གངས་ལྗོངས་རིག་པའི་འོད་སྟོང་།

འདན་མ་བློ་བཟང་མཆོག་ལྡན། (ཆུ་དམར་ལེབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


སྲིད་གསུམ་ཆོས་ཚུལ་མ་ལུས་བལྟ་བའི་གནས།  

གསུང་རབ་གནས་བཅུ་འོད་སྟོང་མཁའ་ལ་འགྲན། །

བཅུ་ཕྲག་རིག་པའི་འདབ་བརྒྱ་བཞད་པའི་བཅུད། །

མཚུངས་མེད་རྩེ་གཅིག་མཉམ་བཞག་ཞི་དུལ་གྱིས། །

གང་གིས་འཐུང་ན་སྤྲོ་སྣང་སྦྱིན་མཁས་པའི། །

བསམ་གཏན་རི་བོ་གཡོ་མེད་འགྱིང་སྟབས་མཁན། །

རིག་པའི་ཉིན་བྱེད་འདི་ནི་མཚུངས་ཟླ་དབེན། །

རིག་པའི་ནོར་བཟང་དུས་འདིར་རྙེད་རེ་དཀོན། །

ཞི་བའི་གྲོང་ཁྱེར་འཇུག་པའི་ཐེམ་སྐས་དང་།  །

ཐོས་བསམ་སྒོམ་པའི་སྒྲོ་འདོགས་གཅོད་པ་ལ། །

འགྲོ་བའི་མུན་སེལ་འདི་ནི་འདྲེན་བྱེད་ལ། །

རིག་པའི་སྒྲོན་མེ་ཤར་རིའི་ཕྲག་པ་ནས། །

མཛེས་པའི་རི་མོས་ཚུལ་ཁྲིམས་དྲི་ལྡན་སྲུང་། །

་ལེར་གསལ་བའི་ཤེས་རབ་སྣང་བསྟན་མཁན། །

རིག་པའི་བསིལ་གདུགས་འདི་ནི་ཀུན་གྱི་སྐྱབས། །

རིག་པའི་ནོར་བུ་སྟོང་གསུམ་ཀུན་ལས་རྒྱལ། །

བཅུ་ཕྲག་རིག་པའི་རྒྱ་མཚོ་མཁའ་ལ་འཁྱིལ། །

ཆོས་བརྒྱད་བྱ་བའི་མགོ་བོ་གནོན་པའི་གཏེར། །

བློ་གྲོས་གྲུ་གཟིངས་གཡུལ་དུ་སྐྱོད་པ་ལ། །

གང་གིས་སྤྱོད་པ་སྐལ་བཟང་མགུལ་གྱི་བརྒྱན། །

བརྩོན་འགྲུས་སྐྱེལ་བའི་འཕྲུལ་འཁོར་སྩོལ་མཛད་པ། །

ཐབས་ཀྱིས་ལུས་ཅན་མཐའ་དག་དཀྲི་མཁས་པ། །

རིག་པའི་འོད་སྟོང་འཕྲོ་འདིས་ཡིད་དབང་འཕྲོག །

རིག་པའི་ཟེར་བརྒྱ་སྤྲོ་འདི་ཨེ་མ་མཚར། །

དགོས་པའི་ནོར་འདིས་སེམས་ལྡན་འགྲོ་རྣམས་ཀྱི། །

དམིགས་མེད་སྙིང་རྗེ་གཞན་ཕན་རྩལ་གྱི་གནས། །

རྨོངས་མུན་སྨག་ལས་སྒྲོལ་བའི་ལམ་སྟེར་མཁན། །

གང་རྟོགས་རིག་པའི་དཔྱད་དེ་ཡུན་དྲིས་ན། །

གནོད་ལེན་བཟོད་པ་རྩམ་པའི་བློ་འདྲི་ཁང་། །

སྟོབས་ཀྱིས་བདུད་བཞི་མ་ལུས་གཡུལ་ལས་རྒྱལ། །

རིག་པའི་དཔྱིད་དཔལ་འདི་ནི་ཨེ་མ་རྨད། །

རིག་པའི་གོ་ཆ་འདི་ལ་སུ་ཡིས་འགྲན། །

སྲིད་ཞིའི་ལེགས་ཚོགས་མ་ལུས་བླང་དོར་གྱི། །

གངས་ལྗོངས་རིག་གནས་འོད་སྟོང་མཁས་ལ་འགྲན། །

འགག་སྒོ་རྟག་ཆད་མཐའ་བྲལ་དབུ་མའི་ལུགས། །

བདག་འདྲ་རོང་གཤོང་ཆུ་ཕྲན་ཆུ་ཡིས་དབུལ། །

དེ་ཉིད་སྨོན་པའི་ལམ་འགྲོ་རིག་པའི་སྤྱན། །

བསྟོད་འདོད་ཕྲན་བུ་རྩྭ་རྩེའི་ཟིལ་བ་འདྲར། །

རིག་པའི་འདྲེན་བྱེད་འདི་ལ་སུས་མི་བསྟོད། །

ནོངས་པ་ཅི་མཆིས་བློ་ལྡན་སྤྱན་སྔར་བཤགས། །

ཀུན་འབྱུང་མུན་པའི་ས་བོན་གསལ་བའི་བསྟན། །

སྲིད་གསུམ་འཇིག་རྟེན་འདྲེན་མཆོག་སྒྲོན་མེ་ཡིས། །

ཚད་ལྡན་གཞུང་ལུགས་ཀུན་གསལ་སྒེག་མོ་ཡིས། །

ལེགས་གསུངས་དེ་ཉིད་ལྟ་བའི་ཚུལ་རབས་ལས། །

ཡེ་ཤེས་འོད་སྣང་གསལ་བའི་ཉི་མ་ཤར། །

གསལ་མཛད་ཚད་ལྡན་རིག་པའི་སྐྱེད་ཚལ་འཁྲུངས། །

རིག་པའི་གཡུ་འབྲུག་འདི་ལ་འགྲན་ཟླ་བྲལ། །

རྐང་དྲུག་བུང་བའི་ཚོགས་རྣམས་དེ་ལ་རོལ། །

རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  བསྟན་པ་ཡར་རྒྱས།


རྩོམ་ཡིག་སྔོན་མ།
མཚོ་བོད་ལྕགས་ལམ།
རྩོམ་ཡིག་རྗེས་མ།
ཀ་བཤད་དཀར་གསལ་ཟླ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1