ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ནུས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ཟླ4པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་ཧང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱིས་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོར་འཛིན་པ། གཞི་རྩའི་ཆོས་ཉིད་བརྩི་བཀུར་བྱེད་པ། བྱ་བའི་གནད་ཆེ་ས་གཙོར་འཛིན་པ། ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མཉམ་དུ་བསྐྱོད་པ། གསར་གཏོད་དང་གསར་སྐྲུན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྐུལ་འདེད་བྱས་ནས་གནས་བབ་གསར་བ་དང་བྱས་རྗེས་གསར་བ་གསལ་པོར་མངོན་པ། དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ནུས་ཤུགས་ཆེན་པོ་འདུ་དགོས་པ་ནན་གྱིས་བསྟན།

        ཝང་ཅན་ཅུན་སྔ་གཞུག་ཏུ་ཏང་ཕྱིའི་ཤེས་ལྡན་མི་སྣའི་ལས་སྒྲུབ་ཁྲུའུ་དང་། ཞིབ་འཇུག་ཁང་། བོད་ཁུལ་ལས་སྒྲུབ་ཁྲུའུ་བཅས་སུ་བསླེབས་ནས། ལས་བྱེད་དང་ལས་བཟོ་པ་རྣམས་ལ་ལག་འཇུ་བྱས་ནས་བཀའ་མོལ་གནང་ཞིང་། བྱ་བ་དང་འཚོ་བའི་གནས་ཚུལ་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོ་དང་མཉམ་དུ་གནད་དོན་མཆིས་པའི་ཞན་ཆ་དང་ཐག་གཅོད་བྱེད་པའི་ཐབས་བཀོད་དང་བྱེད་ཐབས་ལ་གྲོས་བསྡུར་བྱས། ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བའི་འགྱུར་ལྡོག་གསར་བ་དང་བླང་བྱ་གསར་བ་ལ་རྒྱུས་ལོན་བྱུང་རྗེས། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་རྣམས་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་དགོས་ཤིང་། ཏང་ཕྱིའི་ཤེས་ལྡན་མི་སྣའི་གང་བསམ་གང་སྒུག་ལ་རྒྱུས་ལོན་བྱས་ནས་ཁོ་ཚོ་ཏང་གི་ཉེ་འཁོར་དུ་འདུ་འཛོམས་བྱུང་སྟེ། ཁོ་ཚོའི་ཤེས་རབ་དང་འཇོན་ནུས་གང་ལེགས་སྒོས་འདོན་སྤེལ་བྱ་དགོས་པའི་སྐུལ་ལྕག་གནང་།

        བཀའ་མོལ་ཁྲོད་ཝང་ཅན་ཅུན་གྱི་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་ལས་དོན་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་ཀྱི་ལས་དོན་དང་མང་ཚོགས་ཀྱི་གལ་ཆེའི་ལས་དོན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཟིན་པས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་སྔར་བཞིན་གལ་ཆེ་ལ་ཚབ་བྱེད་མི་རུང་བ་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་འདུ་ཤེས་གསར་བ་དང་། བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱས་ནས་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ། ཡང་དག་པའི་སྒོ་ནས་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་བླང་བྱ་གསར་བ་བཟུང་ནས། མཚོ་སྔོན་དངོས་སུ་རྐང་བཙུགས་ཏེ་ཐུན་མོང་ངོས་ཟིན་གཅིག་སྒྲིལ་དང་། མི་སེམས་གཅིག་སྒྲིལ། ཤེས་རབ་གཅིག་སྒྲིལ། ནུས་ཤུགས་གཅིག་སྒྲིལ་བཅས་ཀྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་དགོས།

        ཝང་ཅན་ཅུན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལེགས་པར་བསྒྲུབས་ཏེ་ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོར་བསྲུང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱས་ནས"འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང་། "རང་རྟོན་བཞི"བརྟན་པོར་བསྲུང་བ། བསམ་བློ་དང་། ཆབ་སྲིད། སྤྱོད་ལམ་བཅས་ཀྱི་ཐད་ནས་ཞི་ཅིན་ཕེང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ལྷག་ལུས་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཞི་རྩའི་ཆོས་ཉིད་ལ་བརྩི་བཀུར་བྱེད་དགོས་ལ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ངོ་བོ་ནི་ཐུན་མོང་གི་ངོས་ཟིན་རྒྱ་བསྐྱེད་པ་དང་། སྲོག་ཤིང་ནི་སྲིད་ཇུས་ཚོད་འཛིན་བྱེད་པ། གནད་གལ་ནི་ནུས་པ་ཐོན་པའི་དུས་ཚད་དམ་འཛིན་བྱེད་པ། གལ་ཆེའི་བྱེད་ཕྱོགས་ནི་མཛའ་འབྲེལ་གྲོགས་སྒྲིག་བྱེད་པ། གྲུབ་ཆ་གཙོ་བོ་ནི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་བཅས་ཡིན། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་སྟེ་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། སྔར་ལས་དམ་ཟབ་སྒོས་བློ་མཐུན་ཞི་ཅིན་ཕེང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་བྱེད་དགོས། གནས་བབ་གསར་བ་ལ་བླང་བྱ་གསར་བ་འདོན་དགོས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྒྲུབ་ཕོད་པ་དང་། སྒྲུབ་མཁས་པ། སྒྲུབ་ཤེས་པ་བཅས་ཀྱིས་སྲིད་ཇུས་ཚོད་འཛིན་བྱེད་པར་རྒྱུས་ཆེ་བ་དང་བྱ་བའི་འཇོན་ཐང་ཤུགས་ཆེར་བཏང་ནས། སྲིད་ཇུས་ཀྱི་ངོས་ནས་འབྲེལ་བ་མཐུན་སྦྱོར་བྱེད་པར་མཁས་པ་དང་།རྒྱུ་མང་ཁྲོད་ནས་ཐུན་མོང་གི་ངོས་ཟིན་རྙེད་པ། སྤྱིའི་བགོ་གྲངས་ཆེ་ཤོས་དེ་རྙེད་ནས་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་དེ་བྲི་དགོས། བྱ་བའི་གནད་ཆེ་ས་གསལ་བོར་མངོན་དགོས་ལ། སྤྱི་ཡོངས་ནས་ཚོད་འཛིན་བྱེད་པ་དང་། འཐབ་ཇུས་ཀྱི་ངོས་ནས་བསམ་གཞིགས་གཏོང་བ། ཁྱབ་ཁོངས་ཀྱི་ངོས་ནས་རྒྱ་བསྐྱེད་པ། མཐོང་རྒྱ་ཆེ་རུ་བསྐྱེད་པ། བསམ་ཕྱོགས་གསར་སྐྲུན་བྱེད་པ། གནད་དོན་གྱི་ཁ་ཕྱོགས་སྟོན་ཚུལ་རྒྱུན་འཁྱོངས་བྱེད་པ། ལས་འགན་ལྕི་མོ་འགན་ཁུར་ཕོད་པ། ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པར་ཕན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་ཕན་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་ཕྱིན་ཚང་མ་རྒྱ་བསྐྱེད་ནས་བསམ་བློ་གཏོང་བ་དང་ཧུར་ཐག་གིས་བསྒྲུབས་ཏེ། འབྲེལ་བ་སྣ་ཚོགས་ཐག་གཅོད་ཡག་པོ་བྱེད་པ། ཕྱོགས་སོ་སོའི་མི་སྣ་ལ་ཐུགས་ཁུར་བྱེད་པ། མཐུན་སྒྲིལ་དང་འཆམ་མཐུན་ཡོང་བར་སྲུང་སྐྱོང་ལེགས་པར་བྱེད་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཐེག་ཐུབ་པའི་འཐབ་ཕྱོགས་གཅིག་གྱུར་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སློབ་སྦྱོང་བྱེད་མཁས་པ་དང་ཧུར་ཐག་གིས་མི་རིགས་སྲིད་ཇུས་དང་ཆོས་ལུགས་སོགས་སྣ་སོ་སོའི་ཤེས་ཡོན་ཁོང་དུ་ཆུད་པར་བྱེད་པ་དང་། མགོ་ཁྲིད་ཀྱི་ནུས་པ་དང་བྱ་བའི་ཆུ་ཚད་གོང་འཕེལ་དུ་གཏོང་དགོས། ཞིབ་འཇུག་བརྟག་དཔྱད་བྱེད་སྲོལ་དར་བར་བྱེད་པ་དང་བཅོས་སྒྱུར་གྱི་བསམ་པ་དར་སྤེལ་གཏོང་བ། བསམ་ཕྱོགས་གསར་སྐྲུན་བྱེད་པའི་མགོ་འཛུགས་པ། བྱེད་ཐབས་བཟང་བོ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐེམ་སྐས་གསར་བར་སྤོ་བར་སྐུལ་འདེད་གཏོང་དགོས།།

            བསམ་གྲུབ་ཀྱིས་བསྒྱུར།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1