གློག་སྨན་མེད་པའི་ལག་ཁྱེར་ཁ་པར་ཐོག་མ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཨུ་རུ་སུའི་གསར་འགྱུར་དྲ་བའི་གནས་ཚུལ་ལྟར་ན། ཉེ་ཆར་ཝ་ཧྲིང་ཐོན་གྱི་ཚན་རྩལ་མི་སྣ་སྐོར་ཞིག་གི་བླ་ན་མེད་པའི་གསར་གཏོད་ཅིག་ལ་འཛམ་གླིང་གི་མི་རྣམས་ཀྱིས་དོ་སྣང་བྱས། ཁོ་ཚོས་གློག་སྨན་མི་དགོས་པའི་ལག་ཁྱེར་ཁ་པར་ཞིག་ཞིབ་འཇུག་གསར་གཏོད་བྱས།

        དེང་རབས་ཀྱི་ཆ་འཕྲིན་ཡོ་བྱད་ཚང་མས་གློག་སྨན་ལ་བརྟེན་ནས་བྱ་བ་སྤེལ་དགོས་ལ། གློག་སྨན་འཛད་ཚད་ཧ་ཅང་ཆེ། དུས་ཡུན་རིང་པོར། ཚན་རིག་པ་རྣམས་ཀྱིས་རིག་ནུས་ལག་ཁྱེར་ཁ་པར་ལ་ནུས་ཚད་མང་པོ་གསོག་ཐུབ་པ་དང་། མྱུར་དུ་འཛད་མི་ཚར་བའི་གློག་སྨན་ཆེན་པོ་ཞིག་ཧུར་བརྩོན་གྱིས་ཚོད་ལྟ་བྱེད་བཞིན་ཡོད། ཡིན་ཡང་ད་ལྟ་ཨ་མེ་རི་ཁའི་ཚན་རིག་པ་ཚོས་གློག་སྨན་ཅི་ཡང་མི་དགོས་པའི་འཕྲིན་སྐྱེལ་ཡོ་བྱད་ཅིག་གསར་གཏོད་བྱས་པ་རེད།

        ལག་ཁྱེར་ཁ་པར་དེ་ནི་ཕྱི་རོལ་གྱི་སྐུད་མེད་གློག་བརྡ་དང་འོད་ཀྱི་རླབས་ཕྲན་ལས་བཀོལ་སྤྱོད་བྱེད་པ་ཡིན། ལས་གཞི་གསར་པའི་གསར་གཏོད་པས་བལྟས་ན།  ཁོ་ཚོས་གསར་གཏོད་བྱས་པ་ནི་འཛམ་གླིང་སྟེང་གི་ནུས་ཚད་ཅི་ཡང་མི་དགོས་པའི་འཕྲིན་སྐྱེལ་སྒྲིག་ཆས་ཤིག་རེད་ཅེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1