མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་འབྲེལ་མཚམས་གནས་སུ་འཁོད་པའི་མདོ་ལ་རྫོང་ནི། མཚོ་སྔོན་གྱི་"བྱང་སྒོ་ཆེན་མོ"སྟེ་གནའ་བོའི་དར་གོས་ཚོང་ལམ་བརྒལ་སའི་རྫོང་གི་མངའ་ཁོངས་ཡིན་ལ། ཡུལ་ལྗོངས་ལྟ་ན་སྡུག་ཅིང་གནམ་གཤིས་མིའི་སེམས་ཁམས་ལ་འཕྲོད་པ་དང་། མི་ཚུལ་ལོ་རྒྱུས་གཏིང་ཟབ་པ། རང་བྱུང་མཛེས་ལྗོངས་ངོ་མཚར་ཆེ་ཞིང་བརྗིད་ཆགས་པ་ཞིག་ཡིན། རང་བྱུང་ཐོན་ཁུངས་ལེགས་པོའི་རང་སྤུས་དང་ས་ཁམས་མིང་བྱང་གི་ལེགས་བབ་ལ་བརྟེན་ནས་མདོ་ལ་རྫོང་ཧུར་ཐག་ཆེན་པོས་རྒྱལ་ཁབ་ཀྱི"བརྒྱུད་གཅིག་ལམ་གཅིག"དང"སྐྱེ་ཁམས་དཔལ་ཡོན"གྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་མཉམ་འདྲེས་བྱས་ཏེ། མཚོ་བྱང་གི"ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ"འཛུགས་སྐྲུན་བྱེད་པ་ལ་བརྟེན་ནས"གསལ་བར་བརྒྱན་པ་དང་། མཛེས་པར་བཟོ་བ། ལྗང་འགྱུར་གཏོང་བ། གཙང་འགྱུར་བཟོ་བ"བཅས་གནད་དུ་བཟུང་སྟེ། འཆར་གཞི་མཐོ་ས་ནས་མགོ་འཛུགས་པ་དང་འབྲེལ་ལམ་དུ་མ་ནས་དངུལ་གཏོང་བ། ཚད་གཞི་མཐོན་པོའི་འཛུགས་སྐྲུན་བྱས་ཏེ། "ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་སུ། སྔ་ཕྱིར་མ་དངུལ་དུང་ཕྱུར་སུམ་ཅུར་ཉེ་བ་ཞིག་བཏང་ནས་རྨང་གཞིའི་དགོས་ཆས་འཛུགས་སྐྲུན་ཤུགས་ཆེར་གཏོང་བར་ཞུགས་ཏེ། "མི་སྡོད་པར་འཚམ་པ་དང་། འཕེལ་རྒྱས་གཏོང་བར་འཚམ་པ། ལས་སྒོ་གསར་འབྱེད་བྱེད་པར་འཚམ་པ"བཅས"འོས་འཚམ་གསུམ་གྱི་གྲོང་རྡལ"གསར་སྐྲུན་བྱེད་པ། ཆུ་གློག་དྲོད་གསུམ་དང་། སྐུད་ཡོད་བརྙན་འཕྲིན། འཕྲིན་སྐྱེལ་བཅས"དྲ་བ་ལྔ"ལག་ལེན་དུ་བསྒྲུབས་པ་མངོན་འགྱུར་བྱུང་ཞིང་འབྲེལ་ཡོད་ཀྱི་ཆ་བསྒྲིགས་སྒྲིག་ཆས་ཀྱང་སྔར་ལས་འཐུས་ཚང་དུ་གྱུར་པ་དང་གྲོང་རྡལ་ཅན་དུ་འགྱུར་ཚད52.54%ལ་བསླེབས། ཁོར་ཡུག་མཛེས་པར་བརྒྱན་པ་དང་། ཞབ་འདེགས་ཆུ་ཚད་གོང་འཕེལ་བྱུང་བ། གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་བཏང་བ་བཅས་ཀྱིས་རྣམ་པ་གསར་བའི་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་མི་འདྲ་བར་གྱུར་ཏེ། གྲོང་ཁྱེར་གྱི་ཟོང་རྟགས་གྲགས་ཅན་མཐོར་འདེགས་བྱུང་བ་དང་གྲོང་གསེབ་ཀྱི་མང་ཚོགས་སྡོད་པའི་ཁོར་ཡུག་ཇེ་ལེགས་སུ་བཏང་།
མདོ་ལ་རྫོང་གིས"ཡུལ་ལྗོངས་ཧྲིལ་བོའི་རྣམ་པ་གསར་སྐྲུན་དང་། ཕྱོགས་མཚམས་ཧྲིལ་བོར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཡོངས་ལ་ཞུགས་པ། དུས་ཚིགས་ཧྲིལ་བོ་ཉམས་ཞིབ་བྱེད་པ། ཐོན་ལས་ཡོངས་འཕེལ་རྒྱས་གཏོང་བ། ལྗོངས་ཁུལ་ཧྲིལ་བོ་དོ་དམ་བྱེད་པ"བཅས་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་ལྟར། འཁྱགས་ཀློང་དང་། གྲོག་རོང་། དཀན་གཟར་ཆེ་བའི་བྲག་དམར། མཐོ་སྒང་གི་ནགས་ཀླུང་། ས་ཞིང་དང་ལྡུམ་རའི་སྐྱེད་ཚལ། རི་མཐོ་འབྲོག་ས་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་བབ་ལ་གཞི་བཅོལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཡུལ་སྐོར་ཐོན་ལས་ཀྱི་བཀོད་ཁྱབ་ཇེ་ལེགས་སུ་བཏང་སྟེ། ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་གྱི་བྱེད་སྒོའི་རྣམ་པ་གསར་སྐྲུན་བྱེད་པ། ཡུལ་སྐོར་གྱི་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།གོམ་ཁ་བསྒྱུར་ན་ཉམས་ལྗོངས་བཀོད་གཞན་མཐོང་ཐུབ་པའི་རྫོང་ཁོངས་ཀྱི་ལྗོངས་ཁུལ་ཆེན་མོ་ཧུར་ཐག་གིས་གསར་སྐྲུན་བྱེད་པ།"མདོ་ལ་གཡུ་ཡི་མེ་ལོང"རྩྭ་ཐང་གི་ཁུལ་ཡོངས་ཡུལ་སྐོར་དཔེ་རྣམ་གསར་བ་འཚོལ་ཞིབ་བྱེད་པ། "བརྒྱུད་གཅིག་ལམ་གཅིག"གི་འཐབ་ཇུས་བཀོད་ཁྱབ་ཁྲོད"ཁྱོན་ཡོངས་བཞི"ལག་ལེན་མཐར་ཕྱིན་བྱེད་པ། "འགྱུར་ལྡོག་བཞི"སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས"ནན་ནན་ཏིག་ཏིག་བཞི"ལག་ལེན་མཐར་ཕྱིན་བྱས་ནས་དོན་འཁྱོལ་བྱེད་པའི་གལ་ཆེ་བའི་བླང་བྱའི་རྒྱུན་ཚུལ་གསར་བའི་འོག་གནས་ཐིག་གཏན་ཁེལ་གསར་བ་བཀོད་འཛུགས་བྱེད་པ་དང་ཕྱོགས་མཚམས་གཏན་འཁེལ་བྱས་ཏེ།ཕྱོགས་དུ་མ་ནས་འཕེལ་རྒྱས་གཏོང་བའི་གོམ་སྟབས་གསར་བ་སྤོས། ཁུལ་ཡོངས་ཡུལ་སྐོར་སྐུལ་འདེད་གཏོང་ཆེད། ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་གྱི་ཟོང་རྟགས་གྲགས་ཅན་སྦྱོང་བརྡར་བྱས་ནས་གནས་ཚད་གསར་བ་བཙུགས།
ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་རྫོང་གསར་འཛུགས་བྱེད་པའི་བྱེད་སྒོ་གོམ་པ་བརྟན་པོས་སྐུལ་འདེད་གཏོང་ཆེད། མདོ་ལ་རྫོང་གིས་རང་ལ་གནོན་ཤུགས་བསྣན་ནས"རྒྱུ་རྐྱེན་གཙོ་བོ་ཧྲིལ་བོ་དང་། ལས་རིགས་ཧྲིལ་བོ། བརྒྱུད་རིམ་ཧྲིལ་བོ། ཕྱོགས་མཚམས་ཧྲིལ་བོ། དུས་དང་བར་སྟོང་ཧྲིལ་བོ། སྤྱི་ཚོགས་ཧྲིལ་བོ། སྡེ་ཁག་ཧྲིལ་བོ། སྤྲོ་གསེང་གཏོང་མཁན་ཧྲིལ་བོ"བཅས་རིམ་ངོས་བརྒྱད་ཀྱི་ཐད་ནས་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་དོན་འཁྱོལ་བྱས་ཏེ། 《མདོ་ལ་ཡུལ་སྐོར་འཕེལ་རྒྱས་སྤྱིའི་འཆར་འགོད》བཟོ་བཅོས་བྱེད་པ་དང་། 《ཁུལ་ཡོངས་ཡུལ་སྐོར་འཆར་འགོད》བཟོ་བའི་བྱ་བ་མགོ་བརྩམས་ནས་འགག་གཏོར་དཀའ་ངལ་ཁྱད་བསད་བྱས། མཁར་དམར་དེ་ཡུལ་སྐོར་ཞབས་འདེགས་ཞུ་སའི་གྲོང་རྡལ་དང་། ཨ་རིག་དང་མུ་རི་གཉིས་དམངས་སྲོལ་ཉམས་ཞིབ་བྱེད་སའི་ཞང་དང་། པ་པོ་གྲོང་རྡལ་དེ་ཡུལ་སྐོར་འགྲོལ་ས་དང་འགྲོ་ས་ཡིན་པ། རྫ་དམར་དང་། འབྲོང་ལུང་། གཡང་ལུང་ཞང་གསུམ་ག་གླིང་སྣེའི་ས་ཁུལ་གྱི་ཉམས་ཞིབ་ཞང་ཡིན་པ་བཅས་ཀྱི་ཁུལ་ཡོངས་ཡུལ་སྐོར་བཀོད་ཁྱབ་ཀྱི་བསམ་ཕྱོགས་གསལ་བོར་ཕྱེ་བ། དུས་མཚུངས་སུ"ཡུལ་སྐོར་གྱིས་སྣེ་ཁྲིད་དེ་འཆར་འགོད་སྣ་མང་མཉམ་འདྲེས་བྱེད་པའི"འདུ་ཤེས་ལ་བརྟེན་ནས་རྫོང་གི་ནགས་ལས་དང་། ཆུ་བེད། ས་ཞིང་། གྲོང་རྡལ་སོགས་རིགས་སོ་སོའི་ཆེད་དོན་འཆར་འགོད་སྡེབ་སྒྲིག་བྱས་ཏེ། འབྲེལ་ཡོད་འཆར་འགོད་སོ་སོར"གཞི་གཅིག་ཏུ་སྦྲེལ་ནས"དུས་ཡུན་རིང་བོར་ཡུལ་སྐོར་འཕེལ་རྒྱས་གཏོང་བའི"སྲིད་ཇུས་དང་། མ་དངུལ། ས་ཞིང"བཅས་དཀའ་གནད་གསུམ་གྱི་ཚད་བཟུང་ཐག་གཅོད་བྱས་ཤིང་། མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་ལ་ཡང་ཕྱོགས་ཧྲིལ་བོ་ནས་རྒྱབ་སྐྱོར་བྱས་ཏེ། "ཡུལ་སྐོར་ཆེན་པོ་དང་ཐོན་ལས་ཆེན་པོའི"དམིགས་ཡུལ་མངོན་འགྱུར་ཡོང་བར་རམ་འདེགས་སྒོ་ནས་སྐུལ་འདེད་བྱས།
"ཁྱིམ་ར་གཅིག་དང་། ལམ་ཐིག་གསུམ། ཁྱམས་ལམ་གསུམ། བྲག་ལེབ་གསུམ"གྱི་གྲུབ་སྟངས་གསར་སྐྲུན་བྱེད་པར་དམིགས་ནས། མདོ་ལ་རྫོང་གིས་ཡུལ་སྐོར་གྱི་རྨང་གཞིའི་དགོས་ཆས་འཛུགས་སྐྲུན་ཤུགས་སྣོན་བྱེད་པ་དང་། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་བ། མདོ་ལ་གཡུ་ཡི་མེ་ལོང་དེ"མཛེས་སྡུག་ལྡན་པའི་མཚོ་སྔོན"དུ་སྙན་གྲགས་རྒྱས་ཚད་དང་ཤུགས་རྐྱེན་ནུས་པ་གོང་འཕེལ་བཏང་སྟེ། ཧུར་ཐག་གིས་ཡུལ་སྐོར་སྤྲོ་གསེང་ལས་རིགས་ཉིད་ཀ་ཆེན་ལྟ་བུའི་ཐོན་ལས་སུ་གསར་སྐྲུན་བྱས།"ལྗོངས་ཁུལ་ཁུལ་ཡོངས་མཉམ་འགུལ་དང་། ཐོན་རྫས་ཁུལ་ཡོངས་ལེགས་འགྱུར། ལམ་ཐིག་ཁུལ་ཡོངས་གཅིག་གྱུར་འཆར་འགོད། ཟོང་རྟགས་ཁུལ་ཡོངས་སྡེབ་སྒྲིག"བཅས་ཀྱི་འདུ་ཤེས་ལ་བརྟེན་ནས། རྫོང་གི་མངའ་ཁོངས་ཀྱི་འགྲིམ་འགྲུལ་དང་། སྤྲོ་གསེང་ལྟ་སྐོར་དང་ཉོ་སྒྲུབ། སྦྲག་སྲིད་ཞབས་ཞུ། ཁོར་ཡུག་སྲུང་སྐྱོང་། དགོས་ཆས་བདེ་སྲུང་སོགས་མཐོར་འདེགས་དང་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེ་བའི་ཡུལ་སྐོར་སྤྲོ་གསེང་མཁན་ལ་བདེ་འཇགས་དང་། བདེ་བགྲོད། སྟབས་བདེ་ཡིན་པ་བཅས་ཀྱི་འགྲིམ་འགྲུལ་གྱི་ཁོར་ཡུག་དང་ཡུལ་སྐོར་མི་ཚུལ་ཁོར་ཡུག་འདོན་སྤྲོད་བྱས། ལས་གཞིའི་མ་དངུལ་ཁྲི་ཚོ7700ཙམ་འདྲེན་གཏོང་བྱས་ནས་རྫོང་མོ་གླིང་ག་སྤྱི་གླིང་དང་། འཁྱགས་ལུང་སྒར་འདེབས་གཞི་ས། དུང་སོ་རི་བོ་སོགས་ལྗོངས་ཁུལ་ལས་གཞིའི་འཛུགས་སྐྲུན་བྱ་བ་མགོ་བཙུགས་ཤིང་། མ་དངུལ་ཁྲི་ཚོ1000ལྷག་བཏང་ནས་གླུ་བྲོའི་ཟློས་གར《མདོ་ལ་གཡུ་ཡི་མེ་ལོང》སོགས་ཀྱི་འཁྲབ་རྩལ་ལེ་ཚན་ཁྱབ་སྤེལ་བཏང་བ། མ་དངུལ་ཁྲི་ཚོ6750བཏང་ནས་མི་རིགས་རིག་གནས་གློག་བརྙན་འཕྲིན་ལྟེ་གནས་འཛུགས་སྐྲུན་བྱས་པ། དར་གོས་གནའ་ལམ་ཨུ་བྷོག་གྲོང་རྡལ་དུ་མ་དངུལ་ཁྲི་ཚོ558བཏང་ནས་ཨུ་བྷོག་གནའ་གྲོང་དང་། དངོས་མང་འགྲེམ་སྟོན་ཁང་། ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཅས་འཛུགས་གྲུབ་བྱུང་། མ་དངུལ་ཁྲི་ཚོ4000ལྷག་བཏང་ནས་གཅིག་བསྡུས་སྒོ་རྩིས་ཚོང་ར་དང་། ཟས་མཆོག་གྲོང་། འཁོར་ལྷས། དལ་ཁོམ་ཐང་ཆེན་བཅས་གཞི་གཅིག་ཅན་དང་། ལོ་རེར་ཡུལ་སྐོར་མགྲོན་པོ་བརྒྱད་སྟོང་ལྷག་སྣེ་ལེན་བྱེད་སའི་ཡུལ་སྐོར་མགྲོན་པོ་ཞབས་ཞུ་ལྟེ་གནས་འཛུགས་གྲུབ་བྱུང་ནས་འཁོར་སྐྱོད་ཚོང་གཉེར་བྱས། མ་དངུལ་ཁྲི་ཚོ5731བཏང་ནས་མཚོ་སྔོན་ཞིང་ཆེན་ཡོ་རོབ་རིག་གནས་ཉམས་ཞིབ་དང་ཡོ་རོབ་ཟས་མཆོག་བྲོ་བར་གཟིགས་པའི་ཡོ་རོབ་ཁྱད་ཆོས་ལྡན་པའི་སུའེ་ཙེར་ཡུལ་སྲོལ་བག་ཆགས་ཁྲོམ་སྲང་ཐོག་མ་འཛུགས་གྲུབ་བྱུང་ཞིང་། ཁྲོམ་སྲང་དེ་ཉིད་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་གྱི་གསལ་ཆ་གསར་བར་བརྩིས་ཏེ་སྟོབས་ཤུགས་ཡོད་རྒུས་གསར་སྐྲུན་བྱས་ནས། དེ་ཉིད་རིག་གནས་ཀྱི་ནང་དོན་ཞིབ་ཆ་ཕུན་སུམ་ཚོགས་ལ་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པ། ཐུན་མོང་མ་ཡིན་པའི་ཡོ་རོབ་གླིང་གི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་གནས་ཚད་གསར་བ་དང་གྲོང་ཁྱེར་འདུ་གནས་མགྲོན་ཚོམས་སུ་གྱུར། འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་འཁོར་སྐྱོད་ཚོང་གཉེར་བྱས་པའི་རིང་ནས། ཞིང་ཆེན་ཕྱི་ནང་དང་རྒྱལ་ཕྱི་ནང་གི་སྐུ་མགྲོན་མི(ཐེངས)ཁྲི་ཚོ140ལྷག་སྣེ་ལེན་བྱས་ཤིང་། མ་དངུལ་དུང་ཕྱུར་སྒོར1.34བཏང་སྟེ་ཤར་ཕྱོགས་སུའེ་ཙེར་ཆུའི་འཇིག་རྟེན་དང་། མ་དངུལ་སྒོར་དུང་ཕྱུར2ལྷག་བཏང་སྟེ་ཀྲུང་གོའི་གཏེར་ལྔ་སྐར་ལྔ་རིམ་པའི་མདོ་ལ་མགྲོན་ཁང་ཆེན་མོ་གཉིས་འཛུགས་གྲུབ་བྱུང་ནས་འཁོར་སྐྱོད་ཚོང་གཉེར་བྱས་པ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་དང་། དཔེ་སྟོན་ཁུལ་འཛུགས་སྐྲུན། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་རྡལ་བཅས་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་ནས་དེ་དག་འགག་རྩར་བཟུང་སྟེ། རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་དང་། རྒྱལ་ཁབ་རིམ་པའི་དལ་ཁོམ་སྤྲོ་གསེང་ཁུལ། རྒྱལ་ཁབ་རིམ་པའི་སྐྱེད་ཚལ་གྲོང་རྡལ་གསར་འཛུགས་བྱ་བ། རྒྱལ་ཁབ་རིམ་པའི་དཔལ་ཡོན་གྲོང་རྡལ་གསར་འཛུགས་བྱེད་སྒོ་བཅས་ཀྱི་ཡིག་ཚགས་མགྱོགས་མྱུར་ངང་ལེན་པ་སྐུལ་འདེད་བྱས།
"སྐྱེ་ཁམས་ལ་བརྟེན་པའི་རྫོང"རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ། མདོ་ལ་རྫོང་གིས"ཡུལ་སྐོར་ཆེན་མོའི"འདུ་ཤེས་ལ་བརྟེན་ནས"ཡུལ་སྐོར་དར་འཕེལ་ཆེ་བའི་རྫོང"སྐུལ་འདེད་བྱས་ཏེ། ཡུལ་སྐོར་སྤྲོ་གསེང་ལས་རིགས་དང་ཐོན་ལས་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས། འབྲོག་ལས་ཀྱི་གཏིང་གནས་ལེགས་བབ་སྔོག་འདོན་བྱེད་པ་དང་འཕེལ་རྒྱས་མྱུར་ཤུགས་ཆེ་བའི་ཡུལ་སྐོར་ལས་རིགས་ལ་བརྟེན་ནས"འབྲོག་ལས+ཡུལ་སྐོར"གཏིང་ཟབ་ཏུ་འདྲེས་པར་སྐུལ་སྤེལ་བྱས་ཏེ། སོ་ནམ་རིག་གནས་དང་། ཕྱུགས་རིགས་སྤོ་འཚོའི་རིག་གནས། ཐོན་ལས་རིག་གནས། དམངས་སྲོལ་རིག་གནས་བཅས་ཀྱི་དུས་རབས་ཀྱི་ནང་རྒྱས་དོན་སྤྱི་གནང་ཞིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས"མདོ་ལ་རི་བོའི་འདབས་ཀྱི་འབྲོག་ས་བཟང་བོ"ཞེས་པའི་སྲོལ་རྒྱུན་རིག་གནས་ཀྱི་ཕྱུགས་རིགས་སྤོ་འཚོའི་ཟོང་རྟགས་གྲགས་ཅན་གསར་དུ་བསྐྲུན་པ་དང"ཕྱུགས་རིགས་སྤོ་འཚོའི་དཔལ་འབྱོར"སྐུལ་འདེད་བྱས། "གླིང་ག་གཅིག"(རྒྱལ་ཡོངས་དེང་རབས་སྤྲོ་འཆམ་ལྟ་སྐོར་ཕྱུགས་རིགས་སྤོ་འཚོའི་དཔེ་སྟོན་གླིང་ག)དང་། "ཁུལ་གཉིས"(རྒྱལ་ཡོངས་དལ་ཁོམ་ཞིང་ལས་དང་ཞིང་གྲོང་ཡུལ་སྐོར་དཔེ་སྟོན་ས་ཁུལ)དང་། "རང་བྱུང་ཡུལ་ལྗོངས་ས་རྒྱུད་ལྔ"(ཤར་གྱི་ཨུ་བྷོག་དང་ཨ་རིག་རྩྭ་ཐང་ཡུལ་ལྗོངས་དམངས་སྲོལ་རིག་གནས་ཡུལ་སྐོར་ས་རྒྱུད་དང་། དབུས་ཀྱི་རྫོང་ལྟེ་བ་བྱས་པའི་དུང་སོ་རི་བོ་དང་བཙུན་མོ་སྒང་བསྐོར་བའི་དལ་ཁོམ་ཞིང་ལས་རང་བྱུང་ཡུལ་ལྗོངས་ཡུལ་སྐོར་ས་རྒྱུད། ལྷོ་ཡི་མུ་རིའི"སྣ་རྟ་མོལ"འདུ་ཚོགས་ལྟེ་བ་བྱས་པའི་རྩྭ་ཐང་ཡུལ་སྲོལ་ཡུལ་སྐོར་ས་རྒྱུད་དང་། ཞིང་ཁུལ་པ་པོ་དང་རྫ་དམར་འགག་དལ་ཁོམ་ཞིང་ལས་དང་གྲོང་སྡེ་ཡུལ་སྐོར་ས་རྒྱུད། ནུབ་ཀྱི་འབྲོང་ལུང་དང་གཡང་ལུང་དལ་ཁོམ་འབྲོག་ལས་དང་རང་བྱུང་ཡུལ་ལྗོངས་ས་རྒྱུད།)དང་།"ས་ཚིགས་བཅུ"(རྩྭ་ཐང་ས་ཚིགས་བཅུ་དང་དལ་ཁོམ་ལྟ་སྐོར་དཔེ་སྟོན་བཅུ)བཅས་ཐོག་མར་འཛུགས་གྲུབ་བྱུང་བར་མ་ཟད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ཕྱུགས་འབྲོག་ར་གཉིས་ལ་བསྟོད་སྐུལ་དང་རོགས་སྐྱོར་སྣེ་ཁྲིད་བྱས་པ་དང་། མི་ཚང་ཆེན་པོ་འདེབས་གསོ་བྱེད་པར་ཧུར་ཐག་གིས་ཞུགས་པ། ཤུགས་ཆེན་པོས་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་གཏོང་བ། ཉམས་ཞིབ་བྱེད་ཚུལ་གྱི་བྱེད་སྒོ་གསལ་སྤེལ་བྱེད་པ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་ཡོང་བ་སྐུལ་འདེད་བཅས་བྱས།
མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧན་ཞང་ཧོས་ཀྱི་བསམ་ཚུལ་ལྟར་ན། གོམ་གང་མདུན་སྤོས་ཀྱི་སྒོ་ནས་མདོ་ལའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་སྔར་ལས་ལྷག་པའི་སྒོ་ནས་རིག་གནས་དང་ཡུལ་སྐོར་གཉིས་ཟབ་སར་མཉམ་དུ་འདྲེས་པ་མངོན་འགྱུར་འབྱུང་དགོས་ན། ཆབ་སྲིད་ཀྱི་ལངས་གནས་གོང་འཕེལ་གཏོང་བ་དང་། ལས་འགན་འཁུར་བ་ཤུགས་ཆེར་གཏོང་བ། མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ལྗོངས་ཁུལ་ཧྲིལ་བོའི་ཡུལ་སྐོར་གྱི་མཉམ་འགུལ་གཅིག་མཐུན་མ་ལག་གསར་བ་སྒྲིག་འཛུགས་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་གསོ་སྐྱོང་བྱེད་པ། ནན་ནན་ཏིག་ཏིག་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་ཆེན་པོ་ལེགས་པར་སྒྲུབ་པ། "མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ"རྒྱུན་འཁྱོངས་བྱེད་པ། ཆེས་ལེགས་པའི་སྐྱེ་ཁམས་ཁོར་ཡུག་སྤྱད་ནས་ཆེས་བཟང་བའི་མ་དངུལ་གཏོང་མཁན་འགུག་པ་བཅས་ཀྱིས་གྲོང་གསེབ་ཀྱི་མི་སེར་རྣམས་ལ་སྐྱེ་ཁམས་ཁོར་ཡུག་བཟང་བོ་བསྐྲུན་པའི་དགེ་མཚན་ཕུན་སུམ་ཚོགས་པ་མཉམ་རོལ་བྱེད་དུ་བཅུག་སྟེ། རི་ལྗང་ཆུ་དྭངས་དེ་གསེར་དངུལ་རི་ལས་ལྷག་པ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས། ལྗོངས་ཁུལ་ཧྲིལ་བོའི་ཡུལ་སྐོར་འཛུགས་སྐྲུན་ཁྲོད་ཧུར་ཐག་ཆེན་པོས"མདོ་ལའི་རྒྱུ་རྐྱེན་གཙོ་བོ"འདྲེས་སུ་འཇུག་པ་དང་། གསལ་ཆེ་ས་གྲུབ་པར་བྱེད་པ། ལམ་གསར་བ་འཚོལ་ཞིབ་བྱེད་པ། "གང་སར་ལྗོངས་ཁུལ་ཡིན་པ་དང་དུས་རྟག་པར་ལྗོངས་རྒྱུ་པ་ལ་འཚམ་པ"ཡི་ལྗོངས་ཁུལ་ཧྲིལ་བོའི་དཔེ་རྣམ་གསར་བ་བསྐྲུན་ནས། མཚོ་སྔོན་ཡུལ་སྐོར་ལས་རིགས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འདྲ་བཟོ་བྱས་ཆོག་པ་དང་ལེགས་འགྲུབ་ཉམས་མྱོང་རྒྱ་ཁྱབ་ཏུ་སྤེལ་ཆོག་པའི་བགྲོད་ལམ་གསར་བ་ཞིག་འདོན་སྤྲོད་བྱེད་དགོས།
སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཡུལ་སྐོར་གཏིང་ཟབ་ཏུ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་དང་མཚམས་བརྒལ་མཉམ་འདྲེས་མངོན་འགྱུར་འབྱུང་ཆེད། མདོ་ལ་རྫོང་གིས་ཚུལ་ལྡན་སྐྱེ་ཁམས་དང་། བདེ་འཇགས་སྐྱེ་ཁམས། གཞི་ཁྱོན་ཆེར་བསྐྱེད། ཟོང་རྟགས་གསར་བཟོ། ཁྱད་ཐོན་དངོས་རྫས། ལྗོངས་ཁུལ་གྱི"ཐོན་ལས་ཧེ་བག་ཚད་དང་། ཟོང་རྟགས་གྲགས་ཆེ་ཚད། སྐུ་མགྲོན་གྱི་ལྷག་བསམ་དཀར་ཚད། ཚོང་རའི་སྙན་གྲགས་རྒྱས་ཚད"བཅས་ཀྱི་ཚད་བཞིའི་འགྲན་རྩོད་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དུས་སྟོན་བྱེད་སྒོ་དང་མི་རིགས་རིག་གནས་ལས་སྟེགས་བྱས་ཏེ། དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་བྱེད་པ། ཡོང་ཁོངས་མང་བ། གཞི་འཛིན་ས་མང་བ། རིམ་པ་ཟབ་པ། ཕྱོགས་དུ་མ་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས། མདོ་ལ་རི་བོའི་རྩྭ་ཐང་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གནའ་བོའི་དར་གོས་འགྲུལ་ལམ་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་ཅིང་། ཉེ་འཁོར་གྱི་སྤུན་ཟླ་མི་རིགས་སྡོད་སའི་གྲོང་ཁྱེར་དང་རྗོང་དང་ཁུལ་བཅས་ལ་མཐུན་སྦྱོར་མཉམ་ལས་བྱེད་པར་ཡང་འབྲེལ་འདྲིས་དམ་པོ་བྱེད་པ། སྤེལ་རེས་ཤུགས་སྣོན་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྐུལ་འཁྲིད་བྱེད་པ། ས་ཁོངས་ཀྱི་ཡུལ་སྐོར་འཕྲོ་ཤུགས་མངོན་པ། གོང་གང་མདུན་སྤོས་ཀྱིས་དཔལ་འབྱོར་དང་། རིག་གནས། ལུས་རྩལ། ཡུལ་སྐོར་སྤྲོ་གསེང་ལས་རིགས་བཅས་དུས་གཅིག་ཏུ་སྒྲུབ་པར་སྐུལ་ཁྲིད་བྱེད་པ། རིག་གནས་ཡུལ་སྐོར་གཏིང་ཟབ་སྒོས་མཉམ་འདྲེས་དང་མཚམས་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཕན་ཆེ་བའི་ཚོད་ལྟ་དང་འཚོལ་ཞིབ་འདི་ཉིད་རྩྭ་ཐང་དུ་མེ་ཏོག་བཞད་པ་དང་མཚུངས་པར་ས་ཕྱོགས་ཀུན་ཏུ་དྲི་བསུང་རྒྱས་ཏེ། རྫོང་གི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཟང་བོའི་ཕྱོགས་སུ་སྐུལ་འདེད་གཏོང་བར་ནུས་ཚད་གསར་བ་བླུགས་ནས་སྒུལ་ཤུགས་གསར་བ་བྱུང་བས། ཡང་སྐྱེ་ཁམས་ཡུལ་སྐོར་དེ་འཆམ་མཐུན་ཅན་གྱི་མདོ་ལ་གསར་བའི་གསར་དར་ཆེན་མོ་ཞིག་གི་སྲོག་ཤིང་ཐོན་ལས་སུ་གྱུར།
"ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་སུ། མདོ་ལ་རྫོང་གིས་སྔ་ཕྱིར་བསྡོམས་པས་ཡུལ་སྐོར་མི་གྲངས་ཐེངས517.98སྣེ་ལེན་བྱས་ཤིང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར12.93མངོན་འགྱུར་བྱུང་བ་དང་། བྱེ་བྲག་ཏུ"ལོ་ལྔའི་འཆར་གཞི་བཅུ་གཅིག་པའི"སྐབས་ཀྱི་ལྡབ5.02དང་ལྡབ8.56བཅས་ཡིན། 2017ལོའི་ཟླ1-9བར་ཁྱོན་བསྡོམས་ཡུལ་སྐོར་མགྲོན་པོ་མི་གྲངས་ཐེངས་ཁྲི་ཚོ184.9སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར6.75མངོན་འགྱུར་བྱུང་ཞིང་། ལོ་སྔོན་མར་བསྡུར་བའི་འཕར་ཚད20.4%ནས53%ཡིན། ལོ་མཇུག་ཏུ་སླེབས་དུས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་བདུན་ལ་སླེབས་ཤིང་། ཕལ་ཆེར་རྫོངས་ཡོངས་ཀྱིGDPཡི25%ཟིན་ཡོད། མིག་སྔའི་བར། རྫོང་ཡོངས་སུ་བསྡོམས་པས་མགྲོན་ཁང124(དེའི་ནང་སྐར་རིམ་ཅན་གྱི་མགྲོན་ཁང15ཡོད)ཡོད་པ་དང་། ཁྱིམ་ཚང་མགྲོན་ཁང350ཡོད། ཞིང་འབྲོག་སྤྲོ་སྐྱིད་གླིང108(དེའི་ནང་སྐར་རིམ་ཅན་གྱི་ཞིང་འབྲོག་སྤྲོ་སྐྱིད་གླིང30ཡོད)ཡོད། ཉལ་ཁྲིའི་གྲངས་ཀ136000ལས་བརྒལ་བ་དང་། ཡུལ་སྐོར་ཚོང་རྫས་གཉེར་སྐྱོང་ཁྱིམ་ཚང180ཡོད། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལས་སྒྲུབ་པ་མི10958ལ་སླེབས་ཡོད་ཅིང་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི2090ཟིན། དུས་མཚུངས་སུ་ནུས་པ་ཐོན་པའི་སྒོ་ནས་ཁྱིམ་ཚང་མགྲོན་ཁང་དང་། ཞིང་འབྲོག་སྤྲོ་སྐྱིད་གླིང་། རྩྭ་ཐང་ས་ཚིགས། མདོ་ལའི་ཟས་མཆོག ཁྱད་ཆོས་ལྡན་པའི་བཟའ་བཏུང་ལས་རིགས་སོགས་ཡུལ་སྐོར་ཐོན་ལས་སྦྲེལ་བ་རྒྱ་བསྐྱེད་པ་དང་རྒྱུན་བསྲིང་བར་སྐུལ་ཁྲིད་བྱས། རིག་གནས་ཡུལ་སྐོར་གཏིང་ཟབ་ཏུ་འདྲེས་ནས་འཕེལ་རྒྱས་བྱུང་བའི་ལེགས་གྲུབ་ཀྱི་ཉམས་ཞིབ་དེས། མདོ་ལའི་མི་སེར་རྣམས་སྔར་བས་བློ་བརྟན་འགྱུར་མེད་སྒོས་ཕྱུག་འགྱུར་ལམ་དུ་བསྐྱོད་པ་དང་འབྱོར་འབྲིང་ཕྱོགས་སུ་བགྲོད་པའི་དད་མོས་དང་ཆོད་སེམས་བཅངས།
མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལུང་ཡོང་ཧྲིན་གྱིས་སེམས་ཚོར་ཟབ་མོ་ཡོད་པའི་སྒོ་ནས་གསུངས་རྒྱུར། དུས་རབས་གསར་བར་རྒྱང་སྐྱོད་ཀྱི་ལམ་གསར་བ་ཕྱེ་དགོས་ལ་གོ་སྐབས་གསར་བའང་དེའི་ཁོངས་སུ་འདུ་སྟེ། ཕྱོགས་ཡོངས་ནས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། ཆུ་དྭངས་རི་ལྗང་གི་མདོ་ལ་གསར་བ་ལྟ་སྐྱོང་བྱེད་པའི་ཁྲོད་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་སྣེ་ཁྲིད་བྱས་ནས། ཁྱོན་ཡོངས་ནས་ཁུལ་ཡོངས་ཡུལ་སྐོར་གྱི་དུས་རབས་ཀྱི་དོན་སྤྱི་གནད་དུ་འཕིགས་པར་དམ་འཛིན་བྱེད་པ། ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཕུགས་ཀྱི་དོན་སྙིང་དང་དངོས་ཡོད་ནུས་པ་ངོས་ཟིན་གང་ལེགས་བྱེད་པ། རྒྱལ་ཁབ་འཐབ་ཇུས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་བྱེད་པ། དམིགས་ཡུལ་ཆེན་པོ་འཛིན་པའི་གནས་བབ་ཆེན་པོའི་ངོས་ནས་མདོ་ལ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་སྔོག་འདོན་བྱེད་པའི་བགྲོད་ལམ་གསལ་བོ་ཡིན་པ་དང་། མཛེས་སྡུག་ལྡན་པའི་མདོ་ལ་དང་བདེ་སྐྱིད་ལྡན་པའི་མདོ་ལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ནུས་ཤུགས་འབུལ་དགོས།
(བསམ་གྲུབ་ཀྱིས་བསྒྱུར།)