ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན། མི་དམངས་གཙོ་འཛིན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་གྲལ་མགོའི་དམག་མི་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ཟླ4པའི་ཚེས17ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་ནི་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པས། ཞིང་ཆེན་ཡོངས་ཀྱིས་བསམ་བློའི་རིག་གནས་འཐབ་ཕྱོགས་གཅིག་གྱུར་དྲིལ་བསྒྲགས་བྱེད་སྐབས་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོག  ས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་བཀོལ་ནས། ཏང་ཡོངས་དང་མི་དམངས་ལ་སློབ་གསོ་བཏང་སྟེ་ཉིན་རྒྱུན་སློབ་པ་དང་། ཉིན་རྒྱུན་ཟབ་ཏུ་ཞུགས་པ། ཉིན་རྒྱུན་ཐུག་པ། ཉིན་རྒྱུན་བཀོལ་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་གཙོ་འཛིན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་གྲལ་མགོའི་དམག་མི་བྱེད་པ་དང་། དབྱངས་རྟ་གཙོ་བོ་གྱེར་ནས་དྲང་ཕྱོགས་ནུས་ཚད་གཅིག་ཏུ་སྒྲིལ་བཞིན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྔར་ལས་དམ་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕེང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་དང་། སྔར་ལས་བློ་བརྟན་འགྱུར་མེད་སྒོས་ཏང་གི་སྐད་ཆར་ཉན་ནས་ཏང་གི་རྗེས་འབྲངས་དགོས་པར་སློབ་གསོའི་སྣེ་ཁྲིད་བྱེད་དགོས།

        ཉིན་དེའི་ཞོགས་པར། ཝང་ཅན་ཅུན་སྔ་ཕྱི་རུ་ཞིང་ཆེན་དྲ་འཕྲིན་གཞུང་ལས་ཁང་དང་། ཏང་གི་འཚོ་བ་དུས་དེབ་ཁང་། ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་། གཞུང་ལུགས་ཁྲུའུ། གསར་འགྱུར་དཔེ་སྐྲུན་ཁྲུའུ་སོགས་ལས་ཁུངས་སོ་སོའི་ཚན་ཁག་དང་སྡེ་ཁག་ཏུ་བསླེབས་ནས། ལས་བྱེད་མི་སྣ་ལ་མཛའ་བརྩེའི་ངང་ནས་བཀའ་མོལ་གནང་ཞིང་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཏེ། བསམ་བློའི་གཞུང་ལུགས་ཀྱི་བྱ་བ་དང་གླེང་ཕྱོགས་འཁྲིད་སྟོན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། འཕྲིན་སྦྱོར་འཕེལ་རྒྱས་གཏོང་བ། ཏང་གི་དུས་དེབ་རྩོམ་སྒྲིག་འགྲེམ་སྤེལ་བྱེད་པ། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ལས་བྱེད་མི་སྣ་དག་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཞིབ་ཕྲའི་མཛུབ་སྟོན་གནང་།

        བཀའ་མོལ་ཁྲོད་ཝང་ཅན་ཅུན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱིས་བསམ་བློའི་རིག་གནས་འཐབ་ཕྱོགས་དྲིལ་བསྒྲགས་བྱས་ནས་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བར་ཞུགས་ནས་མགོ་འཛུགས་ས་གསར་བ་ནས་འགྲེང་སྟེ་ཞིང་ཆེན་ཡོངས་ཀྱིས་བསམ་བློའི་རིག་གནས་མ་ལག་དྲིལ་བསྒྲགས་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་བ་མེད་ཅིང་རང་རྟོགས་སྒོས་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དེ་གལ་ཆེའི་ལས་འགན་ཐོག་མ་རུ་བརྩི་བ་དང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་ཞེས་པའི་གཙོ་རྐང་འདི་ཉིད་ལག་ལེན་མཐའ་འཁྱོལ་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུར་དམིགས་ནས།"འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང་། "རང་རྟོན་བཞི"འགྱུར་བ་མེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་བཏོན་པའི"ཡིག་འབྲུ་ཞེ་བརྒྱད"ཀྱི་ལས་འགན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། བསམ་བློའི་རིག་གནས་དྲིལ་བསྒྲགས་བྱེད་པའི་བྱ་བ་ནན་ནན་ཏིག་ཏིག་གིས་ལེགས་པར་བསྒྲུབས་ཏེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྔ་ཆེན་བརྡུངས་ནས་ངར་ཤུགས་སློང་བ་དང་སྐད་གསང་མཐོན་པོས་འབོད་སྐུལ་གཏོང་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དྲིལ་བསྒྲགས་ཀྱི་བྱ་བས་དུས་རབས་གསར་བ་ལ་ཤུགས་ཆེན་པོའི་དྲང་ཕྱོགས་ནུས་ཚད་གོང་བུར་འགྲིལ་དགོས། ལྟེ་བ་གནད་དུ་བཟུང་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཏང་གི་སྐད་ངག་བརྒྱུད་སྤྲོད་གང་ལེགས་བྱེད་པ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་གང་ལེགས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་ལན་ཚོར་བ་དང་ཏང་གི་བཀའ་ལ་ཉན་བཞིན་བློ་བརྟན་འགྱུར་མེད་སྒོས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་རྗེས་འབྲངས་དགོངས་པར་སློབ་གསོའི་སྣེ་ཁྲིད་བྱེད་དགོས། མི་དམངས་གཙོ་འཛིན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་གྲལ་མགོའི་དམག་མི་བཟང་པོ་ཞིག་བྱེད་དགོས། ཐེག་བྱེད་ཕུན་སུམ་ཚོགས་པ་དང་། རྣམ་པ་གསར་སྐྲུན་བྱེད་པ། ནུས་པ་ཐོན་པའི་བྱེད་ཐབས་ལག་བསྟར་བྱས་ནས་དྲིལ་བསྒྲགས་སློབ་གསོ་ཇེ་ཟབ་ཏུ་བཏང་སྟེ། གཙོ་འཛིན་གྱི་དགོངས་དོན་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོག་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་སྟོབས་ཆེ་རུ་བསྐྱེད་པར་བསྐུལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་འབད་ཐག་གིས་མཚོ་སྔོན་གྱི་ལས་དོན་ལེགས་པར་བསྒྲུབ་དགོས། "སྨྲ་བ་གཉིས"(མར་ཁེ་སི་རིང་ལུགས་དངོས་གཙོ་སྨྲ་བ་དང་མར་ཁེ་སི་རིང་ལུགས་ལྷ་མེད་སྨྲ་བ)ཀྱི་ལེའུ་གསར་བ་ལེགས་པར་བརྩམས་ཏེ། ཕྱོགས་ཡོངས་ནས་ཏང་གིས་དོ་དམ་བྱེད་པའི་འཕྲིན་སྦྱོར་གྱི་རྩ་དོན་དོན་འཁྱོལ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱིས་མི་ལ་སྣེ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱིས་མི་ལ་དྲག་ཆས་སྤྲས་ནས། ནན་ནན་ཏིག་ཏིག་གིས་ཡིད་ཆེས་ཤུགས་ཆེར་གཏོང་བ་དང་། དམངས་སེམས་གཅིག་ཏུ་སྡུད་པ། མི་སེམས་ལ་དྲོད་ཁོལ་སྩོལ་བའི་བྱ་བ་ལེགས་པར་བསྒྲུབ་དགོས། "སྐད་བརྡ"(རྒྱ་སྐད་དང་དབྱིན་སྐད)གཉིས་ཀྱི་འཛུགས་སྐྲུན་ཐད་ནས་སྔར་ལས་ལྷག་པའི་བྱས་རྗེས་ཡོད་དགོས་ལ། རང་བྱུང་ཐོན་ཁུངས་ནི་ཇི་ལྟར་སྔོག་འདོན་བྱས་ན་དེ་ལྟར་ཉུང་ངུར་འགྲོ་ཞིང་། རིག་གནས་ཐོན་ཁུངས་ནི་ཇི་ལྟར་སྔོག་འདོན་བྱས་ན་དེ་ལྟར་མང་དུ་འགྲོ་བས། "སྐད་བརྡ"གཉིས་ཀྱི་འཛུགས་སྐྲུན་ཤུགས་སྣོན་བྱས་ནས་བྱས་རྗེས་དེང་རབས་ལ་འཇོག་པ་དང་། དུས་གཏན་དུ་ཕན་པ། སྔར་ལས་ལྷག་པའི་མཐོང་རྒྱ་ཆེ་རུ་གཏོང་བ། བསམ་ཕྱོགས་གསར་སྐྲུན་བྱེད་པ། འགན་འཁུར་ཕོད་པ་བཅས་ཀྱིས་དེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པར་ཞབས་འདེགས་ཞུ་རུ་འཇུག་དགོས། "གཡུལ་ས་གཉིས"སྲ་བརྟན་དུ་རྒྱ་སྐྱེད་བྱ་དགོས་ལ།  ཆབ་སྲིད་པའི་གསར་འགྱུར་པར་འདོན་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གླེང་ཕྱོགས་ཐོག་གི་མགོ་ཁྲིད་དབང་ཆ་དང་རང་དབང་གི་ནུས་པ་དྲིལ་བསྒྲགས་བྱེད་པ་བརྟན་པོར་དམ་དུ་འཛིན་པ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་གྱི་གཡུལ་ས་མཐོར་འདེགས་གཏོང་བ། དྲ་རྒྱའི་གཡུལ་ས་ལེགས་པར་འཛུགས་པ། གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། གཙོ་འཛིན་བཟང་བ། རྒྱལ་ཁབ་བཟང་བ། མི་དམངས་བཟང་བ་བཅས་ཀྱི་དབྱངས་རྟ་གཙོ་བོ་གླུ་རུ་གྱེར་ནས། ཧུར་ཐག་གིས་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་གསར་སྐྲུན་བྱེད་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་ལས་དོན་ལ་བློ་དཀར་བའི་དྲིལ་བསྒྲགས་ལས་བྱེད་དཔུང་སྡེ་སྐྱེད་སྲིང་བྱེད་དགོས།  ལྷག་བསམ་དག་ཅིང་ཡིད་རྟོན་རུང་བའི་ཆབ་སྲིད་ཀྱི་ཚད་གཞི་གནད་དུ་བཟུང་ནས། མགོ་ཁྲིད་ཚན་ཁག་ནུས་པ་ཅན་བགོ་སྒྲིག་དང་ལེགས་འདེམས་བྱས་ཏེ།  ལས་བྱེད་རྒྱ་སྐྱེད་པ་སྐུལ་འདེད་བྱས་ནས་དུས་རབས་གསར་བའི་དྲིལ་བསྒྲགས་བྱ་བའི"སྤུ་ཤད་འགའ"ལེགས་པར་བསྒྲུབ་རྒྱུ་གནད་དུ་བཟུང་ནས། ཆབ་སྲིད་ཐེག་ཐུབ་དང་། འཇོན་ནུས་རྩེར་སོན་པ། བདེན་འཚོལ་དང་གསར་སྐྲུན་བྱེད་པ། གཡུལ་བཤོམ་ནུས་ཤིང་དགྲ་ལས་རྣམ་པར་རྒྱལ་ཐུབ་པའི་དཔུང་སྡེ་ཞིག་བཙུགས་ནས།  དུས་བསྟུན་མཉམ་བསྐྱོད་ཀྱིས་འབད་འབུངས་དང་བྱས་རྗེས་ཡོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།

ཀྲང་ཞི་མེང་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་ཞུགས།       (བསམ་གྲུབ་ཀྱིས་བསྒྱུར།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1