས། བསྡུ་ལེན་བྱེད་པའི་བར་སྐབས་སུ་ཁྱོན་བསྡོམས་འདོད་མོས་ལྟར་མི་ཐེངས་51བསྡུ་རུབ་བྱས་པ་དང་། འདོད་མོས་ལྟར་བསྡུ་རུབ་བྱས་པ་བརྒྱུད་བསྡུ་ལེན་བྱས་པའི་སློབ་མ་ཁྲི་2ལ་ཉེ་བ་ཟིན་པ་རེད། དེ་མིན་རང་འགུལ་གྱིས་སློབ་མ་བསྡུ་བ་དང་། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག སྒྱུ་རྩལ་ཚོགས་པ་སོགས་དམིགས་བསལ་རིགས་ཀྱི་རྒྱུགས་ལེན་སློབ་མའི་ཐོབ་ཐང་ཡོད་པ་དང་། བསྡུ་ལེན་བྱེད་པའི་ཚད་གཞི་དང་བསྡུ་ལེན་བྱས་པའི་མཇུག་འབྲས་ཚང་མ་སྤྱི་བསྒྲགས་བྱེད་པར་ཤུགས་སྣོན་བྱས་པས། ད་ལོར་ཁྱོན་བསྡོམས་ཐོབ་ཐང་ཡོད་པའི་རྒྱུགས་ལེན་སློབ་མ་མི་ཐེངས་540246སྤྱི་བསྒྲགས་བྱས་པ་རེད།
བསྡུ་ལེན་བྱེད་པའི་སྐབས་སུ། རང་རེའི་ཞིང་ཆེན་གྱིས་སི་ཁྲོན་དུ་ཡོད་པའི་སློབ་བསྡུའི་སློབ་གླིང་དང་འབྲེལ་བ་བྱས་ཏེ། དོན་དངོས་ཐོག་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། འབྲེལ་ཡོད་སློབ་གྲྭས་རང་རེའི་ཞིང་ཆེན་དུ་དངོས་གཞིའི་སློབ་མ་4700ལྷག་གསར་དུ་ཁ་སྣོན་བྱས། དེའི་ཁྲོད་རིམ་པ་དང་པོའི་དངོས་གཞིའི་སློབ་མ་2300བསྡུ་ལེན་བྱེད་པའི་འཆར་གཞི་ལེགས་འགྲུབ་བྱུང་མོད། འོན་ཀྱང་། སློབ་གྲྭ་རེ་འགའ་ཡི་ཆེད་སྦྱོང་རིམ་པར་སློབ་མ་གསར་པའི་མིང་ཐོ་བཀོད་རྗེས་སློབ་མས་མི་འདང་བའི་གནས་ཚུལ་བྱུང་བས། ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་གིས་ཟླ་9བའི་ཟླ་མཇུག་ཏུ་ཡང་བསྐྱར་ཐེངས་གཅིག་ལ་ཁ་གསབ་བསྡུ་ལེན་བྱེད་པ་རྩ་འཛུགས་བྱ་རྒྱུ་རེད།།