ཐོན་ལས་དབུལ་སྐྱོར་གྱི་རྟེན་གཞི་བསྐྲུན་རྗེས་ཞིང་དུད་དབུལ་པོར་ཁེ་སྤོགས་རག་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-27
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ལོ་མཇུག་ཏུ་སླེབས་ཉེར་ཡོད་པས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དར་མདོ་གྲོང་ཁྱེར་ཅེ་ཅུས་ཤང་ཐོན་ལས་དབུལ་སྐྱོར་རྟེན་གཞིའི་ཁེ་སྤོགས་བགོ་བ་དང་ཞིང་པའི་ངལ་ནུས་ཡོང་འབབ་སྤྲོད་པའི་མཛད་སྒོ་ཤང་སྲིད་གཞུང་གི་སྒོ་རའི་ནང་གཉེར་བ་དང་། ཤང་དེའི་གསེར་གཤོང་དང་། ཚ་ཡུལ། རྟ་རྨིག ཅེ་ཅུས། སྒོ་པ་བཅས་གྲོང་ཚོ་ལྔའི་ཞིང་པར་དར་མདོ་གྲོང་ཁྱེར་གྱི་སུམ་སྟོང་སུམ་ཞིང་ལས་ཚད་ཡོད་ཀུང་སི་ནས་ཁེ་སྤོགས་དང་ངལ་ནུས་ཡོང་འབབ་སྒོར་ཁྲི་265རག་ཡོད་པ་རེད།
ཅེ་ཅུས་ཤང་དང་དར་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་དབར་བར་ཐག་སྤྱི་ལེ་240ལྷག་ཙམ་ཡོད་ཅིང་། ཡུན་རིང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ལེའང་ཧྲན་ཀྲོའུ་མུ་ལི་རྫོང་དང་། དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་། དར་མདོ་གྲོང་ཁྱེར་བཅས་རྫོང་དང་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། དེ་ནི་དར་མདོ་རྫོང་གི་ཤིན་ཏུ་དབུལ་བའི་ཤང་གཅིག་པུ་དེ་ཡིན་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ལྔ་ནི་ཤིན་ཏུ་དབུལ་བའི་གྲོང་ཚོ་རེད། 2017ལོར། ཁྲེན་ཏུའུ་ཏུའུ་ཅང་ཡན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་དར་མདོ་གྲོང་ཁྱེར་གྱི་སུམ་སྟོང་སུམ་ཞིང་ལས་ཚད་ཡོད་ཀུང་སི་དར་མདོར་བཙུགས་ནས་ཅེ་ཅུས་ཤང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་མཉམ་ལས་ཁེ་ལས་ཤིག་ཏུ་གྱུར་ཡོད་པ་རེད། དར་མདོ་རྫོང་གི་སུམ་སྟོང་སུམ་ཞིང་ལས་ཚད་ཡོད་ཀུང་སིས་ཅེ་ཅུས་ཤང་གི་གྲོང་ཚོ་ལྔའི་ས་ཁོངས་ཀྱི་ཆ་རྐྱེན་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་མོག་རོ་ནག་པོ་འདེབས་པ་དང་། བོད་ཕག་གསོ་ཚགས། སྔོ་ཚལ་ལས་སྣོན་སོགས་ཀྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཡོད་པ་རེད།
འདི་ལོ་ཀུང་སིས་ཚ་ཡུས་གྲོང་ཚོར་སྨི་ངོས་གྲུ་1200ཟིན་པའི་བོད་ཕག་གསོ་ཚགས་རྟེན་གཞི་བསྐྲུན་པ་དང་། ལོ་གཅིག་ལ་བོད་ཕག་300བཤས་གཏོང་གི་ཡོད། གསེར་གཤོང་གྲོང་ཚོ་དང་། རྟ་རྨིག་གྲོང་ཚོ། སྒོ་པ་གྲོང་ཚོ་བཅས་སུ་མུའུ་81ཟིན་པའི་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་དང་མུའུ་120ཟིན་པའི་སུར་པན་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་འབྲེལ། ཅེ་ཅུས་གྲོང་ཚོར་སྨི་ངོས་གྲུ་800ཟིན་པའི་སྔོ་ཚལ་ལས་སྣོན་རྟེན་གཞི་གཅིག་བསྐྲུན་ཡོད། ཀུང་སིས་ས་ཞིང་བརྒྱུད་བཤུག་ལ་བརྟེན་ནས་ཅེ་ཅུས་ཤང་ལ་ས་ཞིང་མུའུ་200ཡི་གཉེར་སྐྱོང་བེད་སྤྱོད་དབང་ཆ་ཐོབ་པ་དང་། “ཀུང་སི་དང་། རྟེན་གཞི་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྩ་འཛུགས་ཀྱི་རྣམ་པ་བརྒྱུད་ཁེ་ལས་ཅན་གྱི་གཉེར་སྐྱོང་བྱས་ཏེ་གཅིག་སྡུད་ཐོན་སྐྱེད་དང་། གཅིག་གྱུར་དོ་དམ། གཅིག་གྱུར་ཕྱིར་ཚོང་བཅས་བྱས་ཡོད། ཀུང་སིས་ས་ཞིང་བརྒྱུད་བཤུག་གི་གྲོན་དངུལ་སྤྲོད་པ་ཕུད། ད་དུང་ས་ཆ་དེ་གའི་གྲོང་མི་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལས་ཞུགས་བྱེད་རོགས་དང་། ཞིང་པ་རྟེན་གཞིར་ལས་ཀ་བྱེད་པར་གླས་པ་དང་ཆབས་ཅིག་གྲོང་ཚོ་ཁག་གི་མཉམ་ལས་ཁང་གིས་ཐོན་ལས་དབུལ་སྐྱོར་གྱི་ཐེབས་རྩ་མ་རྐང་ནང་ཞུགས་ནས་ཀུང་སིའི་ལོ་མཇུག་གི་ཕྱིར་ཚོང་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་བྱས་ཡོད་པ་རེད།