སི་ཁྲོན་གྱིས་དྲ་རྒྱ་བཅོས་སྒྲིག་བྱས་ཏེ་གྲིབ་ཆ་མི་ལུས་པ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30



 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། “སྐབས་དེ་དུས་ང་རྨོངས་འདུག ད་ལྟ་འགྱོད་པའི་གནས་སུ་ལྷུངས་སོང”ཞེས་ཆད་གཅོད་བརྡ་ཐོ་འབྱོར་རྗེས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོ་ཆུས་ཀྱི་རིག་གནས་ཀུང་སི་ཞིག་གི་འགན་འཁུར་བས་བཤད། ཉིན་ཤས་གོང་ཀུང་སི་དེས་དྲ་རྒྱའི་ཐོག་ཁྲིམས་འགལ་གྱི་ནང་དོན་ཡོད་པའི་རོལ་དབྱངས་ཁྱབ་བསྒྲགས་བྱས་པས་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོས་སྟབས་ས་གནས་དེ་གའི་དོ་དམ་སྡེ་ཚན་གྱིས་ཆད་པ་ནན་པོ་བཅད་པ་རེད།
         དྲ་རྒྱའི་བར་མཐོངས་ནི་ཁྲིམས་རྒྱར་མི་ཚུད་པའི་ཡུལ་ཞིག་གཏན་ནས་མིན། ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་པར་ངེས་པར་དུ་གྲིབ་ཆ་སེལ་དགོས། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོ་ཆུས་སུ་ཁོངས་གཏོགས་དྲ་ཚུགས་ཁྲི་3.1ཙམ་ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་དྲ་ཚུགས་བསྡོམས་འབོར་གྱི་25%བཟུང་ཡོད། ས་གནས་དེ་གས་གཅིག་འདོམས་ལྟ་འདོམས་བྱ་ཆེད། རྫོང་དང་ཆུས་རིམ་པའི་དྲ་རྒྱའི་བར་མཐོངས་དོ་དམ་ལམ་ལུགས་བཏོན་ཏེ་སྤྱི་བདེ་དང་། ཁྲོམ་རའི་ལྟ་འདོམས། ཕྱོགས་བསྡུས་ཁྲིམས་སྐྱོང་སོགས་སྡེ་ཚན་དང་ཁྲོམ་གཞུང་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས“ལྗང་མདོག་དྲ་རྒྱ”སོགས་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད་གཏུམ་སྤྱོད་དང་ལོག་གཡེམ་སོགས་བརྒྱུད་བསྒྲགས་བྱེད་པའི་དྲ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
        “‘འགོ་ཁྲིད་གཙོ་བོའི’འགན་འཁྲིའི་ལམ་ལུགས་བཟོས་ཏེ་ས་སྲུང་གི་འགན་འཁྲི་གཙང་སྒྲུབ་མཐའ་འཁྱོངས་བྱས་ཡོད”ཝུའུ་ཧོ་ཆུས་དྲ་འཕྲིན་གཞུང་ལས་ཁང་གི་འགན་འཁུར་བས་ས་གནས་དེས་དྲ་རྒྱ་བཅོས་སྒྲིག་དམིགས་ཚད་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་ནས་དྲ་ཚུགས་ཀྱི་ནང་དོན་སྒྲིག་བཟོ་དང་། ཁྱབ་བསྒྲགས། བརྒྱུད་བསྒྲགས་བཅས་ལ་སྐོར་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་སྲིད་འཛིན་ཁྲིམས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པའི་རྒྱབ་ལྗོངས་འོག་ཁོངས་གཏོགས་ཁུལ་དྲ་ཚུགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད་ཅེས་བཤད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1