ཁྲིམས་ལྟར་བོད་ཁུལ་སྐྱོང་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་ལ་འཇགས་པར་བྱས།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-21


        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་ཀྱིས་བོད་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ཞིང་། ཁྲིམས་ལྟར་བོད་ཁུལ་སྐྱོང་བ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་པར་མ་ཟད། “བཅའ་ཁྲིམས་བདུན་སྐྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དེ་ཁྲིམས་སྐྱོང་འདུ་ཤེས་མི་སེམས་ལ་འཇགས་པར་བྱས། ཉེ་བའི་ལོ་འདི་གའི་རིང་ལ། སི་ཁྲོན་ཞིང་ཆེན་གྱིས་“བཅའ་ཁྲིམས་བདུན་སྐྱོད”དེ། བཅའ་ཁྲིམས་སྡེ་ཁག་ཏུ་བསྐྱོད་པ་དང་བཅའ་ཁྲིམས་སློབ་གྲྭར་བསྐྱོད་པ། བཅའ་ཁྲིམས་གྲོང་ཚོར་བསྐྱོད་པ། བཅའ་ཁྲིམས་སྡོད་ཁུལ་དུ་བསྐྱོད་པ། བཅའ་ཁྲིམས་དགོན་པར་བསྐྱོད་པ། བཅའ་ཁྲིམས་ཁེ་ལས་ལ་བསྐྱོད་པ། བཅའ་ཁྲིམས་ལས་ཁུངས་སུ་བསྐྱོད་པ་བཅས་ཀྱི་ལས་ཀ་རྒྱུན་མཐུད་ངང་སྤེལ་ཞིང་། ལས་ཀའི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་ལས་ཀའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་གོམ་གང་མདུན་སྤོས་ཀྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཁྲིམས་སྐྱོང་རྨང་གཞི་བརྟན་པོ་འདིང་བར་ནུས་པ་གལ་ཆེན་བཏོན།  

        ར་རྔ་ཁ་དང་དཀར་མཛེས། སེར་ཤུལ་གསུམ་གྱི་དྲ་སྦྲེལ་ལས་གྲྭ་དེ་2012ལོའི་ཟླ་3པའི་ཚེས་20ཉིན་ནས་འགོ་བརྩམས་ཤིང་། སྤྱི་ཟླ་9པའི་ཚེས་19ཉིན་ལས་མཇུག་བསྒྲིལ་ཏེ་གློག་བཏང་ཞིང་། འཛུགས་སྐྲུན་མི་སྣ་ཁྲི་1.3ལྷག་གིས་གངས་འཁྱགས་དང་ལྷགས་རླུང་། མཐོ་སྒང་གི་དབྱང་དབུགས་མི་འདང་བ་སོགས་ཀྱི་དཀའ་ངལ་གདོང་གིས་བསུས་ཏེ། དཀར་མཛེས་ནུབ་བྱང་ཁུལ་གྱི་གློག་དྲ་དང་གློག་ཤུགས་གཙོ་བོ་གཉིས་སྦྲེལ་ཞིང་སེར་ཤུལ་སོགས་དཀར་མཛེས་བྱང་རྒྱུད་ཀྱི་རྫོང་ཁག་ལྔའི་གློག་གིས་མི་འདང་བའི་གནད་དོན་ཐག་བཅད་བྱས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1