"ཞིབ་བཤེར་གསུམ་དང་ཁག་ཐེག་གསུམ"རྒྱ་ཆེར་སྤེལ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་དང་ལྟ་སྐུལ་འགན་འཁྲི་བདའ་འདེད་བྱེད་པའི"སྤྱི་ལེ་མཐའ་མ་གཅིག་པུ"རྨང་ནས་ཐག་གཅོད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


          མཚོ་ཤར་མཁར་གྲོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁྱབ་ཁོངས་ཀྱིས་གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། ཉེ་བའི་ལོ་ཤས་རིང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མང་ཚོགས་རང་ཐོག་གི་ཁེ་ཕན་ལ་གནོད་སྐྱེལ་བའི་དཔེར་འོས་གནད་དོན་དག་ནན་ཏན་གྱིས་བསྒྲུབས་ཤིང་།དབྱེ་ཞིབ་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ལག་བསྟར་བྱེད་པའི་གནད་ཆེའི་གནད་དོན18སྤྱི་སྡོམ་བྱས་པ་དང་། ལོ་གསུམ་གྱི་དུས་ཚོད་སྤྱད་ནས་དབུལ་སྐྱོར་ཁྱབ་ཁོངས་ནང"འགན་འཁྲི་ཞིབ་བཤེར་བྱས་ཏེ་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་ཏན་བྱེད་པ་དང་། རུལ་སུངས་ཞིབ་བཤེར་བྱས་ཏེ། དབུལ་སྐྱོར་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་ནན་ཏན་བྱེད་པ། སྤྱོད་ཚུལ་ཞིབ་བཤེར་བྱས་ཏེ། རིམ་པ་སོ་སོའི་ལས་བྱེད་ཀྱིས་ལྷག་བསམ་སྒོས་ལས་འགན་བསྒྲུབ་པར་ཁག་ཐེག་ནན་ཏན་བྱེད་པ་བཅས"ནང་དོན་གཙོ་བོར་འཛིན་པའི"ཞིབ་བཤེར་གསུམ་དང་འགན་ལེན་གསུམ"གྱི་ཆེད་དོན་བྱེད་སྒོ་རྒྱ་ཆེར་སྤེལ་བའི་སེམས་ཐག་བཅད།

        ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐད་ནས་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་ནན་པོ་བྱས་ནས་འགན་འཁྲི་བདའ་འདེད་བྱས་ཏེ། འགན་མི་འཁུར་བ་དང་ལས་མི་བྱེད་པའི་གནད་དོན་ལ་ཆེད་དོན་གཙང་བཅོས་རྒྱ་ཆེར་སྤེལ་ཞིང་། བསྡོམས་པས་གནད་དོན་གྱི་ཁུངས་སྣེ61རྙེད་ནས་ཚང་མ་ཞིབ་དཔྱད་ཐག་གཅོད་བྱས། ནན་ནན་ཏིག་ཏིག་སྒོས"ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་ཤུགས་ཆེར་གཏོང་བ་དང་གནད་འཕིགས་དབུལ་སྐྱོར་སྲུང་སྐྱེལ་བྱེད་པའི"ཆེད་དོན་འགུལ་སྐྱོད་རྒྱ་ཆེར་སྤེལ་ནས། དབུལ་སྐྱོར་ཁྱབ་ཁོངས་ལས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན54ཙམ་གྱི་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཏང་ཁྲིམས་དང་སྲིད་ཁྲིམས་ཐོག་ནས་ཆད་པ་བཅད་པའི་མི105དང་།བརྡ་ཁྱབ་ཐོག་ནས་བྱུང་བའི་ཐེར་འདོན་ཐེངས18དང་། དོན་དག98དང་།མི125ཡོད། ཞིང་ཆེན་ཡོངས་ཀྱི"མཉམ་འབྲེལ་དྲ་རྒྱ+སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ+དབུལ་སྐྱོར་གནད་འཕིགས"བཅས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་ཐོག་མ་འཛུགས་སྐྲུན་བྱས་ཤིང་། བསྡོམས་པས་འབྲེལ་ཡོད་ཆ་འཕྲིན་གྲངས་ཚན་ཆེན་མོ378དང་དོན་ཚན་ཁྲི་ཚོ400འབེབ་འཇུག་བྱས་པ་དང་། ལྟོས་བསྡུར་ལས་རྒྱུན་སྲོལ་དང་མི་འདྲ་བའི་ཆ་འཕྲིན་དོན་ཚན15086བྱུང་བ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་དབུལ་སྐྱོར་ལས་བྱེད་དག་གིས་སྲོལ་འགལ་སྒྲིག་འགལ་བྱས་པ་དང་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དོན་ཚན308གསལ་རྟོགས་བྱུང་ནས་བསྒྲུབ་རྒྱུར་སྤྲད།"1+6"དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་ཞིབ་རྒྱ་ཆེར་སྤེལ་ནས། རྫོང་ཁག6གི་ཞིང་དང་གྲོང་རྡལ34དང་རྫོང་གི་ཐད་གཏོགས་སྡེ་ཁག24ལ་གནད་དོན་གྱི་དོན་ཚན1286དག་ཐེར་དང་ལེགས་བཅོས་བྱེད་དགོས་པ་སྐུལ་འདེད་བྱས་ཤིང་། ལས་བྱེད་ཀྱི་སྤྱོད་ཚུལ་གནད་དོན་སྐོར་གྱི་གནས་ཚུལ47ཙམ་གྱོད་དོན་གཅོད་རྒྱུ་རྩིས་སྤྲོད་བྱས།

        མཚོ་ཤར་ནི་ཞིང་ཆེན་ཡོངས་ཀྱི་ཞིས་ལས་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཏེ། ཞིང་སྡེའི་མི་གྲངས་བསྡུར་ཚད་ཚབས་ཆེ་ཞིང་དབུལ་ཚད་ཟབ་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་གཞི་རིམ་གྱི"རུལ་སུངས་ཕྲན་བུའི"གནས་ཚུལ་ཡང་སྐབས་རེར་འབྱུང་བཞིན་ཡོད་པས། མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁྱབ་ཁོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འདུག་གནས་མཐོར་འདེགས་བཏང་བ་དང་།ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ། སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱེད་པ། དུས་ཚོད་ཀྱི་མཚམས་གནད་ལ་འཕིགས་པའི་སྒོ་ནས་དམ་འཛིན་བྱས་ཏེ། དུས་ཡུན་ལོ་གསུམ་གྱི"ཞིབ་བཤེར་གསུམ་དང་འགན་ལེན་གསུམ"གྱི་ཆེད་དོན་གཙང་བཅོས་རྒྱ་ཆེར་སྤེལ་བ་དང་། གྲོང་རྫོང་ཞང་སྡེ་བཅས་ཀྱི་རིམ་པ་བཞི་ཡིས་མཉམ་འགུལ་དཔུང་བསྡེབས་ནས། རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གི་དབུལ་སྐྱོར་བྱ་བའི་འགན་འཁྲི་གཙོ་བོ་དང་། ལས་རིགས་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ལྟ་སྐུལ་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པར་ཤུགས་མི་འདོན་པ་དང་གཏན་འབེབས་ཀྱི་གནས་སུ་མི་སླེབས་པའི་གནད་དོན་དག་རྩད་ཞིབ་ཐག་གཅོད་བྱས་པ། དབུལ་སྐྱོར་ཁྱབ་ཁོངས་ལ་འགན་མི་འཁུར་བ་དང་ལས་མི་བྱེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས། དེ་མིན་རུལ་སུངས་ཀྱི་གནད་དོན་སོགས་རྩད་ཞིབ་ཐག་གཅོད་བྱས། དཔེར་འོས་གནད་དོན་ཁག་ཅིག་གསལ་རྟོགས་བྱུང་བ་རྩད་ཞིབ་ཐག་གཅོད་བྱེད་ཐུབ་པ་དང་། མངོན་གསལ་ཆེ་བའི་གནད་དོན་ཁག་ཅིག་དག་ཐེར་དང་ལེགས་བཅོས་བྱས་པ། ཚད་དང་མཐུན་པའི་སྒྲིག་སྲོལ་ལམ་ལུགས་ཁག་ཅིག་འཛུགས་སྐྲུན་བྱས་པ། དབུལ་སྐྱོར་སྲིད་ཇུས་ཀྱི་ཚད་དུ་སླེབས་པ་དང་། ལག་བསྟར་གནད་དུ་འཕིགས་པ་བྱུང་བ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་རྩ་བའི་ཆ་ནས་བཀག་སྡོམ་བྱས་པ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་ཡིད་ཚིམ་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་།

        མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ལྟ་སྐུལ་སྡེ་ཁག་གི་ཀྲུའུ་རིན་ཕེང་ཧྥིན་གྱིས་གསུངས་དོན། དབུལ་སྒྲོལ་འགག་གཏོར་ནི་དམག་འཐབ་དྲག་པོ་ཞིག་ཡིན་ལ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་ལས་བྱེད་རྣམས་ཀྱི་བསམ་བློ་དང་ཆབ་སྲིད་ཐད་ཀྱི་ཆུ་ཚད་ཚོད་བགམ་བྱས་ཡོད། དབུལ་སྐྱོར་མ་དངུལ་དང་ལས་གཞིའི་ལྟ་སྐུལ་ཤུགས་སྣོན་བྱེད་པ་དང་།དབུལ་སྐྱོར་ཁྲོད་གནད་དོན་གསལ་རྟོགས་བྱུང་བ་དང་ཐག་གཅོད་བྱེད་པ་དེ་མྱུ་གུའི་རྣམ་པ་ལྟ་བུའི་དུས་མགོར་གནས་པ། ལས་བྱེད་ཀྱིས་སྒྲིག་འགལ་སྲོལ་འགལ་བྱས་པའི་གནད་དོན་སྔ་མོ་ནས་ཤེས་རྟོགས་བྱུང་བ་དང་སྔ་མོ་ནས་དྲན་སྐུལ་བྱེད་པ། ལས་བྱེད་ཀྱིས་ནོར་འཁྲུལ་ཉུང་ངུ་ཙམ་ལས་མི་བཟོའམ་གཏན་ནས་མི་བཟོ་བ་ཁག་ཐེག་ནན་ཏན་བྱེད་པ། དུས་མཚུངས་སུ་རྒྱུ་ནོར་ལྐོག་ཟ་དང་གཞན་བཀོལ་བྱེད་པ། རྒྱུན་བཅད་ལྐོག་བགོས་བྱེད་པ་སོགས་ཀྱི་སྤྱོད་ཚུལ་ཤེས་རྟོགས་བྱུང་ན་ཉེས་ཆད་དྲག་པོ་གཅོད་རྒྱུ་ལས་གུ་ཡངས་མི་གཏོང་བ། དབུལ་སྒྲོལ་འགག་གཏོར་ཁྲོད་མང་ཚོགས་ཀྱིས་བསམ་འཆར་མང་བོ་བཏོན་པའི་ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས། མི་བདེན་རྫུན་སྒྲིག་གི་སྣང་ཚུལ་དག་ནན་ཏན་སྒོས་ཐག་གཅོད་བྱས་ཏེ། དབུལ་སྒྲོལ་འགག་གཏོར་ལ་སྒྲིག་ཁྲིམས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

        "ཞིབ་བཤེར་གསུམ་དང་ཁག་ཐེག་གསུམ"གྱི་ཆེད་དོན་བྱེད་སྒོ་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོའི་གནད་དུ་འཛིན་པ། ཁུངས་སྣེ་ལ་ཁྲིམས་གཅོད་ཤུགས་སྣོན་བྱེད་པ། ཞིབ་བཤེར་ཞིབ་ཚགས་དང་རྩད་གཅོད་ནན་ཏན་བྱས་ནས་གྱོད་དོན་ཞིབ་དཔྱོད་བྱེད་པའི་སྤུས་ཚད་གོང་འཕེལ་གཏོང་བ། གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱས་ནས་ཞིབ་ཚགས་ཅན་གྱི་དོ་དམ་དང་ལྟ་སྐུལ་མངོན་འགྱུར་བྱུང་བ། སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་ཀྱི་ནུས་ཤུགས་འཛུགས་སྐྲུན་ཤུགས་སྣོན་བྱས་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་བྱེད་པའི་ནུས་ཤུགས་ཆུ་ཚད་མཐོར་འདེགས་གཏོང་བ། དུས་མཚུངས་སུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་གཏུག་བཤེར་དང་ཐེར་འདོན་གོང་ཞུ་བྱེད་སའི་གེགས་མེད་རྒྱུ་ལམ་ལམ་ལུགས་དང་། མྱུར་ཞིབ་མྱུར་སྒྲུབ་ལམ་ལུགས། རྫོང(ཁུལ)དང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གི་རིམ་སྤར་ཞིབ་གཅོད་ལམ་ལུགས། གནད་དོན་ཁུངས་སྣེ་ལྟ་སྐུལ་སྤྱི་འདོམས་ལམ་ལུགས། ཞང་གི་ཟླ་རེའི་སྙན་ཞུ་དང་རྫོང(ཁུལ)གི་དུས་ཚིགས་སྙན་ཞུ་ལམ་ལུགས། འཐུས་ཚང་བརྡ་ཁྱབ་ཐེར་འདོན་ལམ་ལུགས་བཅས་འཛུགས་སྐྲུན་བྱས་ནས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་འོག་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་བྱེད་པ་དང་། འགན་འཁྲི་བདའ་འདེད་བྱེད་པ། ལྟ་སྐུལ་ཞིབ་དཔྱོད་ཆད་གཅོད་བྱེད་པ་བཅས་ཤུགས་ཆེར་གཏོང་དགོས།

        ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་སྙན་ཞུ་ལས་བསྟན་རྒྱུར། མཐའ་གཅིག་ཏུ་དབུལ་སྒྲོལ་འགག་གཏོར་བྱེད་པའི་དམག་འཐབ་ཀྱི་རྒྱལ་ཁ་བླངས་ཏེ། 2020ལོར་སླེབས་དུས། རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གི་ཞིང་སྡེ་དབུལ་ཕོངས་མི་གྲངས་ཀྱིས་དབུལ་སྒྲོལ་མངོན་འགྱུར་བྱུང་བ་དང་དབུལ་ཕོངས་རྫོང་ཡོངས་ཀྱིས་ཞྭ་མོ་ཕུད་ནས། མངའ་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་སྒྲོལ་ཐག་གཅོད་བྱས་པ་དང་། དབུལ་ཕོངས་ངོ་མ་སྒྲོལ་བར་བྱེད་པ། དབུལ་ཕོངས་ལས་དངོས་སུ་སྒྲོལ་བར་བྱེད་པ་བཅས་བསྒྲུབ་ཐུབ་དགོས། "ཞིབ་བཤེར་གསུམ་དང་འགན་ལེན་གསུམ"གྱི་ཆེད་དོན་བྱེད་སྒོ་རྒྱ་ཆེར་སྤེལ་བ་ནི་མཚོ་ཤར་གྱི་གསར་སྐྲུན་བྱེད་ཐབས་ཤིག་ཏེ། མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་གྱི་མཁར་གྲོང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་བྱེད་པའི་དངོས་དོན་གཉེར་བའི་བྱེད་ཐབས་ཤིག་ཡིན་པས།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལག་བསྟར་དང་ལྟ་སྐུལ་འགན་འཁྲི་བདའ་འདེད་བྱེད་པའི"མཇུག་མཐའི་སྤྱི་ལེ་གཅིག་པུ"འབད་བརྩོན་གྱིས་རྨང་ནས་ཐག་གཅོད་བྱེད་དགོས།       (བསམ་གྲུབ་ཀྱིས་བསྒྱུར།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1