ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཐོག་ཏུ་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་གསལ་བོར་བསྟན་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཏང་འཛུགས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བྱེད་པ་དང་། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་དེ་ལས་བྱེད་པ་དཔུང་སྡེ་འཛུགས་སྐྲུན་གྱི་དམིགས་འབེན་ཕྱོགས་སྟོན་དུ་བྱེད་པ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དེ་ཏང་གི་འདོད་ཚུལ་དྲིལ་སྒྲོག་དང་ཏང་གི་ཆོད་དོན་ལག་བསྟར། གཞི་རིམ་གྱི་བཅོས་སྐྱོང་ལ་མགོ་ཁྲིད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་འཛིང་བཙན་རྫོང་ཞིག་ཏུ་བྱས་ནས། དུས་རབས་གསར་བའི་རྩ་འཛུགས་བྱ་བར་ཁ་ཕྱོགས་གསལ་བོར་བསྟན་ཅིང་དམིགས་འབེན་གཏན་འཁེལ་བྱས་པ་རེད།
"ཆབ་སྲིད་རང་བཞིན"ཁོང་དུ་ཆུད་པ་གང་ལེགས་ཀྱིས་བྱས་ནས་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "དར་ཆ་གསལ་བོར་བསྒྲེངས་ནས་ཆབ་སྲིད་ལ་དོ་སྣང་བྱེད་པ་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྩ་བའི་བླང་བྱ་ཡིན།"རྩ་འཛུགས་སྡེ་ཁག་ནི་ཏང་ལ་དོ་དམ་དང་ནན་སྐྱོང་བྱེད་པའི་འགན་ནུས་གལ་ཆེན་སྡེ་ཁག་ཅིག་ཡིན་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་ལེན་པ། ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་བྱས་པས། གོམ་གང་མདུན་སྤོའི་སྒོས"ཆབ་སྲིད་རང་བཞིན"གྱི་གོ་བ་གཏིང་ཟབ་ཏུ་གཏོང་བ། "སློབ་གཉིས་བྱེད་གཅིག"གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གཙོ་གནད་དུ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་བརྩི་བ་དང་གནས་བབ་གསར་བའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ལག་བསྟར་ནན་མོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཁྲིམས་སྲོལ་ནན་སྲུང་བྱེད་པ། "འདུ་ཤེས་བཞི"ཤུགས་ཆེར་གཏོང་བ། བསམ་བློ་ཐོག་ཚད་གཞི་ལྟར་བྱེད་པ་དང་བྱ་སྤྱོད་ཐོག་འབྲལ་མེད་རྗེས་འབྲང་། ལག་བསྟར་ཐོག་བློ་བརྟན་འགྱུར་མེད་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཕུགས་བསམ་གྱི་འདུ་ཤེས་བརྟན་པོ་བསམ་བློས"ཀླད་པར་དྲག་ཆས་སྤྲས་པའི"ཕན་ཡོད་གནད་སར་བཞག་སྟེ། གོར་མོ་དམག་དཔོན་ཆེན་མོ་ཐོག་ཁང་སྤྱི་གླིང་གི་ཏང་གཤིས་སློབ་གསོ་རྟེན་གཞི་དང་གོར་མོ་ཏང་ཡོན་དྲ་ཚིགས་བཀོལ་ནས། "ཡུལ་དངོས+དྲ་བའི" ཏང་གཤིས་སློབ་གསོ་སྤེལ་ཏེ། དམག་དཔོན་ཆེན་མོ་མུའུ་ཧྲིན་ཀྲུང་གི"གསར་གཏོད་བྱས་པའི་སྙིང་སྟོབས"དེ"ཐོག་མའི་ཆོད་སེམས་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་ནང་དོན་གལ་ཆེན་དུ་བརྩིས་ཏེ། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་པ་དང་། གོམ་གང་མདུན་སྤྲོའི་སྒོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྣེ་ཁྲིད་དེ"བསམ་བློའི་རུས་སྨན"ཁ་གསབ་བྱེད་པ་དང་། "ཆབ་སྲིད་ཀྱི་བླ་སྲོག"དམ་པོར་བསྐྲུན་དགོས། སློབ་གསོར་ཤེས་སྤྱོད་ཟུང་འབྲེལ་ཤུགས་ཆེར་བཏང་ནས། རྩ་འཛུགས་པུའུ་ཀྲང"གཞི་རིམ་གྱི་ཀྲི་པུའུ་རུ་སོང་ནས་རྩ་འཛུགས་འཚོ་བ་རོལ་བ"དང"མི་ཁྲི་སྟོང་གིས་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་། མི་རེ་རེས་འཆད་ཁྲིད་པ་གཙོ་བོ་བྱེད་པ"སོགས་ཀྱི་བྱ་འགུལ་སྤེལ་བས་ཕན་ཡོད་སྒོ་ནས"ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"དང"སློབ་གྲྭ་གཉིས" སོགས་ཀྱི་སྟེགས་བུ་དང་ཐོན་ཁུངས་འདོན་སྤེལ་བྱས་ཤིང་། གཞི་རིམ་དུ་སློབ་སྦྱོང་སྐྱེལ་བ་དང་སྐོར་སྐྱོད་སྒྲོག་འགྲེལ། གཅིག་བསྡུས་རེས་སྐོར་སྦྱོང་བརྡར། ཆེད་དོན་རོགས་ཁྲིད་སོགས་བྱེད་ཐབས་སྣ་མང་སྤྱད་ནས་སློབ་སྦྱོང་སློབ་གསོ་ལ་ཤུགས་སྣོན་པ་དང་། གུང་ཁྲན་ཏང་མིའི་བསམ་པའི་རྟེན་གཞི་དང་ཆབ་སྲིད་ཀྱི་བླ་སྲོག་ལ་བརྟེན་ནས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕན་ནུས་བཟང་བོ་ཐོབ་ཅིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཕན་ཐོབ་པར་ཁག་ཐེག་བྱེད་དགོས།
"ཕྱོགས་སྟོན་རང་བཞིན"འབུར་དུ་ཐོན་པར་བྱས་ནས་ལས་བྱེད་པའི་དཔུང་སྡེ་ལེགས་འགྱུར་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། "ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པ་དང།'འདུ་ཤེས་བཞི'དང'ཡིད་ཆེས་བཞི'བརྟན་པོར་འཛུགས་པ། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ལྷག་བསམ་དཀར་ཞིང་བྱ་སྤྱོད་གཙང་བ། འགན་ཁུར་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཡར་འཐེན་དང་འདེམ་བསྐོ་བྱས་ནས། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་བཟང་བོ་བཀོད་སྒྲིག་བྱེད་དགོས།"ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་བླང་བྱ་གསར་བ་དེས་མི་འདེམ་མི་སྤྱོད་ཇི་ལྟར་བྱེད་པའི་ཐད"ཕྱོགས་སྟོན་གསར་བ"འདོན་སྤྲོད་བྱས་པ་མ་ཟད། མི་འདེམ་མི་སྤྱོད་བྱེད་དུས"ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར"དགོས་པ་གསལ་བོར་བསྟན་ཅིང་། "ལས་དོན་ཆེས་མཐོ་བ་དང་གཞུང་དྲང་ཚུལ་མཐུན་པའི"ན་གཞོན་ལས་བྱེད་པར་ལྡན་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མི་འདེམ་མི་སྤྱོད་ཀྱི"ཚད་གཞི་གསར་བ"སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་སྐྲུན་པའི་ཐད་རྨང་གཞི་བརྟན་པོ་བཏིངས། རྩ་འཛུགས་སྡེ་ཁག་གིས་བཀོད་སྒྲིག་གལ་ཆེན་འདི་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་དང་དངོས་འབེབས་བྱེད་པ་དང་།《ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གདམ་གསེས་དང་འགན་དབང་བསྐོ་གཞག་བྱ་བའི་སྲོལ་ཡིག》གི་བླང་བྱ་ལྟར། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པ་བཟང་བོའི་ཚད་གཞི་རྒྱུན་འཁྱོངས་བཟང་བོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཁྲིམས་སྲོལ་དམ་པོར་སྲུང་བ། ཏང་ལ་བློ་དཀར་བ། གཏམ་སྤྱོད་གཅིག་མཐུན་བཅས་ཀྱི་ཤེས་ལྡན་མི་སྣ་འདེམ་བསྐོ་རྒྱུན་འཁྱོངས་བྱེད་དགོས། ན་གཞོན་ལས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། བུད་མེད་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་འདེམ་གསེས་བྱ་བའི་ཤུགས་ཚད་ཤུགས་ཆེར་གཏོང་བ་དང་། ལས་བྱེད་པ་བེད་སྤྱོད་དང་གཞི་རིམ་དུ་སྦྱོང་རྡར་ཟུང་འབྲེལ་བྱས་ནས། དབུལ་སྐྱོར་འགག་སྒྲོལ་སོགས་ཀྱི་གཞི་རིམ་འཐབ་ཕྱོགས་དང་པོ་ནས་ལས་བྱེད་པ་འདེམ་གསེས་དང་། རྒྱུན་ཆད་མེད་པར་སྐུལ་མ་ནང་རྐྱེན་དང་ནོར་འཛོལ་རུང་ལ་ནོར་འཁྲིད་ཡོ་བསྲང་ནང་རྐྱེན་བཙུགས་ནས། ལས་བྱེད་པ་དཔྱད་ཞིབ་གདེང་འཇོག་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དོ་དམ་སེམས་ཁུར་དང་སྐུལ་མ་ཚོད་འཛིན་གཅིག་གྱུར་བྱེད་དགོས་པའི་དུས་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་པའི"ཆེད་ལས་ཀྱི་ནུས་པ་དང་ཆེད་ལས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་བའི"བླང་བྱ་ལྟར་དོན་དངོས་སུ་རྐང་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཆེད་ལས་ཅན་དང་གནད་ཁེལ་ཅན་གྱི་གསོ་སྦྱོང་འཛིན་གྲྭ་དང་ཆེད་དོན་གསོ་སྦྱོང་བསྡུས་ནས། ཆེད་ལས་བྱང་ཚད་མཐོར་འདེགས་བྱེད་པའི་དུས་མཉམ་དུ་ཆེད་ལས་ཅན་གྱི་ལས་བྱེད་པ་གསོ་སྐྱོང་བྱས་ནས། ལས་བྱེད་པའི་དཔུང་སྡེ་ལེགས་འགྱུར་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
"རྩ་འཛུགས་རང་བཞིན"ལ་ཁག་ཐེག་བྱས་ནས་ཏང་གི་གཡུལ་ས་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "རྩ་འཛུགས་ཀྱི་ནུས་ཤུགས་མཐོར་འདེགས་གཙོ་གནད་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ་དང་། ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་རྩ་འཛུགས་སོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འདོད་ཚུལ་དྲིལ་སྒྲོག་དང་ཏང་གི་ཆོད་དོན་ལག་བསྟར། གཞི་རིམ་གྱི་བཅོས་སྐྱོང་ལ་མགོ་ཁྲིད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་འཛིང་བཙན་རྫོང་ཞིག་ཏུ་བསྐྲུན་དགོས། "གཞི་རིམ་ནི་ཏང་གིས་སྲིད་སྐྱོང་བྱེད་པའི་རྨང་གཞི་ཡིན་པ་དང་། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དང་དངོས་འབེབས་བྱེད་པའི་ཆེས་རྩ་བའི་ཁག་ཐེག་ཡིན་པས། ང་ཚོས་མུ་མཐུད་དུ"གཞི་གསུམ"འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་བཀོད་སྒྲིག་དང་འཚོ་བ་བྱེད་སྟངས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། "123"ཏང་འཛུགས་བྱ་བའི་ནང་རྐྱེན་ཁྱོན་ཡོངས་ནས་འཛུགས་སྐྲུན་གཙོ་གནད་བྱས་ཏེ། གྲོང་ཁྱེར་ལྟེ་གནས་ཡིན་པའི་ས་ཁོངས་ཅན་གྱི་ཏང་འཛུགས་བྱ་བའི་ཆགས་སྟངས་གསར་བ་ཞིག་བསྐྲུན་ཅིང་། ནུས་པ་ཡོད་ཚད་བཏོན་ནས་ཏ་ཀུ་ལི་ཞང་ནས་ཀོ་ལི་མུ་ཏེ་གྲོང་རྡལ་དང་། བུ་ཐུའུ་མེད་རིན་ཞང་གི་ཤར་ནུབ་ནས་ཚར་ཧན་དང་གདང་ལ་གྲོང་རྡལ་གྱི་ལྷོ་བྱང་བར་གྱི་གཞུང་ལམ་གཙོ་བོ་གཉིས་ཀྱི་མཐའ་འཁོར་གྱི་ས་ཁོངས་སོ་སོའི་ཏང་འཛུགས་དཔེ་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་ཀྱི"རིགས་གསུམ་རྩ་འཛུགས"ཀྱི་ཏང་འཛུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཞན་འགྱུར་དང་དོན་སྟོང་། མཐར་ལུས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཞི་རིམ་བཅོས་སྐྱོང་བྱེད་པའི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ་དེ་དམིགས་ཡུལ་བྱས་ཏེ། ཧུར་ཐག་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་དམངས་གཙོས་དོན་ཆེན་གྲོས་མོལ། སྤྱི་པའི་རིག་གནས་ཞབས་ཞུ་སོགས་ནང་དོན་གཙོ་བོ་ཡིན་པའི"ཏང་འཛུགས+N"ཡི་གཞི་རིམ་བཅོས་སྐྱོང་དཔེ་དབྱིབས་གསར་བ་བསྐྲུན་དགོས་པ་དང་། གཞི་རིམ་གྱི་ཏང་འཛུགས་དང་གཞི་རིམ་གྱི་བཅོས་སྐྱོང་ཕན་ཚུན་མཉམ་སྒུལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ཐད་ལག་བསྟར་དཀའ་བ་དང་གཞི་རིམ་དམངས་གཙོ་སྐུལ་མི་ཐུབ་པ། ཏང་དོན་མངོན་གསལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་ཏང་གིས་གཞི་རིམ་གྱི་གཡུལ་སའི་ནུས་པ་འདོན་སྤེལ་བྱེད་དགོས།(གནམ་མཚོས་བསྒྱུར། )