དུས་རབས་གསར་བར་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ ཀྱི་ཆབ་སྲིད་ནུས་པ་ཇི་ལྟར་མཐོར་འདེགས་བྱ་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        "རྩ་འཛུགས་ཀྱི་ནུས་ཤུགས་མཐོར་འདེགས་བྱེད་པ་དེ་གཙོ་གནད་དུ་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་དགོས་པ"འདི་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཡིན་ལ། ཏང་ཀྲུང་དབྱང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པའི་བླང་བྱ་གསར་བ་དང་ལས་འགན་གསར་བ་ཞིག་ཀྱང་ཡིན།

        ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་བྱ་བ་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ནི། ཏང་གི་གྲོང་གསེབ་ཀྱི་བྱ་བའི་རྨང་གཞི་ཡིན་པས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རེ་རེ་འཐབ་འཛིང་བཙན་རྫོང་བརྟན་པོར་གྱུར་ན། ད་གཟོད་ཏང་གི་གྲོང་གསེབ་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་རེད། ད་ལྟ་ཧྭ་ལུང་རྫོང་ཞང་གྲོང་གི་སྡེ་བ17གྱི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་སྐབས་བརྗེ་བྱ་བ་སྤེལ་བཞིན་པས། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་ལེགས་སྒྲུབ་བྱེད་པ་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཟང་བོ་འདེམ་བསྐོ་བྱེད་པ་འདི་ནི་གནད་འགག་གལ་ཆེན་ཞིག་ཡིན། སྣེ་ཁྲིད་པ་བཟང་བོ་ཞིག་ཡོད་ན་ཀྲི་པུའུ་ཇེ་བཟང་དུ་འགྱུར་བ་དང་གྲོང་གསེབ་ལ་འཕེལ་རྒྱས་ཆེན་པོ་འབྱུང་བ་དང་། མང་ཚོགས་ཡིད་ཚིམ་རྒྱུ་རེད། གྲོང་གསེབ་སོ་སོའི་ཏང་ཨུས་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་སྐབས་བརྗེ་འགག་རྩ་བཟུང་སྟེ། མགོ་ཁྲིད་ལ་ཤུགས་སྣོན་དང་དངོས་སུ་མཛུབ་སྟོན་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་བཟང་བོ་དང་སྡེ་དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་དུ་བྱུང་བའི་མི་སྣ་ཚན་ཁག་ནང་དུ་བཀོད་སྒྲིག་བྱེད་དགོས།

        དུས་རབས་གསར་བར་སླེབས་ཤིང་རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད་དགོས།  གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་སྤེལ་དུས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ནང་བཏོན་པའི་རྩ་འཛུགས་ཀྱི་ནུས་ཤུགས་མཐོར་འདེགས་བྱས་ནས་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ་དེ་གཙོ་གནད་དུ་བྱས་ཏེ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་བཙན་རྫོང་བརྟན་པོར་འཛུགས་སྐྲུན་བྱེད་དགོས། ཞང་གྲོང་སོ་སོའི་ཏང་ཨུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བཏོན་པའི་བླང་བྱ་གསར་བ་དང་ལས་འགན་གསར་བ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཏེ། དོན་དངོས་སུ་རྐང་བཙུགས་ནས་བཅོས་སྒྱུར་གསར་སྐྲུན་དང་། དུས་རབས་གསར་བར་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་ལེགས་སྒྲུབ་བྱེད་དགོས། སྨྱུག་ཐོགས་པ་གྲོང་གསེབ་ཏུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པས། དུས་རབས་གསར་བར་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་ན"རྒྱུན་འཁྱོངས་གསུམ"བསྒྲུབ་དགོས་པར་སྙམ་སྟེ།

གཅིག  བསམ་བློ་འཛུགས་སྐྲུན་གྱིས་སྔོན་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

        བསམ་བློ་འཛུགས་སྐྲུན་ནི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ནང་གི་སྔོན་འགྲོའི་ཆ་རྐྱེན་གྱི་ནུས་པ་ལྡན་པས། ཁ་ཕྱོགས་བཟང་བོར་གཏོང་བ་དང་གཞི་རྩ་སྲ་བརྟན་བྱེད་དགོས། སྲིད་སྐྱོང་ཏང་ཡིན་པའི་གཞི་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། རང་རྟོགས་སྒོས་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྲུན་བྱེད་པ་དེ་ཏང་གི་འཛུགས་སྐྲུན་གྱི་ཨང་དང་པོར་བཞག་ནས། མའོ་ཙེ་ཏུང་གི་དགོངས་པ་དང་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་བཀོལ་ནས་རྒྱ་ཆེའི་ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པར་དྲག་ཆས་སྤྲས་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱིས་ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྲུན་ཨང་དང་པོར་བཞག་ནས། ཏང་གི་ཡང་དག་པའི་རིགས་པའི་གཞུང་ལུགས་བཀོལ་ནས་རྒྱ་ཆེའི་གྲོང་གསེབ་ཀྱི་ཏང་ཡོན་གྱི་བསམ་བློར་དྲག་ཆས་སྤྲས་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ན།  ད་གཟོད་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་མངོན་དུ་འགྱུར་བར་མཉམ་དུ་འབད་བརྩོན་བྱེད་པ་རེད། སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་གསར་བའི་ཁོངས་མིའི་གསོ་སྦྱོང་བྱ་བ་ལེགས་འཛིན་བྱེད་དགོས། གསོ་སྦྱོང་བྱ་བ་བྱེད་དུས་ངེས་པར་དུ་བསམ་བློའི་ཆབ་སྲིད་སློབ་གསོ་དང་གནས་བབ་ཀྱི་སྲིད་ཇུས་སློབ་གསོ། ཏང་སྒྲིག་རྒྱལ་ཁྲིམས་ཀྱི་སློབ་གསོ། ཤེས་བྱའི་རྩལ་ནུས་གསོ་སྦྱོང་བཅས་འབུར་དུ་ཐོན་དགོས་པ་དང་།  ཁོ་ཚོར་གསོ་སྦྱོང་དང་སྣེ་ཁྲིད་བྱས་ནས་ལངས་ཕྱོགས་བརྟན་པ་དང་། མང་ཚོགས་ལ་བརྩེ་དུང་ཟབ་མོ་སྤེལ་བ། མང་ཚོགས་བྱ་བ་ལེགས་སྒྲུབ་བྱེད་པའི་ནུས་པ་དང་ཁྲིམས་ལྟར་དོན་སྒྲུབ་པའི་ནུས་པ། མང་ཚོགས་སྣེ་ཁྲིད་དེ་གོང་སྤེལ་དང་ཕྱུག་སྒྱུར་བྱེད་པའི་ནུས་པ་བཅས་མཐོར་འདེགས་བྱས་ནས། ཧུར་ཐག་གིས"བཞི་ཡོད"ལས་བྱེད་པ་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས།

གཉིས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

        གྲོང་གསེབ་ཀྱི་ཏང་རྩ་འཛུགས་རང་ཉིད་ཀྱི་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་འཇོག་དགོས། གཅིག་ནས་གྲོང་གསེབ་ཀྱི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས། ཏང་ཡོན་ནི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་ནུས་ལག་བསྟར་བྱེད་པའི་ནང་གི་ཆེས་བཟང་བའི་རྒྱུ་རྐྱེན་ཡིན། ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་ནི་ཏང་ཡོན་རེ་རེའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས་མཚོན་པ་ཡིན་ཞིང་།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྒྲིག་གཞི་ལེགས་འགྱུར་དང་གསོན་ཤུགས་ཆེར་གཏོང་བར་རྐང་བཙུགས་ནས་གྲོང་གསེབ་ཏུ་ཏང་ཡོན་བསྡུ་ལེན་བྱེད་པའི་འཆར་གཞི་གཏན་འཁེལ་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཏང་ཡོན་བསྡུ་ལེན་བྱེད་དུས་གྲོང་གསེབ་ཀྱི་ཕུལ་དུ་བྱུང་བའི་མི་སྣའི་ཁྲོད་ནས་གསོ་སྐྱོང་དང་བསྡུ་ལེན་བྱེད་དགོས་པ་མ་ཟད། ད་རུང་ཕྱིར་ལས་ཀ་ལས་པའི་ཞིང་པའི་ནང་གི་ཕུལ་དུ་བྱུང་བའི་ཧུར་བརྩོན་ཅན་ཁྲོད་ནས་གསོ་སྐྱོང་དང་བསྡུ་ལེན་བྱེད་དགོས་པ་དང་། ལྷག་པར་དུ་ལོ་རབས80པ་དང་ལོ་རབས90པའི་ན་གཞོན་ཞིང་པ་ནང་ནས་ཏང་ནང་དུ་ཞུགས་རྒྱུའི་ཧུར་བརྩོན་ཅན་གསོ་སྐྱོང་བྱས་ནས། ཏང་ཡོན་དཔུང་སྡེའི་ལོ་ན་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས། གཉིས་ནས་གྲོང་གསེབ་ཀྱི་ཏང་ཡོན་སློབ་གསོའི་དཔེ་དབྱིབས་གསར་སྐྲུན་དང་ཧུར་ཐག་གིས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བཀོལ་ནས་དྲ་ཐོག་ཏང་སློབ་དང་སློབ་ཁང་སོགས་ཀྱི་རྒྱང་རིང་སློབ་གསོའི་སྟེགས་བུ་བཙུགས་ནས་པོད་ཆུང་དང་འཕྲིན་ཕྲན།  ལག་ཁྱེར་སྤོ་སྒུལ་མགྲོན་སྣེ་སོགས་ཀྱི་ཐེག་བྱེད་གསར་བ་བེད་སྤྱོད་བཟང་བོ་བྱས་ནས་གྲོང་གསེབ་ཀྱི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཏང་གཤིས་བློ་སྦྱོང་གི་བྱེད་ཐབས་གཙོ་བོ་མཐོར་འདེགས་བྱེད་དགོས། རྣམ་པ་སྣ་ཚོགས་དང་ཐེག་བྱེད་ལ་བརྟེན་ནས་གྲོང་གསེབ་ཀྱི་ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་དང་ཏང་གཤིས་ཀྱི་གོ་རྟོགས་མཐོར་འདེགས་བྱེད་དགོས་ཤིང་། ཁོ་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ་གྲོང་གསེབ་ཀྱི་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། ལྟེ་བའི་འདུ་ཤེས་བཅས་ཤུགས་ཆེར་གཏོང་དགོས་པ་མ་ཟད། ཏང་ཡོན་རེ་རེས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་ནུས་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས། གསུམ་ནས་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་པའི་ཤུགས་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཚན་ཁག་ཅིག་འཛུགས་དགོས། གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ནི་ཏང་གི་མགོ་ཁྲིད་མངོན་དུ་འགྱུར་བ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྩ་བའི་ཐེག་བྱེད་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་དུ་སྲིང་བའི་གནད་འགག་གི་རྒྱབ་བརྟེན་ཞིག་ཀྱང་ཡིན། སྡེ་བའི་ཏང་ཀྲི་པུའུ་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་དུས་གྲོང་གསེབ་ཀྱི་བྱ་བ་ཤེས་པ་དང་འཆར་འགོད་མཁས་ཤིང་བྱེད་ཕོད་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་བྱང་ཚད་མཐོ་བའི་མི་སྣ་བདམས་ནས་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"སུ་བཀོད་སྒྲིག་བྱས་ནས། ཚན་ཁག་གི་ལེགས་འགྱུར་མཉམ་སྒྲིག་མངོན་འགྱུར་བྱེད་དགོས། ཀྲི་པུའུ་བཟང་བོ་བཙུགས་ནས་ལས་འགན་དང་འགན་འཁྲི་ཁུར་ནས། ཀྲི་པུའུའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ནང་གི་རྩ་འཛུགས་འཚོ་བ་ནན་མོ་བྱེད་པ་དང་དུས་རྒྱུན་མཐོང་ཆེན་བྱེད་པ་དང་ཞིབ་ཕྲར་དོ་སྣང་རྒྱུན་འཁྱོངས་བྱས་ནས། "ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། ཏང་གཤིས་དབྱེ་ཞིབ། ཏང་ཡོན་ལ་དམངས་གཙོ་ཞིབ་བསྡུར་སོགས་ཀྱི་རྩ་བའི་ལམ་ལུགས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ཤིང་། སྒྲིག་ཁྲིམས་ཁྲིམས་སྲོལ་འགའ་ལག་བསྟར་བཟང་བོ་བྱེད་དགོས། མུ་མཐུད་དུ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་དག་ཐེར་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཉམས་མྱོང་བཀོལ་སྤྱོད་བཟང་བོ་བྱས་ནས། རྒྱུན་མཐུད་ངང་སྒྲུབ་པ་དང་ཡང་ནས་ཡང་དུ་འཛིན་པ། ལོ་རེ་རེར་བཀོད་སྒྲིག  ལོ་རེ་རེར་ཞིབ་བཤེར། ལོ་རེ་རེར་དངོས་འབེབས་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་ནང་རྐྱེན་ཞིག་ཆགས་ཏེ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སུ་བྱུང་བའི་ཆབ་སྲིད་ཀྱི་ནུས་པ་ཞན་འགྱུར་དང་དོན་སྟོང་། མུ་མཐར་ལུས་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། ལས་བྱེད་པར་དོ་དམ་ནན་མོ་བྱེད་པ་དང་། རྒྱུན་ཆད་མེད་པར་ཏང་ཡོན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་བེད་སྤྱོད་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི་ལམ་ལུགས་ཀྱི་ཚོད་འཛིན་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་གི་གཡུལ་ས་དམ་སྲུང་བྱེད་པའི་འཐབ་འཛིང་རང་བཞིན་ཤུགས་ཆེར་གཏོང་དགོས།

གསུམ། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས།

        གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དམངས་དང་འབྲེལ་བ། མི་གཞི་གཅིག་བསྡུས་ནི་ཏང་གི་དམིགས་ཡུལ་དངོས་འབེབས་བྱེད་པའི་གནད་ས་ཡིན།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་དུས་རབས་གསར་བའི་བླང་བྱ་དང་བསྟུན་ཏེ། "ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས"ཀྱི་ནུས་པ་ལྟར་ལག་ལེན་བྱེད་པའི་ཁྲོད་དུ་ཞབས་ཞུའི་ནུས་ཤུགས་ཆེ་རུ་གཏོང་བ་དང་།  ཞིང་པ་སྣེ་ཁྲིད་དེ་ཕྱུག་སྒྱུར་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ། གྲོང་གསེབ་ཀྱི་གཏན་འཇགས་སྲུང་སྐྱོང་བྱེད་པ། ཞབས་ཞུ་ལེགས་སྒྲུབ། ཞིང་པ་སྣེ་ཁྲིད་དེ་མཉམ་ལས་བདག་གཉེར་དང་ཁྱིམ་འབྲེལ་བདག་གཉེར། ཁྱིམ་ཚང་རེ་རེར་སོང་ནས་འཚམས་འདྲི་བྱེད་པ། ཁྱིམ་ཚང་འགན་གཙང་ལེན་བཅས་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་ཉན་པ། མང་ཚོགས་དང་དབུལ་ཕོངས་ཏང་ཡོན་ལ་རོགས་བྱས་ནས་ཐོན་སྐྱེད་དང་འཚོ་བ། ཡོང་འཕར། ཕྱུག་སྒྱུར་བཅས་སུ་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། ཞབས་ཞུའི་ཁྲོད་དུ་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཆབ་སྲིད་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྲོག་ཤིང་ཡིན་པའི་མ་ལག་རིམ་བཞིན་ཆགས་དགོས་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞབས་ཞུའི་ཁྲོད་དུ་སྔར་ལས་བཟང་བོའི་སྒོ་ནས་མགོ་ཁྲིད་སྲོག་ཤིང་དང་ཆབ་སྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་སྲིད་སྐྱོང་བྱེད་པའི་རྨང་གཞི་དེ་མི་དམངས་མང་ཚོགས་ནང་དུ་རྩ་བ་ཚུགས་དགོས།།

             གནམ་མཚོས་བསྒྱུར། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1