བུ་ནག་སུས།

རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18




གནའ་སྔ་མོ་དུད་ཚང་ཞིག་ལ་ཕ་མ་གཉིས་པོར་བུ་གཅིག་དང་བུ་མོ་གཅིག་ཡོད་ཅིང་། 
ཁྱིམ་ཚང་གི་ལྟོ་གོས་ཐད་ལུང་པའི་ནང་ཅུང་ལེགས་གྲས་ཡིན་རུང་བུ་ནག་སུས་ཀྱིས་རྟག་ཏུ་གཡོ་ལས་ཁོ་ན་བྱེད་ཀྱི་ཡོད་ཙང་ནང་མི་ཚང་མ་ཁ་རྩོད་ཡང་ཡང་ཤོར་གྱི་ཡོད།ཉིན་ཞིག་ཁྱིམ་གྱི་ཕ་དེ་ཞིང་རྨོ་བར་ཕྱིན་པས་མས་བུ་ནག་སུས་རང་གི་ཕ་ལ་ལྟོ་ཆས་སྐྱེལ་དུ་བཏང་།  ཁོས་ལྟོ་ཆས་རྒྱབ་ཏུ་འཁུར་ནས་ཞིང་ཁར་སླེབས་པར་ཉེ་བས་ཁོས་ཕ་གང་དུ་ཡོད་མེད་ལྟ་དུས་ཕ་ནི་རྨོད་རྒྱག་རྒྱུ་ལྟ་ཅི།  གཤོལ་མདའི་སྟེང་དུ་འཛེགས་ནས་རྨོན་པ་རྒྱག་བྱེད་གྱི་མཛོ་མོ་དེར་ཚུལ་མིན་གྱི་བྱ་བ་སྤྱོད་བཞིན་པ་མཐོང་བས་བུ་ནག་སུས་ཕྱིར་ལོག་ནས་ཕར་སྐྱེལ་བྱེད་ཀྱི་ལྟོ་ཆས་གཙང་མར་བཟས།  དགོང་མོ་ཕ་ལོག་དུས་རང་གི་ཟླ་བོར་དེ་རིང་ང་ལ་ལྟོ་ཆས་སྐྱེལ་མི་དགོས་པ་གང་ཡིན་ཟེར་བས་བཟའ་ཟླས་བུ་ནག་སུས་ལྟོ་ཆས་སྐྱེལ་བར་བཏང་བའི་སྐོར་ཨ་ཕར་བཤད།  ཨ་ཕས་བུ་རང་གི་འཁྲིས་སུ་སྐད་བཏང་ནས་དེ་དོན་དྲིས་པས་བུས་པ་ཕ་རང་ཡང་ཁ་ཁར་སྡོད་ཅིག ང་ལྟོ་སྐྱེལ་པར་ཡོང་དུས་གཤོལ་མདའ་དང་བྱས།  མཇོ་མོ་དང་བྱས་ཟེར་བས་ཕས་ཏག་ཏག་ཡིན། བསྐྱལ་བྱུང་། ངའི་བུ་ལ་ཁག་མེད་ཟེར་བཞིན་ངོ་གདོང་ཡང་དམར་པོར་གྱུར།
   ཡང་ཉིན་ཞིག་གཅེན་མོས་ཡུར་མ་རྒྱག་ཏུ་སོང་བས་མས་བུ་ནག་སུས་ཉིན་དགུང་ལྟོ་ཆས་སྐྱེལ་བར་མངགས། ཁོ་ཞིང་ཁར་འབྱོར་དུས་གཅེན་མོ་ནི་ཞིང་ཁའི་མུ་ཁར་གན་རྐྱལ་དུ་ཉལ་ནས་རྡོ་ནར་མོ་ཆུང་ཆུང་ཞིག་རང་གི་མོ་མཚན་དུ་འཇུག་བཞིན་ཁ་ནས་གཟིམ་དཔོན་རྡོ་ཚེ་རིང་ལགས། གཟིམ་དཔོན་རྡོ་ཚེ་རིང་ལགས། ཁྱེད་རང་དེ་འདྲ་མ་གནང་དང་ཟེར་བཞིན་དུ་ཡོད་པ་མཐོང་ཐོས་བྱུང་བས་ཁོས་གཅེན་མོར་སྐྱེལ་བྱེད་ཀྱི་ལྟོ་ཆས་རྣམས་བཟས་ཏེ་ལྟོ་སྣོད་སྟོང་པ་ནང་དུ་བསྐྱལ།  དགོང་དྲོ་གཅེན་མོ་གྲོད་པ་ལྟོགས་དྲགས་ཏེ་ནང་དུ་ལྟོ་བཟའ་བར་ལོག་ནས་མ་ལ་དེ་རེང་ང་ལ་ལྟོ་མི་སྐྱེལ་བ་གང་ཡིན་ཟེར་བར་མས་བུ་ལྟོ་སྐྱེལ་བར་བཏང་ལུགས་བཤད་པས་གཅེན་མོས་བུ་ནག་སུས་རང་གིའགྲམ་དུ་བོས་ནས་དྲིས་པས་ཨ་ཅག་རང་ཡང་ཁ་ཁར་སྡོད་ཨང་ཞིང་ཁའི་མུ་ཁ་དང་བྱས། གཟིམ་དཔོན་རྡོ་ཚེ་རིང་དང་བྱས་ཟེར་བས་གཅེན་མོ་ངོ་ཚ་ནས་ད་འགྲིགས་སོང་།ཤོད་མི་དགོས་ཟེར་བཞིན་ལྟོ་ཆས་ཟ་འཕྲོས་ཀྱང་བཞག་ནས་ཡུར་མ་རྒྱག་ཏུ་སོང་།དེ་ནས་ཉིན་ཞིག་བུ་ནག་སུས་བ་ཕྱུགས་འཚོ་བར་བསྐྱོད་ནས་ལོག་ཡོང་དུས་ཁྱིམ་མཚེས་ཨ་ཕས་རང་གི་ཨ་མར་འདོད་པ་སྤྱོད་བཞིན་པ་མཐོང་།
   སང་ཉིན་ཞོགས་པ་བུས་རང་གི་ཕ་ལྷམ་ལ་རྡོག་པ་རྒྱག་བྱེད་ཀྱི་གྲི་བརྡར་བཞིན་ཡོད་པ་མཐོང་བས་ལམ་སེང་ཁོས་ཁྱིམ་མཚེས་ཨ་ཕའི་འཁྲིས་སུ་སོང་ནས་ཝ་ཡེ་ཁྱིམ་མཚེས་ཕ་རང་ལམ་སེང་བྲོས་ཕྱིན་ན་མ་གཏོགས་ང་ཚོའི་པ་ཕས་ཁྱམ་མཚེས་པ་ཕ་རང་གིས་ཨ་མར་དབང་ཡོད་བཏང་འངུག  ད་ཁྱོད་རང་གསོད་ཀྱི་ཡིན་ཟེ་གྲི་བརྡར་གྱི་འདུག་ཟེར་བས་པ་ཕ་དེ་མི་བྲོས་ཀ་མེད་བྱུང་།
  ཁོས་ཚུལ་དེ་མཐོང་འཕྲལ་ལམ་སེང་རང་གི་ཨ་པའི་འགྲམ་དུ་སོང་ནས་པ་ཕ། པ་ཕ་རང་མགྱོགས་པོ་མ་ཕྱིན་ན་ཁྱིམ་མཚེས་པ་ཕ་དང་ཨ་མ་ཁ་རྩོད་ཤོར་ནས་ཨ་མ་ཆུར་མཆོངས་བར་འགྲོ་ཡི་འདུག་ཟེར་བས་ཕས་གྲི་ཡང་ཞོག་ཁོམ་མ་བྱུང་བར་ཁྱིམ་མཚེས་ཕ་འཛིན་པར་སོང་བས་ཁྱིམ་མཚེས་ཨ་ཕས་དངོས་འབྲེལ་རང་གི་རྗེས་སུ་གྲི་འཁྱེར་ནས་ཡོང་བ་མཐོང་སྟེ་ལམ་སེང་མཐེ་བོང་ཀེར་ནས་གཅིག་ལས་བྱེད་རྐྱུ་མ་བྱུང་དེ་འདྲ་མ་བྱེད་རོཀས་ཟེར་བས་བུ་ནག་སུས།ཀྱི་ཕས་དེ་དོན་མ་ཤེས་པར་ག་རེ་གཅིག་ལས་བྱེད་རྒྱུ་མ་བྱུང་ཟེར།  ཁྱིམ་མཚེས་ཕ་དེས་འོ་ན་ཁྱེད་ཀྱི་བུ་ནག་སུས་ཀྱིསརང་གིས་གྲི་བརྡར་ན་སང་གསོད་པར་ཡོང་གི་འདུག་ཟེར་ལན་སྐྱེལ་བར་སླེབས་བྱུང་། ངས་རང་གི་བཟའ་ཟླར་གཅིག་ལས་བྱེད་རྒྱུ་མ་བྱུང་ཟེར་ཞུ་བ་འཐེན། པ་ཕས་ཚུལ་དེ་ཤེས་རྗེས་ཁྱིམ་དུ་ལོག་ནས་རང་གི་ཆུང་མར་ཉེས་བརྡུང་དྲག་པོ་བཏང་ནས་རྒྱགས་ཆས་ཁྱེར་དེ་བུ་བུ་ནག་སུས་རྐྱལ་པའི་ནང་དུ་བླུགས་ནས་ཆུར་བསྐྱུར་བར་སོང་།  ལམ་བར་ཁྱིམ་མཚེས་ཀྱི་ཕ་དང་འཕྲད་པས་ཁྱིམ་མཚེས་ཕ་གང་དུ་འགྲོ་མིན་འགྲོ་མིན་འདྲིས་པས་ཕས་ང་ཆུ་འཐག་ལ་འགྲོ་མཁན་ཡིན་ཟེར་ཁྱིམ་མཚེས་ཕ་དེས་འོ་ན་ཡོས་དེར་ཕབས་ནས་ཆང་འཐུང་བར་ཤོག་ཟེར་ཨུ་ཚུགས་བརྒྱབ་པས་རྐྱལ་པ་དེར་བཞག་ནས་ཆང་འཐུང་བར་བསྐྱོད་པ་རེད།  ཁྱིམ་མཚེས་ཀྱི་ཨ་ཕ་དེས་རང་གི་ཉེས་པ་ངོས་ལེན་ཞུ་བཞིན་ཆང་ཡང་ཡང་བཏེགས་པས་གཉིས་ཀ་ར་བཟི།  དེའི་རིང་ལམ་དེ་ནས་ཡོང་མཁན་འགྲུལ་པ་ཞིག་གིས་ལམ་འགྲམ་དུ་རྐྱལ་པ་ཞིག་བཞག་ཡོད་པ་མཐོང་ནས་དེ་ལེན་དུ་སོང་བས་བུ་ནག་སུས་ཀྱིས་སུ་ཡིན།འགུལ་སྐྱོད་མ་གཏོང་ཨང་ཟེར་བས།  འགྲུལ་པ་ད་ཡ་མཚན་ཆེན་པོ་སྐྱེས་ནས་རང་རྐྱལ་པའི་ནང་འཛུལ་ནས་གང་ཡིན་་ཟེར་བར་ང་འོག་ཀླུ་ཡུལ་དུ་ཀླུའི་རྒྱལ་ཕོའི་སྲས་མོའི་གམ་དུ་འགྲོ་མཁན་ཡིན།ད་ལྟ་ལོག་ནས་ཉིན་ཤས་ལས་ཕྱིན་མ་སོང་བས་སྲས་མོས་མགྱོགས་པོ་ཤོག་གསུང་གི་འདུག་ཟེར་བཞིན་ཀླུ་ཡུལ་གྱེ་ལོངས་སྤྱོད་ཆེ་ཆུང་མང་པོ་བཤང་པས་འགྲུལ་པ་ཁོ་སེམས་ཆགས་ནས་ང་ཡང་འཁྲིད་རོགས་གནང་ཟེར། 
བུས་མིན། ང་མི་གཅིག་ལས་འདིའི་ནང་ཤོང་གི་མི་འདུག་ཅེས་བཤད།  འགྲུལ་པས་ད་རེས་ང་གཏོང་རོགས།ཁྱེད་རྗེས་མ་ཕེབས་ན་འགྲེག་གམ་ཟེར་བཞིན་ཞུ་བ་ནན་གྱིས་ཕུལ་བས་ཁོས་གཞི་ནས་ཁས་བླངས་ཏེ་ཁོ་མར་དོན་ནས་ང་སྐྱེལ་བ་པ་ཕ་ཡོད་ ཁྱོད་ཀྱིས་ང་བུ་ནག་སུས་ཡིན་མདོག་མ་བྱས་ན་རང་ཀླུ་ཡུལ་དུ་གཏོང་གི་མ་རེད།པ་ཕས་བུ་ནག་སུས་བསྡད་ཡོད་དར།་ཟེར་ན།  ཡོད་ཅེས་ལན་སློག་ཨང་ཟེར་ནས་རང་གི་ཚབ་ཏུ་འགྲུལ་པ་དེ་བླུགས་ཤིང་།  ཁོའི་རྟ་དང། རྟ་སྒྲོ། ལམ་དངུལ་བཅས་ཁྱེར་ནས་བྲོས་སོང་།  ཕས་ཆང་བཏུང་རྗེས་རྐྱལ་པ་རྒྱབ་ཏུའཁུར་ནས་གཙང་པོར་བསྐྱུར་བར་སོང་།   ཞག་བདུན་གཅིག་ནས་བུ་ནག་སུས་ཀྱིས་ལམ་དངུལ་ངེ་དག་གིས་གཡུ་རས་ཁུག་གང་ཉོས་ཏེ་རང་ཁྱིམ་གྱི་སྒོ་ཁར་རྟ་ལ་རྟ་སྒྲོ་བརྒྱབ་སྡེ་སོང་ཞིང་ཝས་ཨ་མ།་ཟེ་འབོད་པས་ཨ་མ་ལྟ་བར་ཡོང་བྱུང་བས་འདིར་ཁྱེད་ཕ་མ་གཉིས་ལ་གཡུ་ཕྲན་ཙམ་ཡོད།དེ་ལེན་དང་།ང་མགྱོགས་པོ་མ་ཕྱིན་ན་ཀླུ་རྒྱལ་འཇོག་པོས་བཀའ་བསྐྱོན་གནང་གི་རེད།་ཟེར་བས་མས་ཁོའི་ལག་ནས་བཟུང་སྟེ་ཨུ་ཚུགས་ཆེན་པོས་ཡར་ཁྲིད། བུས་ཀླུ་ཡུལ་དུ་ལོངས་སྤྱོད་ཆེན་པོ་ཡོད་ལུགས་དང་། ཀླུ་རྒྱལ་མཆོག་ནས་རང་གི་ཕ་མ་གཉིས་ཀླུ་ཡུལ་དུ་བསུ་དགོས་ལུགས་གསུངས་པ་སོགས་ཕ་མ་གཉིས་ལ་བཤད་པས་ཕ་མ་གཉིས་ཧ་ཅང་གི་དགའ་པོ་བྱུང་། ཁོས་ད་དུང་ཕས་ང་ཆུར་བསྐྱུར་མ་ཐག་གཉིད་ཁུག་པ་ལྟ་བུའི་སྣང་བ་ཡུད་ཙམ་བྱུང་ཞིང་། མིག་ལྟ་དུས་ཀླུ་ཡུལ་ལ་སླེབས་ཟིན་འདུག ཀླུ་ཡུལ་གྱི་སྲས་མོས་ཀྱང་མི་ཡུལ་ནས་འོང་བ་ཁྱེད་མ་གཏོགས་མེད་གསུངས་ཏེ་ང་ལ་སོ་ཧ་ཅང་མཉེས་པོ་གནང་གི་ཡོད་ཟེར། ཕས་བུ་ནག་སུས་ལ་ད་རེས་ང་གཏོང་རོགས།ཁྱོད་ང་ཚུར་སླེབས་རྗེས་ཕྱིན་ཆོག་ཟེར་ཞུ་བ་འཐེན་པས་བུ་ནག་སུས་ཀྱིས་ཁས་ལེན་མི་འདོད་བཞིན་དུ་ལེན་ཁུལ་བྱས་ཏེ་རང་གི་ཕ་རྐྱལ་པའི་ནང་བཅུག་ཅིང་། པ་ཕ་རང་མགྱོགས་པོ་མ་སོང་ན་ང་ལ་ཀླུ་རྒྱལ་གྱིས་བཀའ་བསྐྱོན་གནང་གི་རེད་ཟེར་ནས་བྲག་མཐོ་པོའི་རྩེ་ནས་སྙིང་རྗེ་སྤུ་ཙམ་མེད་པར་རང་གི་ཕ་ཆུ་ལ་བསྐྱུར་རོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1