འབྲི་སྟོད་ཀྱི་ཐོན་ལས་དབུལ་སྐྱོར་སྐས་རིམ་གསར་བ་ཞིག་ཏུ་བུད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        འབྲི་ཆུ་འབྱུང་ཡུལ་གྱི་རྫོང་དང་པོ་འབྲི་སྟོད་རྫོང་ནི་རྒྱལ་ཡོངས་སུ་འཚོ་གནས་ཁོར་ཡུག་ཆེས་ངན་པའི་ས་ཁུལ་ཞིག་ཡིན་པས། རྒྱང་ཐག་རིང་བ་དང་གནམ་གཤིས་གྲང་ངར་ཆེ་བ།དབུལ་ཕོངས་རྒྱ་ཁྱོན་ཆེ་ཞིང་དབུལ་ཕོངས་མི་འབོར་མང་བས་རྒྱལ་ཁབ་ཀྱིས་གཙོ་བོར་བཟུང་ནས་དབུལ་སྐྱོར་བྱེད་པའི་རྫོང་ཞིག་ཡིན། འབྲི་སྟོད་རྫོང་གིས་དོན་དངོས་ལྟར"སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ"གྱི་དབུལ་ཐར་དམིགས་ཡུལ་གཏན་འཁེལ་བྱས་ཏེ། ས་གཞན་དུ་སྤོ་བ་དང་སྐྱེ་ཁམས་གནས་སྤོ་ཡུལ་མིའི་གཏན་སྡོད།ཉེན་ཁང་རྒྱུད་བཀོད།སྡོད་ཁང་སྐྱོ་ཁུལ་སོགས་ཀྱི་ལས་གཞི་བྱས་ནས་ཁྱིམ་ཚང་རེ་རེ་ལ་སྡོད་ཁང་ཡོད་པ་དང་།སྲིད་གཞུང་གིས་སྨན་བཅོས་དང་སློབ་གསོའི་མ་དངུལ་སྟེར་བ།བྱིས་པ་རེ་རེ་སློབ་གྲྭར་འགྲོ་ཐུབ་པ་དང་མི་ཚང་མས་ནད་ལྟ་ཐུབ་པར་གྱུར།

ཁྱད་ཆོས་ལྡན་པའི་ཐོན་ལས་ལ་བརྟེན་ནས་དབུལ་ཐར་བྱེད་པའི་འགྲོ་ལམ་ཇེ་ཡངས་སུ་གཏོང་བ།

        དགུན་ཁ་ང་ཚོས་འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་ར་བར་ཐོན་དུས་ར་བའི་ནང་གི་ཁེ་ལས་ཀྱིས་གྲང་ངར་ཆེ་བའི་དབང་གིས་ལས་ཀ་མཚམས་འཇོག་མེད་པ། སྒ་སྐྱ་ལོ་དམངས་ཕན་མི་རིགས་གྱོན་ཆས་མ་རྐང་ཚད་ཡོད་ཀུང་སིའི་ལས་སྣོན་འཁོར་ཁང་ནང་དུ་ལོ་ན37ལོན་པའི་ཚེ་རྡོ་ཡིས་གྱོན་ཆས་ཚེམ་བུ་བྱེད་ཞོར་དུ་ལས་བཟོ་པ་གསར་བར་བོད་ལྭའི་གོང་བ་ལས་པར་མཛུབ་སྟོན་བྱེད་བཞིན་ཡོད།ཚེ་རྡོ་ཀུང་སི་འདིར་ཡོང་ནས་ལོ་གཉིས་འགོར་སོང་བས་དགེ་རྒན་ཞིག་ཏུ་གྱུར།ཟླ་རེའི་གཏན་འཇགས་ཟླ་ཕོགས2000ལྷག་ཡོད་པ་དང་། དེའི་ཐོག་ལས་རྗེས་ཟླ་ཕོགས་བསྣན་ན་ཟླ་རེར་ཆ་སྙོམས་ཟླ་ཕོགས3500ཙམ་ཡོད།

        ཟླ་འདིར་ཀུང་སིས་ཚེ་རྡོ་ལ་ལས་བཟོ་པ་ཕུལ་བྱུང་བྱ་དགའ་མ་དངུལ་སྒོར7000བྱིན།ཚེ་རྡོ་ཡིས་དགའ་འོས་ཀྱིས་བཤད་རྒྱུར། "འདིར་ཤིན་ཏུ་བདེ་བ་དང་ཟླ་རེར་ཟླ་ཕོགས་ལེན་ཐུབ་པས་ཁྱིམ་ཚང་གི་འཚོ་བ་ལེགས་བཅོས་བྱས་སོང་།ཕྱིན་ཆད་ངས་མུ་མཐུད་དུ་བྱ་བ་ནན་ཏན་བྱས་ནས་དེ་ལས་མང་བའི་སྒོར་མོ་ལེན་རྒྱུའི"ཟེར།

        ལས་སྣོན་འཁོར་ཁང་གི་ཉེ་འདབས་སུ་གསོ་སྦྱོང་ལྟེ་གནས་ཡིན།ལན་ཀྲོའུ་ནས་གདན་འདྲེན་ཞུས་པའི་དགེ་རྒན་ལེའུ་ཡུན་ཧྥ་ཡིས་སློབ་མ་རྣམས་ལ་གྱོན་ཆས་ཀྱི་དཔེ་དབྱིབས་ཇུས་འགོད་ཁྲིད་བཞིན་ཡོད།སློབ་མ་དབང་གྲགས་ནི་དེའི་ནང་གི་གཅིག་ཡིན།ཁོ་ད་ལོར་ལོ་ན19ལོན་པ་ཡིན།ཁོའི་ཁྱིམ་ཚང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་གྱི་སྐེད་ཚལ་སྡེ་བར་བསྡད་འདུག་ཅིང་ སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཀྱང་ཡིན།སློབ་འབྲིང་ནས་མཐར་ཕྱིན་བྱས་རྗེས་ཀུང་སི་འདིར་ཡོང་ནས་གསོ་སྦྱོང་ནང་དུ་ཞུགས།གསོ་སྦྱོང་སྐབས་སུ་ཁོ་ལ་ཟླ་རེར་ཟླ་ཕོགས1000བྱིན་པ་རེད།2017ལོར་སྒ་སྐྱ་ལོ་དམངས་ཕན་མི་རིགས་གྱོན་ཆས་མ་རྐང་ཚད་ཡོད་ཀུང་སིས་མི100ལྷག་གསོ་སྦྱོང་བྱས་པ་དང་།དེའི་ནང་དུ་དབང་གྲགས་ལྟ་བུ་ཡིན་པའི་དབུལ་ཕོངས་ཁྱིམ་ཚང་གི་མི61ཡོད།འབྲི་སྟོད་རྫོང་གི་དབུལ་སྐྱོར་ཐོན་ལས་ར་བས་གྱོན་ཆས་ཚེམ་བུ་མ་གཏོགས་ཡུལ་ཐོན་ཁྱད་ཆོས་ཐོན་རྫས་ལས་སྣོན་དང་།ཤུལ་བཞག་མིན་པའི་རྒྱུན་འཛིན།  རྡོ་ཡ་མཚན་ཅན་ལས་སྣོན།གློག་ཚོང་སྟེགས་བུ་སོགས་ཀྱི་ཁེ་ལས19ལྷག་གཉེར་བ་རེད།ཁོ་ཚོས་སྔར་ལས་མང་བའི་དབུལ་ཕོངས་ཁྱིམ་ཚང་སྣེ་ཁྲིད་དེ་ཐོན་ལས་གོང་དུ་སྤེལ་བས།ཡངས་ཤིང་ཆེ་བའི་རྩྭ་ཐང་དུ་དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་བྱེད་པའི་ཐབས་ལམ་ཞིག་བཙལ་བ་རེད།

ཞིང་ཕྱུགས་ལས་ལ་བརྟེན་ནས་དབུལ་སྐྱོར་བྱས་པ།

        ཕྱུགས་ལས་ནི་འབྲི་སྟོད་རྫོང་གི་ཐོན་ལས་གཙོ་བོ་ཡིན།འབྲི་སྟོད་རྫོང་ཕྱུགས་ལས་གོང་དུ་སྤེལ་བའི་ཐད་གཞན་ལ་མེད་པའི་ལེགས་ཆ་ལྡན་ཡོད་དེ། རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི387ཡོད་པ་དང་།དེའི་ནང་དུ་བེད་སྤྱོད་བྱེད་ཆོག་པའི་རྩྭ་ཐང་སྤྱི་ཆིང་ཁྲི191ཡོད།འདས་པའི་ལོ་གཅིག་ནང་འབྲི་སྟོད་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་དོ་དམ་དང་བདག་གཉེར་ལ་དག་ཐེར་དང་ཚད་ལྡན་དུ་བཏང་བས།ཚད་དང་མི་མཐུན་པའི་མཉམ་ལས་ཁང་མང་བོ་བུད་ཅིང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང28དང་།ཁྱིམ་ཚང་ཕྱུགས་ར་དང་ཕྱུགས་གསོ་ཁྱིམ་ཆེན37གསར་དུ་བཙུགས་ཡོད།རྫོང་སྲིད་གཞུང་གིས་དེའི་ཐད་ཆེད་དོན་མ་དངུལ་ཁྲི800ལྷག་བཏང་བས། འབྲི་ཆུ་ཞང་ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ན་ནིང་ལོ་གཅིག་ནང་དུ་ཁེ་བགོ་སྒོར་ཁྲི70.7ལོན་པ་རེད།

        2014ལོར་འབྲི་ཆུ་ཞང་ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས།འདི་ནི་འབྲི་སྟོད་རྫོང་གི་ཚད་དང་མཐུན་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གཅིག་པུ་རེད།མཉམ་ལས་ཁང་འདིས་ཐང་ཁ་སྡེ་བའི་ཁྱིམ་ཚང276དང་འབྲོག་པ1148ཡོད་པའི་རྩྭ་ཐང་དང་ཕྱུགས་ཟོག་ཚང་མ་མ་རྐང་ནང་དུ་བཞག་ནས་གཅིག་གྱུར་རྩྭ་ས་རེས་སྐོར་བྱས་ཏེ། སྔོན་ཆད་ཀྱི་འབྲོག་པའི་ཐར་ཐོར་ཕྱུགས་གསོའི་སྒྲུབ་སྟངས་གཏོར་བས་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

        ཕྱུགས་ལས་གཙོ་བོར་བྱས་ཏེ་ཞིང་ལས་ཆུང་བ་འདེབས་པ་བྱས།2015ལོར་འབྲི་སྟོད་རྫོང་གིས་རྒྱལ་ཁབ་ཡུལ་འབྲེལ་བའི་ཆེས་དབུལ་ཕོངས་ས་ཁུལ་གྱི་རྣམ་གྲངས་ལ་བརྟེན་ནས་མ་དངུལ་སྒོར་ཁྲི200བཏང་ནས་རྫོང་མཁར་བྱང་ཆུས་ཀྱི་ཆུ་ནག་ཐང་དུ་དྲོད་ཁང་ཆེན་པོ10བཙུགས། འདིའི་ནང་གི8ནི་དབུལ་ཕོངས་སྡེ་བ8ལ་བྱིན་ནས་སྡེ་བའི་ཐུན་མོང་གི་ཐོན་ལས་བྱས་ཤིང་། གཞན་པ2ནི་ཚོད་མ་འདེབས་ས་རེད། གསོ་སྦྱོང་ཐོབ་པའི་དབུལ་ཕོངས་ཁྱིམ་ཚང་གིས་སྡེ་བའི་དྲོད་ཁང་ཆེན་པོའི་འདེབས་དབང་ལ་རེ་འདུན་ཞུ་ཆོག ལོ་རེར་དབུལ་ཕོངས་ཁྱིམ་ཚང5ཡིས་བདག་གཉེར་བྱེད་པ་དང་། ཕྱི་ལོར་དབུལ་ཕོངས་ཁྱིམ་ཚང་གཞན་པས་འདེབས་འཛུགས་བྱ་ཆོག

        སྡོམ་རྩིས་བྱས་པ་ལྟར་ན། དྲོད་ཁང་ཆེན་པོ་རེར་ལོ་རེར་ཐེངས་གསུམ་འདེབས་པ་རེད། ཐེངས་རེའི་སྒོར་མོ་ཁྲི3ནས་ཁྲི5ཐོབ་ལ། ལོ་རེར་མི་རེའི་ཆ་སྙོམས་སྒོར1500ཐོབ་པ་རེད། ལས་གཞི་དེས་ཡུལ་མི་རྣམས་ཀྱིས་ཚོད་མ་གསར་བ་ཟ་བ་མ་ཟད། ཡོང་སྒོ་མང་པོ་འཕར་བ་རེད།

ངལ་རྩོལ་པ་ཕྱིར་བཏང་ནས་འབྲོག་པས་རང་རང་གི་ནུས་པ་འདོན་སྤེལ་བྱས་པ།

        ན་ནིང་གི་ཟླ10བར་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་གྱིས་མ་དངུལ་སྒོར་ཁྲི8བཏང་ནས་ངལ་རྩོལ་པ་ཕྱིར་གཏོང་ས་ཚིགས་བཙུགས། སྐད་འཕྲིན་སྟེགས་བུར་བརྟེན་ནས་འབྲོག་པ་རྣམས་ཀྱིས་མི་སྤྱོད་སྡེ་ཚན་དང་འབྲེལ་འདྲིས་བྱས། རྒྱལ་རྗེ་ཕོ་བྲང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཝེ་ཧྥིན་གྱིས་གསར་འགོད་པར་ངལ་རྩོལ་པ་ཕྱིར་གཏོང་བྱེད་པའི་སྐད་འཕྲིན་ཚོམས་བཙུགས་ཏེ། ལག་ཁྱེར་སྐད་འཕྲིན་ཕྱེ་ན་འབྲོག་པ་ལས་བཟོ་པའི་ཚོམས་དང་ཞབས་ཞུ་པའི་ཚོམས། ཨར་ལས་ལས་ཡུལ་གྱི་ཚོམས། ཁྱིམ་སྲུང་གི་ཚོམས་སོགས་ཡོད། མིག་སྔར་འབྲི་སྟོད་རྫོང་འབྲོག་པ་ལས་བཟོ་པའི་ཚོང་རའི་རིན་གོང་ནི་ཟླ་རེར་སྒོར་མོ3000ཡིན། དགུན་ཁ་སླེབས་དུས་གསོ་སྤེལ་ཁྱིམ་ཆེན་གྱིས་རྫོང་མཁར་རམ་ཟི་ལིང་དུ་དགུན་སྐྱེལ། ཁོ་ཚོས་ས་དེ་གའི་འབྲོག་པ་གླས་ནས་ནོར་ལུག་ལྟ་སྐྱོང་བྱས་པས།  དབུལ་ཕོངས་ཁྱིམ་ཚང་གིས་གོ་སྐབས་འདི་བཟུང་ནས་ཡོང་སྒོ་འཕར་བཞིན་ཡོད་པ་རེད།ངལ་རྩོལ་ཕྱིར་གཏོང་བྱེད་པར་བརྟེན་ནས་སྟེགས་བུ་བཙུགས་ཏེ་སྔར་ལས་མང་བའི་དབུལ་ཕོངས་ཁྱིམ་ཚང་གིས་རང་རང་གི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།།(རྩེ་ཁོག་རྫོང་བོན་བརྒྱ་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭ   རྡོ་བྷ་ཚེ་རིང་།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1