ཟླ4པའི་ཚེས13ཉིན་གྱི་ཕྱི་དྲོ། ཞིང་ཆེན་གྱི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་ཀྱི་ཀླད་པ་བཀོལ་ནས་མཛུབ་སྟོན་ལག་ལེན་བྱེད་པ་དང་།"འདུ་ཤེས་བཞི"ཤུགས་ཆེར་གཏོང་བ། "རང་རྟོན་བཞི"འགྱུར་བ་མེད་པ། ལྷག་བསམ་རྣམ་དག་སྒོས་ལས་འགན་སྒྲུབ་པ་དང་འགན་ཁུར་ཕོད་པ། མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་ཐད་ནས"རི་ལྗང་ཆུ་དྭངས"བསྐྲུན་པ་རྒྱུན་བསྲིང་བ། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་གཏིང་ཟབ་ཏུ་སྐུལ་འདེད་བྱས་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
"སྲིད་དོན་འཛིན་རྒྱུ་ནི་བླང་བྱ་དང་པོ་ཡིན་ལ། ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས།" ཞེས་གཞུང་སྒྲུབ་ཐོག་ཁང་གི་སྲིད་གཙང་རིག་གནས་གྱང་ངོས་སུ་གདམ་ཚིག་རེ་རེ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་བྱེད་མི་སྣས་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་རྣམ་དག་གིས་འགན་ཁུར་དགོས་པར་དྲན་སྐུལ་བྱས་ཡོད་ཅིང་། ཝང་ཅན་ཅུན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཀྱི་བསམ་པའི་རྣམ་པ་དང་སྲིད་གཙང་རིག་གནས་འཛུགས་སྐྲུན་བྱས་པར་བསྟོད་བསྔགས་བྱས། ཁོང་ལས་ཁུངས་ཀྱི་གཞུང་སྒྲུབ་ཁང་ནང་དུ་བསླེབས་ནས་ལས་བྱེད་དང་ལས་བཟོ་པ་རྣམས་ལ་མཛའ་བརྩེའི་ངང་ནས་གླེང་མོལ་གནང་ཞིང་། ལྟ་སྐུལ་འོག་སྒྲིག་ཁྲིམས་འཛིན་པའི"འཛིན་སྟངས་བཞི"ཇི་ལྟར་ལེགས་པར་བེད་སྤྱོད་བྱེད་པ་དང་། "ནགས་ཚལ་བདག་སྐྱོང"དང"ཤིང་སྡོང་དྲ་བཅོས་རྒྱག་པ།"དོ་དམ་ནན་ཏན་དང་གཟིགས་སྐྱོང་བཅས་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་པ། "འགན་འཁྲི་གཉིས"གཞི་རིམ་དུ་སྣུར་སྲིང་བྱེད་པ་སྐུལ་འདེད་བཏང་ནས་སྔར་ལས་མང་བའི་དྲང་ཕྱོགས་ནུས་ཚད་ཆགས་དགོས་པ་སོགས་ཀྱི་གནད་དོན་གླེང་སྟེ། ལས་བྱེད་དང་ལས་བཟོ་པ་དག་དང་མཉམ་དུ་གཏིང་ཟབ་ཏུ་དཔྱད་བསྡུར་སྤེལ་རེས་བྱས་ནས་ཞིབ་ཕྲའི་མཛུབ་སྟོན་གནང་།
གསུང་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ལེགས་པོ་གནང་། ཁོང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་གནད་ཆེན་ཨང་དང་པོར་བཞག་ནས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་སྲོག་ཤིང་གནང་བའི་གོ་གནས་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱས་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལྟར། སྔར་ལས་ཚན་རིག་དང་མཐུན་ཞིང་། སྔར་ལས་ཚགས་དམ་པ། སྔར་ལས་ནུས་གོ་ཆོད་པ་བཅས་ཀྱི་སྒོ་ནས་ཏང་གཉེར་ཏང་སྐྱོང་བྱ་བ་སྐུལ་འདེད་གཏོང་བ་དང་། ནམ་ཡང་ལམ་དུ་སྐྱོད་བཞིན་པའི་ངར་ཤུགས་ཀྱིས་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བྱ་བ་སྐུལ་འདེད་བཏང་སྟེ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་དང་། རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས། སྲོལ་ཡིག ཚད་གཞི་བཅས་གཞིར་བཟུང་ནས་ལས་འགན་འཁྲི་སྒྲུབ་བྱེད་རྒྱུ་དེ་ནུས་རྩལ་མཁས་ཤོས་སུ་བརྩི་བ་དང་། བྱ་བའི་འགོ་འཛུགས་ས་དང་རྐང་འཛུགས་སར་བརྩི་བ།མགོ་མཇུག་བར་གསུམ་དུ་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེ་བའི་བཟོ་སྐྲུན་གསར་བ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ། དུས་རབས་གསར་བའི་ཏང་གི་རང་ཉིད་གསར་བརྗེ་དང་སྤྱི་ཚོགས་གསར་བརྗེ་སྐུལ་འདེད་བྱས་ནས་ཏང་འཛུགས་སྐྲུན་བྱས་པ་སྔར་ལས་བརྟན་ཞིང་སྟོབས་ཆེ་བ་ཞིག་ཏུ་གཏོང་བ། སྐོར་ལྟ་དང་སྐོར་ཞིབ་ཀྱི་བྱ་བ་དེ་གནད་ཆེའི་འགག་རྩར་བཟུང་ནས་ལྟ་སྐུལ་སྔོན་དུ་བྱེད་པ་དང་།རྣོ་དབལ་རལ་གྲི་དགུང་དུ་དཔྱང་བ། འཇིགས་སྣང་རྟག་པར་སྐྱེ་བ། དར་སྲོལ་ཡོ་བསྲང་བྱེད་པ། ལས་བྱེད་ཀྱིས་བཟོས་པའི་ཐ་ཤལ་གྱི་ནོར་འཁྲུལ་མི་འབྱུང་བ་བཅས་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་འཛུགས་སྐྲུན་བྱེད་རྒྱུ་དེ་དམིགས་ཡུལ་གལ་ཆེན་དུ་བརྩིས་ནས། "སྐྱེ་ཁམས་གཉིས"མཉམ་དུ་འཛིན་པ་དང་། "འགན་འཁྲི་གཉིས"མཉམ་དུ་འཁུར་བ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་སྐྱེ་ཁམས་ཐད་ཀྱི"སྔོ་ལྗང་རི་ལུང"བསྐྲུན་དགོས།སྔ་བསླབ་ཕྱི་འདོམ་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་དེ་གལ་ཆེའི་ལས་འགན་དུ་བརྩིས་ནས། བླ་ན་མེད་པའི་སྨན་པའི"ཀུན་སྤྱོད"དང་། ཕུལ་དུ་བྱུང་བའི"སྨན་བཅོས་ལག་རྩལ།" ཉམས་སད་ཐེག་ཐུབ་པའི"སྨན་པའི་གོམས་སྲོལ"བཅས་ཀྱིས་ང་ཚོའི་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་བདེ་ཐང་ཡོང་བ་དང་། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ཚེ་སྲོག་བདེ་ཐང་ཡོང་བ་ཁག་ཐེག་བྱེད་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རྡུང་བཟོ་ཐེག་ཐུབ་པའི་དཔུང་སྡེ་ཉིད་དབུགས་སྒོམ་ནུས་པ་ལྟ་བུར་བརྩིས་ནས། ཏང་གི་སྒྲིག་ཡིག་དང་། རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་བཅས་སྤེལ་བསྒྲགས་ལག་བསྟར་བྱས་པས། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བར་མི་མངོན་པའི་གོ་དོན་དང་ལས་འགན་བསྩལ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེ་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བྱ་བའི་གཏན་ཤུགས་དང་། ཐེག་ཤུགས། འཕེལ་ཤུགས་བཅས་རྒྱུན་འཁྱོངས་བྱས་ནས། ལག་ལེན་ལ་སློབ་སྦྱོང་དང་། མང་ཚོགས་ལ་སློབ་སྦྱོང་། སྔོན་ཐོན་དཔེ་ལེགས་ལ་སློབ་སྦྱོང་བྱས་ཏེ། རང་རྟོགས་སྒོས་ཁྲིམས་སྐྱོང་བསམ་གཞིགས་བཀོལ་བ་དང་ཁྲིམས་སྐྱོང་ལུགས་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ། དད་མོས་ཐེག་ཐུབ་པ་དང་། ཆབ་སྲིད་ཐེག་ཐུབ་པ། འགན་འཁྲི་ཐེག་ཐུབ་པ། ནུས་ཤུགས་ཐེག་ཐུབ་པ། སྤྱོད་ཚུལ་ཐེག་ཐུབ་པ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་གཟི་བརྗིད་ལས་འགན་ནན་ཏན་སྒོས་བསྒྲུབ་པ་དང་། འབད་བརྩོན་གྱིས་རང་ཞིང་གི་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།
ལིག་ཉུན་དང་ཞུས་ཅ་ཚེ་གཉིས་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་ཞུགས། (བསམ་གྲུབ་ཀྱིས་བསྒྱུར།)