རབ་མཛེས་མཚོ་སྔོན་དུ་ཡུས་ཧྲུའུ་ནི་ཆེས་བཟང་བའི་མིང་བྱང་ཞིག་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ངང་པས་ར་སྐོར་བྲོ་འཁྲབ་པ་དང་གསའ་འཆམ་འཆམ་དུ་འགྲོ་བ།ཆུ་སྲམ་གྱིས་བཟུང་ནས་ཟ་བ།ཤྭ་བ་མཆུ་དཀར་དུས་ཚོད་ངེས་མེད་ཀྱིས་མངོན་པ་དེ་དག་ནི་ཡུས་ཧྲུའུ་ཡི་ཆེད་བྲིས་གནས་ཚུལ་རེད།

        ཟླ་བདུན་པའི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཀྱིས་གང་མཛེས་འགྲན་པ་དང་ཆུ་བོ་ལྷུང་ལྷུང་དུ་འབབ་པ།མཛེས་སྡུག་དེ་དག་ལ་སྐད་ཆ་བཤད་ཐབས་མེད་པ་རེད།

        ཡུས་ཧྲུའུ་ནི་སྤྱི་ཚོགས་དང་བྲལ་ནས་ཁེར་རྐྱང་གི་གཞོན་ནུ་མ་ཞིག་དང་འདྲ་བས།རང་བྱུང་ཧ་ཅང་མཛེས་པོ་ཡོད་དེ།གངས་རི་དང་འཁྱགས་ཀླུང་།མཚེའུ།སྤང་ལྗོངས། ནགས་ཚལ་སོགས་ལ་འཆམ་མཐུན་དང་མཛེས་སྡུག  སོས་དལ་བག་ཕེབས།ཁ་ཁུག་སིམ་པོ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཡུན་རིང་དུ་སྡོད་པའི་མི་རྣམས་ས་ཆ་དེ་དང་བྲལ་ཐབས་མེད་པ་རེད།

        ཡུས་ཧྲུའུ་ནི་ཆེས་ཆེ་བའི་མི་མངོན་པའི་སྐྱེ་ཁམས་སྟེང་ཆགས་ཡོད་པ་དང་།ཆེས་ཆེ་བའི་འགན་འཁྲིའང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད།

        2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས།རྒྱང་རིང་བརྙན་རིས་ལྟ་ཞིབ་ཚད་ལེན་མ་ལག་ལ་བཀོལ་ཏེ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་གནས་ཚུལ་གཟིགས་པ་མ་ཟད།རྣམ་སྲས་ཀྱི་རྫ་ཆུ་གྲོག་རོང་ཆེན་པོའི་སྐྱེ་ཁམས་དང་པོར་དོ་དམ་དང་སྲུང་སྐྱོང་བྱེད་མཁན་རྣམས་དང་བརྙན་རིས་ནང་ཁ་ཏ་མཛད་དུས་བསྟན་དོན།"ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག"ནི་རྒྱལ་ཁབ་ཀྱི་སྲོག་རྩའི་འབྱུང་ཁུངས་ཡིན་པས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བཟང་བོ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད།

        དེའི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅིས་རང་གི་མིག་ལ་གཅེས་སྲུང་བྱེད་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྲུང་བྱེད་དགོས་པ་དང་།རང་གི་ཚེ་སྲོག་ལ་གཅེས་སྲུང་བྱེད་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྲུང་བྱེད་དགོས་པའི་བསྟན།

        2016ལོའི་ཟླ9བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཟུར་པ་ཝང་གོ་ཧྲིན་གྱིས་ཡུས་ཧྲུའུ་རུ་བརྟག་དཔྱད་བྱེད་སྐབས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་མངག་བཅོལ་ཡིད་ལ་དམ་དུ་བཟུང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་དེ་ཕྲག་ཏུ་ཁུར་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ།ཡུས་ཧྲུའུ་ཡི་འཕེལ་རྒྱས་ཇེ་བཟང་དུ་འགྲོ་བ་དང་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་བཟང་དུ་ཡོང་བ་བྱེད་དུ་འཇུག་དགོས།

        ཡུས་ཧྲུའུ་ཡི་ཡུལ་ལྗོངས་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱུད།རོངས་པོ་མཚོ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསུམ་དུ་ཡོད།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲོག་ཤིང་སྲུང་སྐྱོང་ཁུལ18ནང་གི10ནི་ཡུས་ཧྲུའུ་རུ་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི9.6ཏུ་སླེབས་པར་ཡུས་ཧྲུའུ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི41%ཟིན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི72%ཟིན་པས་སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེན་རེད།

        ལོ་གཉིས་རིང་དུ་ཡུས་ཧྲུའུ་ཡིས་མངག་བཅོལ་ཡིད་ལ་དམ་དུ་བཟུང་སྟེ་ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྔོན་འགྲོ་ཁུལ་ནང་གི་དཔེ་སྟོན་ཁུལ་བརྩོན་ལེན་བྱེད་པ་དང་།  ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཁྱོན་ཡོངས་ནང་སྔར་ལས་ཆེ་བའི་གོ་གནས་བརྩོན་ལེན་བྱེད་བཞིན་ཡོད།དེ་དག་ནི་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ལངས་ཕྱོགས་བརྟན་པོ་ཡིན།སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པ་དེ་བྱ་བ་སྣ་ཚོགས་ཇུས་འགོད་བྱེད་པའི་བརྗོད་བྱ་གཙོ་བོ་དང་ཡུས་ཧྲུའུ་གོང་དུ་འཕེལ་བའི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་སུ་བརྩིས་པ་འདི་ནི་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་འབད་བརྩོན་དམིགས་ཡུལ་ཞིག་ཡིན།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་དང་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པ།ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པ་བཅས་ནི་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་བྱེད་པའི་ཁ་ཕྱོགས་ཡིན།

        ལོ་གཉིས་རིང་དུ་ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས"སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི"འཐབ་ཇུས་ལག་བསྟར་དང་།"སྐྱེ་ཁམས་ཡུས་ཧྲུའུ"འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཁུར་ནས་མཛུབ་སྟོན་དང་རྩ་འཛུགས།མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་བཅས་ཀྱི་ནུས་པ་དང་།མི་རིགས་སོ་སོའི་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་པས།རྩྭ་ཐང་དང་ནགས་ཚལ།ས་རྒོད།རློན་ས།ཆུ་བོ།མཚེའུ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།

        -ལྗང་མདོག་ལས་རྗེས་ཀྱི་དཔྱད་བསྡུར་ལམ་ལུགས་གསར་བ་བཙུགས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས་དངོས་འབེབས་བྱས།

        -ནུས་པ་ཡོད་ཚད་བཏོན་ནས་སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་ལྟ་སྐུལ་དོ་དམ་བྱ་བ་ལེགས་སྒྲུབ་བྱས་པ་དང་། བློ་ཐག་རྦད་ཆོད་ཀྱིས《ཡུས་ཧྲུའུ་རུ་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་བྱ་བའི་རྩ་གནད》ལག་བསྟར་བྱེད་པ་དང་།"ལྟ་སྐུལ་དོ་དམ"དང "བཅོས་སྐྱོང་སླར་གསོ"མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་སླར་གསོ་བྱ་བའི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་ལེན་དང་།མཉམ་འབྲེལ་བྱས་ནས་སྐོར་སྐྱོད་ནང་རྐྱེན་བཙུགས།

        -ཤུགས་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གསོ་སྐྱོང་བྱས།ཡུས་ཧྲུའུ་མི་དམངས་ཀྱིས་གནའ་སྔ་མོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཡོད་པས།ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་ཀྱི་རིན་ཐང་ལྟ་ཚུལ་གསོ་སྐྱོང་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་ནང་དུ་བཞག་པ་དང་། ཤུགས་ཆེན་པོས་མི་དང་རང་བྱུང་བར་གྱི་འཆམ་མཐུན་གྱི་སྐྱེ་ཁམས་རིག་གནས་དྲིལ་སྒྲོག་བྱེད་པ་དང་།སྐྱེ་ཁམས་ཀྱི་མི་ཆོས་ཀུན་སྤྱོད་གསོ་སྐྱོང་དང་སྐྱེ་ཁམས་རིག་གནས་གཞི་རིམ་དུ་སྐྱེལ་བའི་བཟོ་བཀོད་ལག་བསྟར་བྱས་པས། སྐྱེ་ཁམས་དཔལ་ཡོན་མཉམ་འཛུགས་བྱེད་པའི་སྣང་ཚུལ་བཟང་བོ་བཙུགས་ཡོད།

        -ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་འཛུགས་སྐྲུན་དང་ནགས་ལས་སྐྱེ་ཁམས།ནགས་སྐྲུན་ལྗང་སྒྱུར་བཟོ་བཀོད།གྲོང་ཁྱེར་གྱི་ལྗང་སྒྱུར་བྱ་བ་བཅས་ལ་སྐུལ་འདེད་བཏང་སྟེ།ཁུལ་ཡོངས་སུ་ནགས་སྐྲུན་ལྗང་སྒྱུར་སྤྱི་ཆིང861.3དུ་བསླེབས་པ་དང་། རིགས་མི་གཅིག་པའི་སྡོང་ཕྲུག་ཁྲི391བཙུགས་པ།ཡུས་ཧྲུའུ་གྲོང་ཁྱེར་དུ་ཕྱོགས་བསྡུས་སྤྱི་གླིང3དང་སྡེ་ཁུལ་སྤྱི་གླིང6བཟོ་སྐྲུན་བྱས་ཡོད་པ་རེད།

        -ཤུགས་ཆེན་པོས་སྐྱེ་ཁམས་ལྗང་མདོག་ཐོན་ལས་དང་སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་བཏང་བ་དང་།ནས་དང་ཚོད་མ།འབྲི་གཡག  ལུག  དབྱར་རྩྭ་དགུན་འབུ་བཅས་ཐོན་ལས་བསྐྲུན་པས།ད་ལྟ་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་མཉམ་ལས་ཁང18དང་ཁྱིམ་འབྲེལ་བདག་གཉེར་དཔེ་སྟོན་མཉམ་ལས་ཁང36།ཁྱིམ་གསོ་དཔེ་སྟོན་ཁྱིམ་ཚང60།འདེབས་འཛུགས་ལས་དཔེ་སྟོན་རྟེན་གཞི16།ཡུས་ཧྲུའུ་གྲོང་ཁྱེར་དང་ནང་ཆེན་རྫོང་ལྗང་མདོག་ཚོད་མ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཅས་གསོ་སྐྱོང་བྱས་པ་མ་ཟད།སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང200དང་ཁྱིམ་ཚང་ཞིང་ཕྱུགས་ར་བ100།བདག་གཉེར་ཁྱིམ་ཆེན་བཅས་བཙུགས་ཤིང་།སོན་ཕྱུགས་སྤེལ་ར4ཡི་ནུས་པ་མཐོར་འདེགས་འཛུགས་སྐྲུན་སྤེལ་བ་དང་རྫོང3གྱི་ཕྱུགས་ཟོག་རྒྱུད་སྤེལ་བཟང་བོ་རྟེན་གཞི་གསར་དུ་བཙུགས་པ་རེད།

        -ཧུར་ཐག་གིས་ཡུས་ཧྲུའུ་ཡི་ཁྱད་ཆོས་དང་མཐུན་པའི་སྐྱེ་ཁམས་བྱ་བའི་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་ཁྲིམས་ལྟར་སྲུང་སྐྱོང་བྱས་པས།གོ་རིམ་ཡོད་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་དང་སྤྱི་ཚོགས་ཀྱི་རང་བྱུང་མི་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞུགས་པ་རེད།

        -རིགས་སོ་སོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་ཏུ་སྐྱེ་ཁམས་སྲུང་སྐྱོང་དང་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས།སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཅས་ཀྱིས་མཛུབ་སྟོན་བྱེད་པའི་ཁ་གསབ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་བས།ཚན་རིག་དང་མཐུན་པའི་ཕྱོགས་བསྡུས་འཐབ་ཇུས་ཀྱི་ནང་རྐྱེན་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཞིབ་དཔྱད་ཚད་ལེན་སྔོན་ཚུད་ཉེན་བརྡ་དང་དཔྱད་དཔག་ནང་རྐྱེན་འཐུས་ཚང་དུ་བཏང་ཡོད།

        -ཧུར་ཐག་གིས་སྐྱེ་ཁམས་གནས་སྤོ་ཡུལ་མི་ལ་སྣེ་ཁྲིད་དེ་ཚོང་ལས་དང་བཟའ་བཏུང་།སྐྱེལ་འདྲེན།མི་རིགས་སྲོལ་རྒྱུན་ལས་སྣོན་ལས་རིགས་གོང་དུ་སྤེལ་ཏེ་རྗེས་མཐུད་ཐོན་ལས་ཤུགས་ཆེར་བཏང་བ་དང་།"གནས་སྤོ་ཐུབ་པ་དང་དོན་སྒྲུབ་ཡོད་པ།ཕྱུག་སྒྱུར་བྱེད་ཕོད་པ།གཏན་འཇགས་ཡོང་བ།ལྡོག་རྒྱག་མིན་པ"བཅས་མངོན་དུ་འགྱུར་རྒྱུ་འབད་བརྩོན་བྱེད་པ།

        -ནུས་པ་ཡོད་ཚད་བཏོན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་།ཧུར་ཐག་གིས་ས་དེ་གའི་ལས་འགན་གཙོ་བོ་ཁུར་ཏེ་བྱེད་ཐབས་སྣ་ཚོགས་ཀྱིས་དངོས་འབེབས་ལ་དམ་འཛིན་བྱས་ཏེ།རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་བྱ་བར་སྐུལ་འདེད་གཏོང་དགོས།ཞང་གྲོང9ཡི་སྡེ་བ34རུ་སྲུང་སྐྱོང་ས་ཚིགས་བཙུགས་ནས་དུས་རྒྱུན་དུ་འཁོར་སྐྱོད་བྱེད་པ་དང་།སྐྱེ་ཁམས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང16113རིམ་བཞིན་ཆགས།

        -རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ས་ཚིགས་ཡུས་ཧྲུའུ་ཡི་བྱ་སྤྱོད་ལོ་བྱ་འགུལ་སྤེལ་བས།བྱེད་ཐབས29ལ་ཞིབ་ཕྲ་བྱས་པ་དང་དམངས་ཡོངས་ལ་སྐུལ་སློང་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་དུ་ཞུགས་པ་དང་རྒྱབ་སྐྱོར་བྱས་པས།སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ།

        -རྫ་ཆུ་འབྱུང་ཡུལ་གྱི་དབུལ་ཕོངས་ཁྱིམ་ཚང3449 "ཁྱིམ་ཚང་རེ་ལ་ལས་རྐང་རེའི"སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་མཁན་ཡོངས་སུ་ཡོད་པར་གྱུར་པ་མ་ཟད།དོ་དམ་སྲུང་སྐྱོང་རུ་ཆེན19དང་དོ་དམ་སྲུང་སྐྱོང་ཡན་ལག་རུ་ཁག64བཙུགས་ཏེ།"མོ་ཐུའོ་འཁོར་ལོ+རྟ་ལ་ཞོན་པ+རྐང་ཐང"བཅས་ཀྱི་སྐོར་སྲུང་བྱེད་ཐབས་སྤྱད་ནས་ཉིན་རེར་གནས་གཏན་སྐོར་སྲུང་བྱེད་པ་དང་།ཉིན15རེར་གཅིག་བསྡུས་སྐོར་སྲུང་ལམ་ལུགས་ལག་བསྟར་བྱས་ཤིང་།འབྲོག་པ་ལྟ་ཞིབ་ཚད་ལེན་པ64གསོ་སྦྱོང་བྱས་ནས་སྤྱི་ལེ་གྲུ་བཞི་མ2000ཡི་ས་ཁོངས་སུ་དམར་ཕྱི་པར་ཆས100བཞག་པར་འདྲ་པར་གསལ་བོ་ཁྲི25ཙམ་བླངས་པས།སའི་གོ་ལ་ཡོངས་སུ་གསའ་ཡིས་སྡེབ་སྦྱོར་བྱེད་པའི་གནས་ཚུལ་ཨང་དང་པོ་ཟིན་པ་དང་།མཚོ་བོད་ཐོག་སྒང་གི་ཤར་རྒྱུད་དུ་གཟིག་ཁྲ་ཐིག་ཅན་དང་གསའ་གཉིས་མཉམ་དུ་གནས་པའི་སྣང་ཚུལ་དང་གཟིག་ཁྲ་ཐིག་ཅན་རྒྱུད་སྤེལ་གྱི་གནས་ཚུལ་གསལ་བོར་ཤེས་སོང་།

        -ཡུལ་དམག་དཔུང་སྡེའི་འཛུགས་སྐྲུན་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་མཁན་དཔུང་སྡེའི་འཛུགས་སྐྲུན་མ་ལག་ནང་དུ་བཞག་ནས"རྫོང་དུ་ལེན་ཡོད་པ་དང་ཞང་དུ་པའེ་ཡོད་པ།སྡེ་བར་པན་ཡོད་པའི"ཡུལ་དམག་གི་དཔེ་དབྱིབས་གསར་བ་ཞིག་ཆགས་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གཞན་པ་ཞིག་ཏུ་གྱུར།

        -རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ས་བཙུགས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་འདྲི་གཅོད་དང་།དམངས་དོན་གཏུག་བཤེར་གྱོད་གཞི་དང་ཉེས་དོན་གཏུག་བཤེར་གྱོད་གཞི་བཅས་དང་འབྲེལ་ཡོད་པ་དང་།ཁོར་ཡུག་སྦགས་བཙོག་སྔོན་འགོག  གནམ་གཤིས་འགྱུར་བ་ལས་བྱུང་བའི་གྱོད་གཞི། རིགས་སོ་སོའི་སྐྱེ་ཁམས་ཐོན་ཁུངས་གུན་གསབ་འཇལ་བའི་གཏུག་བཤེར་གྱོད་གཞི་སོགས་ལ་གཅིག་བསྡུས་ཐག་བཅད་པས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་བྱེད་པའི་ཐད་ཁྲིམས་འཛིན་ཁག་ཐེག་འདོན་སྤྲོད་བྱས་པ་རེད།

        -ཡུས་ཧྲུའུ་གྲོང་ཁྱེར་གྱིས་བསམ་བློ་བཅིངས་འགྲོལ་སྔོན་ཁྲིད་དང་གསར་སྐྲུན་སྒྲིག་སྲོལ་གྱིས་འགན་སྲུང་།གཙང་སྦྲ་བཅོས་སྐྱོང་འགག་སྒྲོལ།"གྲོང་ཁྱེར་བཞི་ཡིས་འབྲེལ་སྐྲུན"གྱིས་གཙོ་འཛིན་བཅས་བྱས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་དང་གྲོང་ཁྱེར་གྱི་རྣམ་པ་ཇེ་བཟང་དུ་གྱུར་པ། སྡོད་དམངས་ཀྱི་བྱང་ཚད་དང་དཔལ་ཡོན་མངོན་གསལ་མཐོར་འདེགས་བྱས་པ།བདེ་ཐང་གི་འདུ་ཤེས་དང་བདེ་ཐང་གི་འཚོ་བ་ཇེ་བཟང་དུ་འགྲོ་བ།ལྗང་མདོག་དང་གནས་ལ་འཚམ་པའི་གྲོང་ཁྱེར་གྱི་ཁོར་ཡུག་དང་། དཔལ་ཡོན་དང་བདེ་ཐང་གི་གྲོང་ཁྱེར་གྱི་འཚོ་བ་རིམ་བཞིན་མཐོར་འདེགས་བྱེད་བཞིན་ཡོད། 2016ལོར་ཡུས་ཧྲུའུ་གྲོང་ཁྱེར ་གྱིས"ཞིང་ཆེན་རིམ་པའི་གཙང་སྦྲ་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་གྱི"མཚན་སྙན་བླངས།

        -རྫ་ཆུ་འབྱུང་ཡུལ་དུ་གནས་པའི་རྫ་སྟོད་རྫོང་གིས་གད་སྙིགས་རིགས་བགོས་ཚུར་སྡུད་ཐག་བཅད་པས་སྲིད་གཞུང་དང་སྡེ་ཁུལ།སློབ་གྲྭ།ཁེ་ལས།འབྲོག་པ་བཅས་ཀྱིས་མཉམ་དུ་ཞུགས་པ་དང་ཕན་ཚུན་ལྟ་སྐུལ་བྱེད་པའི"ཁྱིམ་ཚང་གིས་གད་སྙིགས་རིགས་བགོས་དང་སྡེ་བས་གཙང་སྦྲ་བྱེད་པ།ཞང་གིས་བསྡུ་སྐྱེལ་བ།རྫོང་གིས་ཐག་གཅོད་བྱེད་པ" "N+1"གི་འབྲོག་ཁུལ་གྱི་གད་སྙིགས་ཐག་གཅོད་བྱེད་པའི་དཔེ་དབྱིབས་ཤིག་ཆགས།

        -2017ལོའི་ཟླ7པའི་ཚེས7ཉིན་ཕོ་ལན་གྱི་ཁེ་ལ་ཁོ་ཧྥུ་རུ་བསྡུས་པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཐེངས41པའི་ཐོག་ཏུ་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱུད་ནི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ཤིང་གྲོས་འཆམ་བྱུང་སྟེ《འཛམ་གླིང་ཤུལ་བཞག་མིང་ཐོ》ནང་དུ་བཞག་ཡོད་པས།ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཐེངས51པར་གྱུར་པ་ཡིན་ལ། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་ཤུལ་བཞག་སར་གྱུར་པ་རེད།

        ལོ་གཉིས་རིང་དུ"ཤྭ་བ་མཆུ་དཀར་བརྒྱ་འགའ་ཡུས་ཧྲུའུ་རུ་དུས་ཚོད་ངེས་མེད་ཀྱིས་མངོན་ཡོད་པ"དང་།"ཡུས་ཧྲུའུ་འཇའ་ཐང་རྩྭ་ཐང་དུ་རྩ་ཆེའི་བྱ་མང་པོ་ཡོང་བ།" "ད་ལོར་ཁྲུང་ཁྲུང་མགོ་ཁྲ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཨང་དང་པོ་ཡོང་བ།""གསའ་ཡིས་རྫ་སྟོད་ཀྱི་སྲང་ལམ་དུ་འཆམ་འཆམ་དུ་འགྲོ་བ།""ཡུས་ཧྲུའུ་ཡི་རྡོ་གྲོང་ནགས་ར་རུ་གཟིག་ཁྲ་ཐིག་ཅན་གནས་འདུག" "རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་བྱུང་བ།""སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་བཟང་དུ་གྱུར་པ།""རྫ་ཆུ་འབྱུང་ཡུལ་དུ་སའི་གོ་ལ་ཡོངས་ཀྱི་གསའ་འཚོ་གནས་ཀྱི་ཆེས་བཟང་བོའི་ས་ཆར་གྱུར་པ།" "འབྲོག་པ་ཞིག་གི་ཁོར་ཡུག་བརྩེ་དུང"སོགས་ཀྱི་ཆ་འཕྲིན་ཇེ་མང་དུ་གྱུར།

"སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང"ནི་ཡུས་ཧྲུའུ་མིའི་ངོས་འཛིན་མཐུན་པར་གྱུར་པས། ཡུས་ཧྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ཇེ་བཟང་དུ་གྱུར།

        སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་རེ་རེ་བེད་སྤྱོད་བྱས་པ་དང་།སྐྱེ་ཁམས་ཀྱི་གྲུབ་འབྲས་རེ་རེ་ཐོབ་པ།ཡངས་ཤིང་ཆེ་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐེངས་རེ་རེའི་མཆོང་བརྒལ་བྱས་པ།

        ང་ཚོས་ཡུས་ཧྲུའུ་ཡི་གནམ་སྔར་ལས་སྔོན་པོ་དང་རི་བོ་སྔར་ལས་ལྗང་བ།ཆུ་སྔར་ལས་གཙང་བ།སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་སྡུག་ཏུ་འགྱུར་རྒྱུར་ཡིད་ཆེས་ཡོད་པ་རེད།།

              གནམ་མཚོས་བསྒྱུར། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1