ཆུ་ཐིགས།
འོམ་བུ། (ཛམ་ཐང་) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
དང་ཐོག
ཁྱོད་ངའི་ཁྱོར་བའི་ནང་གི་ཆུ་ཐིགས་ཤིག་རེད།
ས་ལ་འཛག་འགྲོ་བར་དོགས་ནས།
ང་ནི་ངའི་ཁྱོར་བའི་ནང་གི་ཆུ་ཐིགས་དང་།
ཁྱོད་ནི་ངའི་ཁྱོར་བ་དེ་ཡིན་ན་སྙམ་བྱུང་།
བར་དུ།
ང་ནི་ཁྱོད་ཀྱི་ཁྱོར་བའི་ནང་གི་ཆུ་ཐིགས་ཤིག་རེད།
ཁྱོད་ཀྱིས་ང་རང་ཉི་འོད་ཀྱིས་སྐམ་འགྲོ་བར་དོགས་ནས།
ང་ལ་བསིལ་གྲིབ་ཀྱི་ཞྭ་མོ་ཡང་ཡང་འགེབས།
མཐའ་མར།
འུ་གཉིས་ཀ་ཆུ་ཐིགས་ཤིག་ཏུ་གྱུར།
ལམ་འགྲམ་གྱི་རྩྭ་ཕྲན་རལ་པོ་ཞིག་གི།
སྣེ་མོ་ན་ཆགས་པའི་ཆུ་ཐིགས་ཤིག་རེད།
རླུང་བའི་ལྡང་ཙམ་གྱིས།
ཉི་འོད་འཕྲོ་ཙམ་གྱིས།
འུ་གཉིས་ཀ་ས་ལ་འཐོར་བར་ཤིན་ཏུ་སྐྲག