ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚད་གཞི་ནི་ཚད་གཞི་དང་པོ་ཡིན། ཏང་གི་རྩ་དོན་ནི་རྩ་དོན་དང་པོ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་བརྟག་དཔྱད་ཞིབ་འཇུག་བྱས། ཁོང་གིས་ནན་གྱིས་བསྟན་དོན།  ཆབ་སྲིད་ཀྱི་ཚད་གཞི་ནི་ཚད་གཞི་དང་པོ་ཡིན་ལ། ཏང་གི་རྩ་དོན་ནི་རྩ་དོན་དང་པོ་ཡིན། ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་སྤྲས་པའི་ཏང་ཡོན་ལས་བྱེད་བཀོལ་བ་རྒྱུན་འཁྱོངས་བྱས་ནས། "འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང་། "རང་རྟོན་བཞི"བརྟན་པོར་བསྲུང་བ།  དར་ཆ་གསལ་བོར་བསྒྲེངས་ནས་ཆབ་སྲིད་འཛིན་པ།  གཞུང་དྲང་ཚུལ་མཐུན་སྒོས་ལས་བྱེད་འདེམས་པ། བསམ་བློ་བཅིངས་འགྲོལ་བྱས་ནས་ཤེས་ལྡན་མི་སྣ་ངོས་འཛིན་པ། བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་གནད་དུ་འཛིན་པ། སྤུས་ཚད་ཡག་པོའི་རྩ་འཛུགས་ཀྱི་བྱ་བ་སྐུལ་འདེད་བྱས་ཏེ། ཕྱུག་འགྱུར་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

        ཝང་ཅན་ཅུན་སྔ་གཞུག་ཏུ་ལས་བྱེད་ཡིག་ཚགས་ཁང་དང་། ཤེས་ལྡན་མི་སྣ་གཞུང་ལས་ཁང་། ལས་བྱེད་སློབ་གསོ་ཁྲུའུ། དཔྱད་ཞིབ་གཞུང་ལས་ཁང་སོགས་སུ་བསླེབས་ནས། ལས་བྱེད་རྣམས་ལ་མཛའ་བརྩེའི་ངང་ནས་བཀའ་མོལ་གནང་ཞིང་། དགོངས་འཆར་ལ་ཉན་པ་དང་། གྲོས་གཞི་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ། བྱ་བར་དཔྱད་བསྡུར་བྱེད་པ་བཅས་བྱས།

        བཀའ་མོལ་ཁྲོད་ཝང་ཅན་ཅུན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་འཐབ་ཕྱོགས་གཅིག་གྱུར་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་རྒྱུ་གནད་དུ་འཛིན་པ་དང་། ཁྱོན་ཡོངས་ནས"ནན་ནན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་དང"ལྔ་བཞི་འཐབ་ཇུས"དོན་འཁྱོལ་བྱས་ཏེ། དུས་རབས་གསར་བའི་རྩ་འཛུགས་ཀྱི་བྱ་བ་ཇི་ལྟར་ནན་ནན་ཏིག་ཏིག་གིས་སྐུལ་འདེད་གཏོང་བའི་ཐད་ལ་ཕྱོགས་དྲུག་གི་གལ་ཆེའི་དྲི་གཞི་བཏོན། ཁོང་གིས་རྩ་འཛུགས་ཀྱི་ལས་བྱེད་ཀྱིས་དྲི་གཞི་དང་བསམ་གཞིགས་ཡོད་པའི་སྒོ་ནས་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་། དོན་དངོས་ནང་ཟབ་འཇུག་བྱས་ནས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བ། འགྲོལ་ཐུབ་རང་བཞིན་གྱི་བསམ་གཞིག་གིས་ལག་ལེན་ཁྲོད་བྱེད་ཐབས་འདོན་པ་དང་། དཀའ་གནད་སེལ་བ། དྲིས་ལན་འཚོལ་བ་བཅས་ཀྱིས་གོམ་གང་མདུན་སྤོས་སྒོ་ནས་ཏང་འཛུགས་བྱ་བའི་སྤྲོ་སེམས་འཁོལ་ས་དང་། གསར་སྐྲུན་བྱེད་ས། འཕེལ་ཤུགས་རྒྱས་ས་བཅས་མ་ནོར་བར་རྙེད་ནས། དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དེ་ཞིབ་ཕྲའི་བྱ་བ་རེ་རེའི་སྟེང་དུ་དོན་འཁྱོལ་བྱེད་དགོས་ཞེས་གསུངས།

        ཝང་ཅན་ཅུན་གྱིས་བསྟན་དོན། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་འཛིན་དགོས་ལ། བློ་མཐུན་ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་དབུ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་ཆབ་སྲིད་ཀྱི་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས། རྣམ་འགྱུར་ཤིན་ཏུ་གསལ་བོ་ཡིན་པ་དང་། ལས་ཕྱོགས་ཤིན་ཏུ་བརྟན་པོ་ཡིན་པ། འགུལ་སྐྱོད་ཤིན་ཏུ་རང་རྟོགས་ཡིན་པ་བཅས་ལེགས་པར་བསྒྲུབ་དགོས། ཏང་གི་རྩ་དོན་ལྟར་ལས་དོན་བསྒྲུབ་དགོས་ལ། རྩ་འཛུགས་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས་ཏང་གིས་བྱ་བ་ཡོད་ཚད་ལ་དབུ་ཁྲིད་བྱས་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། དེ་ལས་ཀྱང་གལ་ཆེ་བ་ནི་ཏང་གིས་དོ་དམ་བྱེད་པའི་ལས་བྱེད་དང་། ཏང་གིས་དོ་དམ་བྱེད་པའི་ཤེས་ལྡན་མི་སྣའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གཞུང་དྲང་ཚུལ་མཐུན་སྒོས་ལས་བྱེད་འདེམས་དགོས་ལ། ལས་བྱེད་ཀྱི་སྤུས་ཚད་ནི་ལས་དོན་ཡོད་ཚད་ཀྱི་རྨང་གཞི་ཡིན་པས། དུས་སྐབས་གསར་བའི་ལས་བྱེད་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་ནས་ཏང་དང་མི་དམངས་ལ་དངོས་སུ་མཁོ་བའི་ལས་བྱེད་བཟང་པོ་འདེམས་པ་དང་བཀོལ་སྤྱོད་བྱེད་དགོས། བསམ་བློ་བཅིངས་འགྲོལ་བྱས་ནས་ཤེས་ལྡན་མི་སྣ་ངོས་ཟིན་དགོས་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ས་སྟེང་གི་ཤེས་ཡོན་རྨད་བྱུང་ཅན་ངོས་བཟུང་ནས་བཀོལ་སྤྱོད་བྱེད་པ་དང་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གཅིག་སྒྲིལ་བྱེད་དགོས། བློ་རྩེ་གཅིག་སྒྲིམ་སྒོས་ཏང་འཛུགས་གནད་དུ་འཛིན་དགོས་ལ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱས་ནས་ཏང་ཡོན་གདོང་ལེན་པའི་དཔེ་ལེགས་ནུས་པ་འདོན་སྤེལ་བྱས་ཏེ།  དཔེར་འོས་སྣེ་ཁྲིད་གཙིགས་སུ་འཛིན་པ་དང་རྒྱུན་ཆད་མེད་པར་ཏང་གི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་གློད་གྲོལ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་ལྟ་སྐུལ་གཙིགས་སུ་འཛིན་དགོས་ལ། དོ་དམ་ནན་པོ་དང་མཛའ་བརྩེ་ཟབ་མོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐུལ་ལྕག་དང་འཆུན་འདོམས་གཉིས་མཐོང་ཆེ་ཆུང་གཅིག་བཞིན་བྱས་ཏེ། ཏང་ཡོན་ལས་བྱེད་ཀྱི་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་ཤུགས་སྣོན་བྱེད་དགོས། དུས་བསྟུན་མཉམ་སྐྱོད་ཀྱི་གསོ་སྦྱོང་ཤུགས་ཆེར་གཏོང་དགོས་ལ། ཏང་ལ་བློ་དཀར་ཞིང་རང་གཅུན་ཐུབ་པའི་ནུས་པས་ཁེངས་ཡོད་ལ་དངོས་དོན་ཡང་གཉེར་ཐུབ་པའི་ལས་བྱེད་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ། ཁོ་ཚོ་སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བར་འདྲེས་པ་དང་དུས་རབས་གསར་བར་སྐྱེས་སུ་འབུལ་དུ་འཇུག་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལུགས་མཐུན་གྱིས་དཔྱད་ཞིབ་གནད་དུ་འཛིན་དགོས་ལ། དམིགས་ཡུལ་གསལ་ཞིང་བྱེད་ཐབས་ལེགས་བཅོས་བྱེད་པ་དང་བརྩོན་ལེན་དོན་གཉེར་གང་ཐུབ་བྱས་ཏེ། དཔྱད་ཞིབ་དང་ཞིབ་དཔྱད་ཀྱི་རིན་ཐང་སྣེ་ཁྲིད་དང་གྲུབ་འབྲས་ཀྱི་ཉེར་སྤྱོད་མངོན་པར་མཚོན་དགོས། སྔ་མོ་ནས་བཅོས་སྒྱུར་དོན་གཉེར་བྱེད་པ་གྲ་སྒྲིག་བྱས་ནས་རྩ་འཛུགས་སྡེ་ཁག་གི་འགན་ནུས་ཀྱི་ནུས་ཤུགས་འདོན་སྤེལ་བྱས་ཏེ། སྔ་མོ་ནས་མ་འོངས་སྔོན་མཐོང་དང་ཐབས་ཇུས་འགོད་པའི་སྒོ་ནས་ལས་ཁུངས་བཅོས་སྒྱུར་བྱེད་པ་གོམ་པ་བརྟན་པོས་སྐུལ་འདེད་བྱེད་དགོས།

        ཝང་ཅན་ཅུན་གྱིས་བསྟན་དོན། ལྷག་བསམ་རྣམ་དག་སྒོས་ལས་འགན་ལག་བསྟར་བྱེད་པ་དང"བརྟན་སྲུང་ལྔ"དོན་འཁྱོལ་བྱེད་པ། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ནན་པོ་ཡིན་པའི་བླང་བྱ་ཡིས"ཆབ་སྲིད་འཛིན་པ་དང་། གཞུང་དྲང་གཙིགས་སུ་འཛིན་པ། འོས་འགན་གནད་དུ་འཕིགས་པ། སྤྱོད་པ་ལེགས་པ"བཅས་ཀྱི་དཔེ་ལེགས་སྡེ་ཁག་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལ་མཚོ་སྔོན་གྱི་སྔར་ལས་འབུར་དུ་ཐོན་པ་མང་པོ་བསྐྲུན་པ་དང་། མཚོ་སྔོན་གྱི་ཉམས་མྱོང་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ། མཚོ་སྔོན་གྱི་དཔེ་མཚོན་སྔར་ལས་མང་པོ་འཛུགས་པ་བཅས་བྱེད་དགོས།ཝང་ཡུས་ཡན་དང་ཏུའུ་ཅེ་གཉིས་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་ཞུགས།(བསམ་གྲུབ་ཀྱིས་བསྒྱུར།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1