རི་བོ་བཞག་བྲ།
དགོད་ཁ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ཆུ་འཛིན་ལྷོག་ལྷོག་རླུང་བུས་དེད་པ་ཡིས།།
ཁྱོད་ཀྱི་ཕྲག་པ་སྒང་ནས་ནམ་མཁར་འཕྱོ།།
མི་ཆེན་སློག་དཀར་གྱོན་པའི་ཚུགས་ཀ་ཡིས།།
ང་ཡི་མཐོ་སྒང་གན་ནས་ཁྱོད་རང་འགྱིང་།།
རི་ཡི་བསྟར་འཕྲེང་གཡས་དང་གཡོན་དུ་བསྒྲིགས།།
སྤང་དང་ཐང་གི་ཁ་ཞེང་མདུན་དུ་བསྐྱངས།།
དྭངས་གཙང་ཆུ་ཡི་ཆབ་རྒྱུན་ལྷུང་ལྷུང་གིས།།
མཛེས་སྡུག་ཡུལ་གྱི་རི་མོ་མངོན་དུ་ཆགས།།
སྲིད་པ་གངས་ཀྱི་སྒལ་རུས་སྲ་བ་ཡིས།།
དུས་གསུམ་དུས་ཀྱི་ཁ་དོག་མ་ཡལ་བར།།
སྣ་ཚོགས་བཅུད་ཀྱི་བུམ་བཟང་སྦྲུམ་པ་ཡིས།།
རིན་ཆེན་རི་ཡི་ཟོལ་གྱིས་འདི་ལྟར་ཆགས།།
མི་ཉག་མ་ཆགས་ཁྱོད་ཀྱི་མདུན་དུ་ཆགས།།
དད་པའི་ལག་ཟུང་མཉེན་མོས་ཁྱོད་ཉིད་གཉོར།།
ཀྭི་བསོ་གཡང་གི་སྒྲ་དབྱངས་འབུམ་ཕྲག་གིས།།
འཕྲིན་ལས་གློག་གི་རྟ་ཕོ་མདུན་དུ་བཀུག།